TTDL-ZABTER-10-THA-055: Difference between revisions

From Dudjom Wiki
TTDL-ZABTER-10-THA-055
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༁ྃ༔    དེ་ནས་སྣང་སྲིད་མེ་ཞགས་གཅོད་པ་ནི༔  ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  མཁའ་འགྲོ་སྡེ་ལྔའི་སྤྲུལ་པ་འགྱེད༔  ཡང་སྤྲུལ་འབུམ་ཕྲག་མཁའ་འགྲོ་སྟེ༔  སྐུུ་ལས་མེ་རླུང་ཐུན་མཚོན་འཕྲོས༔  གཟུང་འཛིན་གཉིས་ཀྱིས་བསྡུས་པ་ཡི༔  ནང་དང་གནོད་པ་རྐྱེན་བར་ཆད༔  དམིགས་མེད་སྤྲོས་བྲལ་དབྱིངས་སུ་གཅོད༔  ཀུན་འབྱུང་མ་རིག་འཁྲུལ་པའི་གདོན༔  ཡུལ་མེད་ཟང་ཐལ་ཆེན་པོར་གཅོད༔  དུག་གསུམ་ལས་བྱུང་སྲི་བགེགས་རྣམས༔  ཆོས་དབྱིངས་མཐའ་བྲལ་ངང་དུ་བསྐྲད༔  ཕཊ་ཕཊ་ཕཊ༔  ཅེས་མེ་ཞགས་གཅོད་པའི་མཁའ་འགྲོ་མ་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་མེ་ཞགས་འཕྲོས་པས་སྣང་སྲིད་འཇིག་རྟེན་གཟུང་འཛིན་གཉིས་སྣང་གི་རྟོག་པ་དང་དེར་བྱུང་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་ཟང་ཐལ་རྗེན་པ་རིག་སྟོང་སོ་མའི་གཤིས་ལུགས་མ་བཅོས་རྒྱ་ཡན་ཅོག་བཞག་ཆེན་པོའི་ངང་དུ་མཚམས་གཅོད་པར་བསམ་ཞིང་༔  ཧཱུྃ༔  ཡེ་ནས་འདུ་འབྲལ་མེད་པ་སྟེ༔  ཡེ་ཤེས་ལྔ་ཡི་དྲྭ་བ་འཁྲིགས༔  རྣམ་རྟོག་མཚན་མར་འཛིན་པའི་འདྲེ༔  དམིགས་མེད་དབྱིངས་སུ་མཚམས་བཅད་དོ༔  ཞེས་བརྗོད་པས་ཕྱི་ཡེ་ཤེས་ལྔ་ཡི་གུར་ཁང་༔  ནང་ལུས་ལྷ་ཡི་ཕྱག་རྒྱ༔  གསང་བ་རིག་སྟོང་ཡེ་ཤེས་ཀྱི་གནས་ལུགས་ཆེན་པོ་རང་ངོ་འཕྲོད་པར་བྱ་ཞིང་དམིགས་མེད་ཀྱི་ངང་དུ་འཇོག་པར་བྱའོ༔  དེས་ནི་བར་ཆད་རྐྱེན་སྣང་བཟློག༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  ཨྠིྀ༔  ཞེས་པ་འདི་ཉིད་སྐྱེས་མཆོག་བློ་ཆོས་ཀྱི་བཞེད་སྐོང་དུ་ཀློང་ཆེན་དགྱེས་པའི་རྡོ་རྗེས་བྲིས་པ་དགེའོ།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=10
|volumeLetter=THA
|textnuminvol=055
|pdflink=File:TTDL-ZABTER-10-THA-055.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-10-THA
}}
<h1>Tibetan Text</h1>
<onlyinclude>
{{TibP|༁ྃ༔    དེ་ནས་སྣང་སྲིད་མེ་ཞགས་གཅོད་པ་ནི༔  ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  མཁའ་འགྲོ་སྡེ་ལྔའི་སྤྲུལ་པ་འགྱེད༔  ཡང་སྤྲུལ་འབུམ་ཕྲག་མཁའ་འགྲོ་སྟེ༔  སྐུུ་ལས་མེ་རླུང་ཐུན་མཚོན་འཕྲོས༔  གཟུང་འཛིན་གཉིས་ཀྱིས་བསྡུས་པ་ཡི༔  ནང་དང་གནོད་པ་རྐྱེན་བར་ཆད༔  དམིགས་མེད་སྤྲོས་བྲལ་དབྱིངས་སུ་གཅོད༔  ཀུན་འབྱུང་མ་རིག་འཁྲུལ་པའི་གདོན༔  ཡུལ་མེད་ཟང་ཐལ་ཆེན་པོར་གཅོད༔  དུག་གསུམ་ལས་བྱུང་སྲི་བགེགས་རྣམས༔  ཆོས་དབྱིངས་མཐའ་བྲལ་ངང་དུ་བསྐྲད༔  ཕཊ་ཕཊ་ཕཊ༔  ཅེས་མེ་ཞགས་གཅོད་པའི་མཁའ་འགྲོ་མ་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་མེ་ཞགས་འཕྲོས་པས་སྣང་སྲིད་འཇིག་རྟེན་གཟུང་འཛིན་གཉིས་སྣང་གི་རྟོག་པ་དང་དེར་བྱུང་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་ཟང་ཐལ་རྗེན་པ་རིག་སྟོང་སོ་མའི་གཤིས་ལུགས་མ་བཅོས་རྒྱ་ཡན་ཅོག་བཞག་ཆེན་པོའི་ངང་དུ་མཚམས་གཅོད་པར་བསམ་ཞིང་༔  ཧཱུྃ༔  ཡེ་ནས་འདུ་འབྲལ་མེད་པ་སྟེ༔  ཡེ་ཤེས་ལྔ་ཡི་དྲྭ་བ་འཁྲིགས༔  རྣམ་རྟོག་མཚན་མར་འཛིན་པའི་འདྲེ༔  དམིགས་མེད་དབྱིངས་སུ་མཚམས་བཅད་དོ༔  ཞེས་བརྗོད་པས་ཕྱི་ཡེ་ཤེས་ལྔ་ཡི་གུར་ཁང་༔  ནང་ལུས་ལྷ་ཡི་ཕྱག་རྒྱ༔  གསང་བ་རིག་སྟོང་ཡེ་ཤེས་ཀྱི་གནས་ལུགས་ཆེན་པོ་རང་ངོ་འཕྲོད་པར་བྱ་ཞིང་དམིགས་མེད་ཀྱི་ངང་དུ་འཇོག་པར་བྱའོ༔  དེས་ནི་བར་ཆད་རྐྱེན་སྣང་བཟློག༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  ཨྠིྀ༔  ཞེས་པ་འདི་ཉིད་སྐྱེས་མཆོག་བློ་ཆོས་ཀྱི་བཞེད་སྐོང་དུ་ཀློང་ཆེན་དགྱེས་པའི་རྡོ་རྗེས་བྲིས་པ་དགེའོ།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-10-THA-055.pdf
Location bdud 'joms gling pa zab gter
Volume 10, Text 55, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༁ྃ༔ དེ་ནས་སྣང་སྲིད་མེ་ཞགས་གཅོད་པ་ནི༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ མཁའ་འགྲོ་སྡེ་ལྔའི་སྤྲུལ་པ་འགྱེད༔ ཡང་སྤྲུལ་འབུམ་ཕྲག་མཁའ་འགྲོ་སྟེ༔ སྐུུ་ལས་མེ་རླུང་ཐུན་མཚོན་འཕྲོས༔ གཟུང་འཛིན་གཉིས་ཀྱིས་བསྡུས་པ་ཡི༔ ནང་དང་གནོད་པ་རྐྱེན་བར་ཆད༔ དམིགས་མེད་སྤྲོས་བྲལ་དབྱིངས་སུ་གཅོད༔ ཀུན་འབྱུང་མ་རིག་འཁྲུལ་པའི་གདོན༔ ཡུལ་མེད་ཟང་ཐལ་ཆེན་པོར་གཅོད༔ དུག་གསུམ་ལས་བྱུང་སྲི་བགེགས་རྣམས༔ ཆོས་དབྱིངས་མཐའ་བྲལ་ངང་དུ་བསྐྲད༔ ཕཊ་ཕཊ་ཕཊ༔ ཅེས་མེ་ཞགས་གཅོད་པའི་མཁའ་འགྲོ་མ་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་མེ་ཞགས་འཕྲོས་པས་སྣང་སྲིད་འཇིག་རྟེན་གཟུང་འཛིན་གཉིས་སྣང་གི་རྟོག་པ་དང་དེར་བྱུང་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་ཟང་ཐལ་རྗེན་པ་རིག་སྟོང་སོ་མའི་གཤིས་ལུགས་མ་བཅོས་རྒྱ་ཡན་ཅོག་བཞག་ཆེན་པོའི་ངང་དུ་མཚམས་གཅོད་པར་བསམ་ཞིང་༔ ཧཱུྃ༔ ཡེ་ནས་འདུ་འབྲལ་མེད་པ་སྟེ༔ ཡེ་ཤེས་ལྔ་ཡི་དྲྭ་བ་འཁྲིགས༔ རྣམ་རྟོག་མཚན་མར་འཛིན་པའི་འདྲེ༔ དམིགས་མེད་དབྱིངས་སུ་མཚམས་བཅད་དོ༔ ཞེས་བརྗོད་པས་ཕྱི་ཡེ་ཤེས་ལྔ་ཡི་གུར་ཁང་༔ ནང་ལུས་ལྷ་ཡི་ཕྱག་རྒྱ༔ གསང་བ་རིག་སྟོང་ཡེ་ཤེས་ཀྱི་གནས་ལུགས་ཆེན་པོ་རང་ངོ་འཕྲོད་པར་བྱ་ཞིང་དམིགས་མེད་ཀྱི་ངང་དུ་འཇོག་པར་བྱའོ༔ དེས་ནི་བར་ཆད་རྐྱེན་སྣང་བཟློག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་སྐྱེས་མཆོག་བློ་ཆོས་ཀྱི་བཞེད་སྐོང་དུ་ཀློང་ཆེན་དགྱེས་པའི་རྡོ་རྗེས་བྲིས་པ་དགེའོ།།