TTDL-ZABTER-12-NA-032: Difference between revisions

From Dudjom Wiki
TTDL-ZABTER-12-NA-032
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠༠༠བརྡ་ཡིག༡༧༣མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ གཟུགས་ཕུང་སྟོང་ཉིད་དུ་སྦྱངས་པའི་གདམས་པ་ཨུ་པ་དེ་ཤ་བཞུགས༔  
{{Text
༠༠༠༠༠༠བརྡ་ཡིག༡༧༤ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༡༧༤ཚེ་རབས་དུ་མའི་ལས་སྨོན་བསོད་ནམས་ཀྱི༔ སྟོབས་དང་ལྡན་པའི་སྐྱེས་བུ་ལས་སྐལ་ཅན༔ འདུས་བྱས་ཆོས་ཀུན་སྒྱུ་མ་རྨི་ལམ་གྱི༔ ངང་ཚུལ་རྟོགས་པའི་ངེས་འབྱུང་སྟོབས་ཤུགས་ཀྱིས༔ ཀུན་ནས་བསླང་སྟེ་འཁོར་བ་བློས་དོར་ཞིང་༔ སྲིད་ལས་རབ་དབེན་འདུ་འཛི་དང་བྲལ་བའི༔ གནས་སུ་ཕྱིན་ཏེ་རྡོ་རྗེའི་བླ་མ་དང་༔ བརྒྱུད་གསུམ་རིག་འཛིན་བླ་མ་ཐམས་ཅད་དང་༔ དུས་གསུམ་རྒྱལ་དང་རྒྱལ་སྲས་རྟེན་བརྟེན་པ༔ འོད་ཕུང་ཁ་དོག་ལྔ་ལྡན་རྣམ་པ་རུ༔ ཚུར་འདུས་བླ་མ་རིགས་ཀྱི་བདག་པོར་གསལ༔ མོས་གུས་གདུང་ཤུགས་དྲག་པོའི་གདིང་བསྐྱེད་དེ༔ གསོལ་འདེབས་དབང་བཞི་བླངས་མཐར་འོད་ཞུ་ནས༔ རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས༔ ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་སྣང་བ་ཀུན༔ སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་ལྟར༔ ཆོས་ཉིད་དེ་བཞིན་ཉིད་དུ་འབྱམས་ཀླས་པའི༔ ངང་དུ་མཉམ་པར་བཞག་པ་ཀུན་གྱི་ཆིངས༔ སྐྱ་རེངས་དང་པོ་ཤར་དང་ཆབ་གཅིག་ཏུ༔ སྐད་ཅིག་ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན༔ པདྨ་དང་ནི་ཟླ་རྒྱས་གདན་སྟེང་དུ༔ རང་ཉིད་འཕགས་པ་ནམ་མཁའི་སྙིང་པོ་ནི༔ ཕྱག་གཡས་ཨུཏྤལ་སྟེང་དུ་འཁོར་ལོ་དང་༔ གཡོན་པས་སྣང་སྲིད་གསལ་བའི་མེ་ལོང་བསྣམས༔ ཡེ་ཤེས་འོད་སྐུ་འཇའ་ཚོན་སྣ་ལྔའི་ཀློང་༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱི་བརྒྱན་པར་བསྐྱེད༔ སྐུ་ཡི་ཀློང་དུ་ཐོ་ཕྱི་ཉེ་འཁོར་ནས༔ བརྟན་གཡོ་སྣོད་བཅུད་སྣང་བ་མ་ལུས་པ༔ རྒྱ་མཚོའི་ནང་དུ་གཟའ་སྐར་ཇི་བཞིན་དུ༔ གསལ་ཞིང་མངོན་གྱུར་ངང་དུ་མཉམ་པར་བཞག༔ དེ་ལྟར་ལུས་ངག་ཡིད་དང་སྣོད་བཅུད་ཀུན༔ ཁྱབ་བརྡལ་སྟོང་ཉིད་ངང་དུ་འབྱམས་ཀླས་བཞག༔ སྔ་དྲོའི་དུས་དང་བསྟུན་ཏེ་པདྨའི་སྟེང་༔ རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར༔ ཕྱག་བཞི་ཐལ་སྦྱར་བགྲང་ཕྲེང་པད་དཀར་བསྣམས༔ ཞི་འཛུམ་མཚན་དཔེས་རབ་མཛེས་སྐྱིང་ཀྲུང་བཞུགས༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་པར་གསལ༔ སྐུ་ཡི་ཀློང་དུ་རྒྱ་མཚོའི་གཟའ་སྐར་བཞིན༔ ཐོ་ཕྱི་ཉེ་འཁོར་ནས་བཟུང་རིམ་བཞིན་དུ༔ ཆུ་ཟླ་ལྟ་བུར་ཇི་བཞིན་གསལ་བྱས་ཏེ༔ མངོན་གྱུར་ངང་གནས་མཉམ་པར་བཞག་ནས་སུ༔ མཐར་ནི་འཇའ་ཚོན་ནམ་མཁའི་ཀློང་ཐིམ་ལྟར༔ ཁྱབ་བརྡལ་མཉམ་ཉིད་ཆེན་པོའི་དགོངས་པར་བཞག༔ ཉིན་གུང་དང་བསྟུན་པདྨ་ཟླ་རྒྱས་སྟེང་༔ རང་ཉིད་འཇམ་དཔལ་གཞོན་ནུ་དམར་སེར་གསལ༔ ཕྱག་གཡས་རལ་གྲི་གཡོན་པས་ཨུཏྤལ་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ ཞི་འཛུམ་མཚན་དཔེས་མཛེས་ཤིང་འོད་དུ་འབར༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་རབ་བརྒྱན་ཏེ༔ འཇའ་ཚོན་འོད་ལྔ་འཁྱིལ་བའི་ཀློང་དུ་བསྐྱེད༔ སྣོད་བཅུད་འདོད་ཡོན་སྣང་བའི་ཆོས་སོ་ཅོག༔ སྐུ་ཡི་ནང་དབྱིངས་ཉིད་དུ་འུབ་ཆུབ་པར༔ ཏིང་འཛིན་གཡོ་འགུལ་བྲལ་བ་མངོན་གྱུར་བྱ༔ མཐར་ཡང་ནམ་མཁའ་ནམ་མཁར་ཐིམ་པ་བཞིན༔ ཁྱབ་བརྡལ་འུབ་ཆུབ་ཆེན་པོར་འབྱམས་ཀླས་བཞག༔ དགོང་མོའི་དུས་དང་བསྟུན་ཏེ་འདི་ལྟར་བསྒོམ༔ པདྨ་དང་ནི་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་གསང་བདག་ཕྱག་ན་རྡོ་རྗེ་ནི༔ མཐིང་ནག་ཁྲོ་གཏུམ་ཕྱག་གཡས་རྡོ་རྗེ་དང་༔ གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས་ནས་སུ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད་པ་ལ༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བསྐྱེད༔ སྐུ་ཡི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་ནང་༔ ཐོ་ཕྱི་ཉེ་འཁོར་ནས་བཟུང་རིམ་བཞིན་དུ༔ སྣོད་བཅུད་སྣང་སྲིད་བརྟན་གཡོ་ཐམས་ཅད་ཀུན༔ རྒྱ་མཚོའི་གཟའ་སྐར་ཇི་བཞིན་ཡིད་བྱེད་ཅིང་༔ མངོན་གྱུར་ངང་ལས་མཉམ་པར་འཇོག་པ་ཡིན༔ མཚན་མོ་པདྨ་དང་ནི་ཟླ་རྒྱས་སྟེང་༔ རང་ཉིད་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་བསྣམས༔ ཞབས་གཉིས་བཙུན་མོ་རོལ་པའི་སྟབས་སུ་བཞུགས༔ ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན་པར་བསྐྱེད༔ སྐུ་ཡི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་ཀློང་༔ སྣང་སྲིད་འདོད་ཡོན་སྣང་བའི་ཆོས་རྣམས་ཀུན༔ མ་ལུས་ཁོང་ཆུབ་ཡིད་ལ་བྱས་ནས་སུ༔ མངོན་གྱུར་ངང་དུ་མཉམ་པར་འཇོག་པ་ཡིན༔ དང་པོ་ལྷ་དེ་སྤྱི་བོར་བསྒོམ་ནས་སུ༔ མཚན་སྔགས་བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད༔ ཨོཾ་བུདྡྷ་སརྦ་ཀརྦྷ་ཧྲཱིཿཔྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ གཉིས་པ་ལ༔ ཨོཾ་ཨཱཪྻ་ལོ་ཀི་ཤྭ་ར་པྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ གསུམ་པ་ལ༔ ཨོཾ་ཨཱཪྻ་མཉྩུ་ཤྲཱི་པྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ བཞི་པ་ལ༔ ཨོཾ་བོ་དྷི་སཏྭ་བཛྲ་པཱ་ཎི་པྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ ལྔ་པ་ལ༔ ཨོཾ་ཨཱཪྻ་ཏཱ་རེ་པྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བརྗོད་ལྷ་དེ་འོད་ཞུ་རང་ལ་ཐིམ༔ ལུས་ཀྱང་ལན་ཚྭ་ཆུ་རུ་ཞུ་བ་ལྟར༔ འོད་ཞུ་སྣང་ལ་རང་བཞིན་མེད་པ་རུ༔ གྱུར་པར་བསམ་སྟེ་ཡིད་ལ་མངོན་བྱེད་དེ༔ ནམ་མཁའི་ལུས་ཅན་སྟོང་གཟུགས་ཡིད་བྱེད་ངང་༔ མཉམ་པར་འཇོག་སྟེ་འཇའ་ཚོན་ཡལ་བ་བཞིན༔ བརྡལ་ཁྱབ་སྟོང་ཉིད་ངང་དུ་མཉམ་པར་བཞག༔ གནད་དེས་ལུས་ཀྱི་འཛིན་ཞེན་སྟོང་པར་ཞིག༔ གདོས་བཅས་ཕུང་པོ་སྒྱུ་མའི་ལུས་སུ་འཕོ༔ འཁོར་འདས་འུབ་ཆུབ་རོལ་པར་གདིང་ཐོབ་ཚེ༔ མྱུར་ལམ་གསང་ཆེན་འཕོ་བ་ཆེན་པོ་ཉིད༔ མངོན་གྱུར་ངང་བྱེད་འོད་གསལ་ཐོད་རྒལ་ལ༔ བརྟེན་ནས་རྩེ་གཅིག་གནད་དུ་བསྣུན་གྱུར་ན༔ འཇའ་ལུས་འཕོ་ཆེན་དྭངས་མའི་སྐུ་འགྲུབ་འགྱུར༔ ཁྲེགས་ཆོད་ལྟ་བ་རྟོགས་ཤིང་གདིང་ཐོབ་ཀྱི༔ ཐབས་མཆོག་ཟབ་མོ་འདི་ལས་ལྷག་པ་མེད༔ འདི་ལ་མ་བརྟེན་ཁྲེགས་ཆོད་གདིང་ཐོབ་དཀའ༔ གདིང་མ་ཐོབ་པའི་ཐོད་རྒལ་ལམ་ལས་གོལ༔ དེ་ཕྱིར་ཟབ་གནད་འདི་ལ་ཆེས་ཆེར་འབད༔ འབྲེལ་ཚད་རྣམ་པར་གྲོལ་པའི་ཁྱད་ཆོས་ཡིན༔ བཀའ་འདི་གནོད་སྦྱིན་ཤན་པ་ཆེན་པོས་སྲུངས༔ རྩེ་གཅིག་ཉམས་སུ་ལེན་པའི་སྐྱེས་བུ་ཡི༔ འགལ་རྐྱེན་བཟློག་ཅིང་མཐུན་རྐྱེན་འབད་མེད་སྒྲུབས༔ ལས་རྐྱེན་ངན་པའི་དབང་དུ་མ་བཏང་ཞིག༔ དམ་ཉམས་སྡིག་དྲེད་ལག་ཏུ་མ་ཤོར་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ཨྠིྀ༔ གུ་ཧྱ༔ ཞེས་པ་འདི་ཡང་རིགས་སྲས་ཀུན་བཟང་རྣམ་རྒྱལ་དང་སློབ་བུ་མངོན་དགའ་དང་ངག་དབང་ཕྲིན་ལས་དབོན་ཀུན་བཟང་བསྟན་འཛིན་རྣམས་ཀྱིས་ནན་དུ་བསྐུལ་ངོར།ཟབ་གསང་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེས་རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་གི་ཉེ་འདབས་སུ་ཆོས་ཉིད་ཀློང་གི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མངོན་པར་དགའ་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=12
|volumeLetter=NA
|textnuminvol=032
|pdflink=File:TTDL-ZABTER-12-NA-032.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-12-NA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠༠༠བརྡ་ཡིག༡༧༣མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ གཟུགས་ཕུང་སྟོང་ཉིད་དུ་སྦྱངས་པའི་གདམས་པ་ཨུ་པ་དེ་ཤ་བཞུགས༔  
༠༠༠༠༠༠བརྡ་ཡིག༡༧༤ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༡༧༤ཚེ་རབས་དུ་མའི་ལས་སྨོན་བསོད་ནམས་ཀྱི༔ སྟོབས་དང་ལྡན་པའི་སྐྱེས་བུ་ལས་སྐལ་ཅན༔ འདུས་བྱས་ཆོས་ཀུན་སྒྱུ་མ་རྨི་ལམ་གྱི༔ ངང་ཚུལ་རྟོགས་པའི་ངེས་འབྱུང་སྟོབས་ཤུགས་ཀྱིས༔ ཀུན་ནས་བསླང་སྟེ་འཁོར་བ་བློས་དོར་ཞིང་༔ སྲིད་ལས་རབ་དབེན་འདུ་འཛི་དང་བྲལ་བའི༔ གནས་སུ་ཕྱིན་ཏེ་རྡོ་རྗེའི་བླ་མ་དང་༔ བརྒྱུད་གསུམ་རིག་འཛིན་བླ་མ་ཐམས་ཅད་དང་༔ དུས་གསུམ་རྒྱལ་དང་རྒྱལ་སྲས་རྟེན་བརྟེན་པ༔ འོད་ཕུང་ཁ་དོག་ལྔ་ལྡན་རྣམ་པ་རུ༔ ཚུར་འདུས་བླ་མ་རིགས་ཀྱི་བདག་པོར་གསལ༔ མོས་གུས་གདུང་ཤུགས་དྲག་པོའི་གདིང་བསྐྱེད་དེ༔ གསོལ་འདེབས་དབང་བཞི་བླངས་མཐར་འོད་ཞུ་ནས༔ རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས༔ ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་སྣང་བ་ཀུན༔ སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་ལྟར༔ ཆོས་ཉིད་དེ་བཞིན་ཉིད་དུ་འབྱམས་ཀླས་པའི༔ ངང་དུ་མཉམ་པར་བཞག་པ་ཀུན་གྱི་ཆིངས༔ སྐྱ་རེངས་དང་པོ་ཤར་དང་ཆབ་གཅིག་ཏུ༔ སྐད་ཅིག་ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན༔ པདྨ་དང་ནི་ཟླ་རྒྱས་གདན་སྟེང་དུ༔ རང་ཉིད་འཕགས་པ་ནམ་མཁའི་སྙིང་པོ་ནི༔ ཕྱག་གཡས་ཨུཏྤལ་སྟེང་དུ་འཁོར་ལོ་དང་༔ གཡོན་པས་སྣང་སྲིད་གསལ་བའི་མེ་ལོང་བསྣམས༔ ཡེ་ཤེས་འོད་སྐུ་འཇའ་ཚོན་སྣ་ལྔའི་ཀློང་༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱི་བརྒྱན་པར་བསྐྱེད༔ སྐུ་ཡི་ཀློང་དུ་ཐོ་ཕྱི་ཉེ་འཁོར་ནས༔ བརྟན་གཡོ་སྣོད་བཅུད་སྣང་བ་མ་ལུས་པ༔ རྒྱ་མཚོའི་ནང་དུ་གཟའ་སྐར་ཇི་བཞིན་དུ༔ གསལ་ཞིང་མངོན་གྱུར་ངང་དུ་མཉམ་པར་བཞག༔ དེ་ལྟར་ལུས་ངག་ཡིད་དང་སྣོད་བཅུད་ཀུན༔ ཁྱབ་བརྡལ་སྟོང་ཉིད་ངང་དུ་འབྱམས་ཀླས་བཞག༔ སྔ་དྲོའི་དུས་དང་བསྟུན་ཏེ་པདྨའི་སྟེང་༔ རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར༔ ཕྱག་བཞི་ཐལ་སྦྱར་བགྲང་ཕྲེང་པད་དཀར་བསྣམས༔ ཞི་འཛུམ་མཚན་དཔེས་རབ་མཛེས་སྐྱིང་ཀྲུང་བཞུགས༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་པར་གསལ༔ སྐུ་ཡི་ཀློང་དུ་རྒྱ་མཚོའི་གཟའ་སྐར་བཞིན༔ ཐོ་ཕྱི་ཉེ་འཁོར་ནས་བཟུང་རིམ་བཞིན་དུ༔ ཆུ་ཟླ་ལྟ་བུར་ཇི་བཞིན་གསལ་བྱས་ཏེ༔ མངོན་གྱུར་ངང་གནས་མཉམ་པར་བཞག་ནས་སུ༔ མཐར་ནི་འཇའ་ཚོན་ནམ་མཁའི་ཀློང་ཐིམ་ལྟར༔ ཁྱབ་བརྡལ་མཉམ་ཉིད་ཆེན་པོའི་དགོངས་པར་བཞག༔ ཉིན་གུང་དང་བསྟུན་པདྨ་ཟླ་རྒྱས་སྟེང་༔ རང་ཉིད་འཇམ་དཔལ་གཞོན་ནུ་དམར་སེར་གསལ༔ ཕྱག་གཡས་རལ་གྲི་གཡོན་པས་ཨུཏྤལ་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ ཞི་འཛུམ་མཚན་དཔེས་མཛེས་ཤིང་འོད་དུ་འབར༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་རབ་བརྒྱན་ཏེ༔ འཇའ་ཚོན་འོད་ལྔ་འཁྱིལ་བའི་ཀློང་དུ་བསྐྱེད༔ སྣོད་བཅུད་འདོད་ཡོན་སྣང་བའི་ཆོས་སོ་ཅོག༔ སྐུ་ཡི་ནང་དབྱིངས་ཉིད་དུ་འུབ་ཆུབ་པར༔ ཏིང་འཛིན་གཡོ་འགུལ་བྲལ་བ་མངོན་གྱུར་བྱ༔ མཐར་ཡང་ནམ་མཁའ་ནམ་མཁར་ཐིམ་པ་བཞིན༔ ཁྱབ་བརྡལ་འུབ་ཆུབ་ཆེན་པོར་འབྱམས་ཀླས་བཞག༔ དགོང་མོའི་དུས་དང་བསྟུན་ཏེ་འདི་ལྟར་བསྒོམ༔ པདྨ་དང་ནི་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་གསང་བདག་ཕྱག་ན་རྡོ་རྗེ་ནི༔ མཐིང་ནག་ཁྲོ་གཏུམ་ཕྱག་གཡས་རྡོ་རྗེ་དང་༔ གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས་ནས་སུ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད་པ་ལ༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བསྐྱེད༔ སྐུ་ཡི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་ནང་༔ ཐོ་ཕྱི་ཉེ་འཁོར་ནས་བཟུང་རིམ་བཞིན་དུ༔ སྣོད་བཅུད་སྣང་སྲིད་བརྟན་གཡོ་ཐམས་ཅད་ཀུན༔ རྒྱ་མཚོའི་གཟའ་སྐར་ཇི་བཞིན་ཡིད་བྱེད་ཅིང་༔ མངོན་གྱུར་ངང་ལས་མཉམ་པར་འཇོག་པ་ཡིན༔ མཚན་མོ་པདྨ་དང་ནི་ཟླ་རྒྱས་སྟེང་༔ རང་ཉིད་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་བསྣམས༔ ཞབས་གཉིས་བཙུན་མོ་རོལ་པའི་སྟབས་སུ་བཞུགས༔ ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན་པར་བསྐྱེད༔ སྐུ་ཡི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་ཀློང་༔ སྣང་སྲིད་འདོད་ཡོན་སྣང་བའི་ཆོས་རྣམས་ཀུན༔ མ་ལུས་ཁོང་ཆུབ་ཡིད་ལ་བྱས་ནས་སུ༔ མངོན་གྱུར་ངང་དུ་མཉམ་པར་འཇོག་པ་ཡིན༔ དང་པོ་ལྷ་དེ་སྤྱི་བོར་བསྒོམ་ནས་སུ༔ མཚན་སྔགས་བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད༔ ཨོཾ་བུདྡྷ་སརྦ་ཀརྦྷ་ཧྲཱིཿཔྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ གཉིས་པ་ལ༔ ཨོཾ་ཨཱཪྻ་ལོ་ཀི་ཤྭ་ར་པྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ གསུམ་པ་ལ༔ ཨོཾ་ཨཱཪྻ་མཉྩུ་ཤྲཱི་པྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ བཞི་པ་ལ༔ ཨོཾ་བོ་དྷི་སཏྭ་བཛྲ་པཱ་ཎི་པྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ ལྔ་པ་ལ༔ ཨོཾ་ཨཱཪྻ་ཏཱ་རེ་པྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བརྗོད་ལྷ་དེ་འོད་ཞུ་རང་ལ་ཐིམ༔ ལུས་ཀྱང་ལན་ཚྭ་ཆུ་རུ་ཞུ་བ་ལྟར༔ འོད་ཞུ་སྣང་ལ་རང་བཞིན་མེད་པ་རུ༔ གྱུར་པར་བསམ་སྟེ་ཡིད་ལ་མངོན་བྱེད་དེ༔ ནམ་མཁའི་ལུས་ཅན་སྟོང་གཟུགས་ཡིད་བྱེད་ངང་༔ མཉམ་པར་འཇོག་སྟེ་འཇའ་ཚོན་ཡལ་བ་བཞིན༔ བརྡལ་ཁྱབ་སྟོང་ཉིད་ངང་དུ་མཉམ་པར་བཞག༔ གནད་དེས་ལུས་ཀྱི་འཛིན་ཞེན་སྟོང་པར་ཞིག༔ གདོས་བཅས་ཕུང་པོ་སྒྱུ་མའི་ལུས་སུ་འཕོ༔ འཁོར་འདས་འུབ་ཆུབ་རོལ་པར་གདིང་ཐོབ་ཚེ༔ མྱུར་ལམ་གསང་ཆེན་འཕོ་བ་ཆེན་པོ་ཉིད༔ མངོན་གྱུར་ངང་བྱེད་འོད་གསལ་ཐོད་རྒལ་ལ༔ བརྟེན་ནས་རྩེ་གཅིག་གནད་དུ་བསྣུན་གྱུར་ན༔ འཇའ་ལུས་འཕོ་ཆེན་དྭངས་མའི་སྐུ་འགྲུབ་འགྱུར༔ ཁྲེགས་ཆོད་ལྟ་བ་རྟོགས་ཤིང་གདིང་ཐོབ་ཀྱི༔ ཐབས་མཆོག་ཟབ་མོ་འདི་ལས་ལྷག་པ་མེད༔ འདི་ལ་མ་བརྟེན་ཁྲེགས་ཆོད་གདིང་ཐོབ་དཀའ༔ གདིང་མ་ཐོབ་པའི་ཐོད་རྒལ་ལམ་ལས་གོལ༔ དེ་ཕྱིར་ཟབ་གནད་འདི་ལ་ཆེས་ཆེར་འབད༔ འབྲེལ་ཚད་རྣམ་པར་གྲོལ་པའི་ཁྱད་ཆོས་ཡིན༔ བཀའ་འདི་གནོད་སྦྱིན་ཤན་པ་ཆེན་པོས་སྲུངས༔ རྩེ་གཅིག་ཉམས་སུ་ལེན་པའི་སྐྱེས་བུ་ཡི༔ འགལ་རྐྱེན་བཟློག་ཅིང་མཐུན་རྐྱེན་འབད་མེད་སྒྲུབས༔ ལས་རྐྱེན་ངན་པའི་དབང་དུ་མ་བཏང་ཞིག༔ དམ་ཉམས་སྡིག་དྲེད་ལག་ཏུ་མ་ཤོར་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ཨྠིྀ༔ གུ་ཧྱ༔ ཞེས་པ་འདི་ཡང་རིགས་སྲས་ཀུན་བཟང་རྣམ་རྒྱལ་དང་སློབ་བུ་མངོན་དགའ་དང་ངག་དབང་ཕྲིན་ལས་དབོན་ཀུན་བཟང་བསྟན་འཛིན་རྣམས་ཀྱིས་ནན་དུ་བསྐུལ་ངོར།ཟབ་གསང་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེས་རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་གི་ཉེ་འདབས་སུ་ཆོས་ཉིད་ཀློང་གི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མངོན་པར་དགའ་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:23, 4 June 2024

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=12 |volumeLetter=NA |textnuminvol=032 |pdflink=File:TTDL-ZABTER-12-NA-032.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-12-NA }}

[edit]
༠༠༠༠༠༠བརྡ་ཡིག༡༧༣མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ གཟུགས་ཕུང་སྟོང་ཉིད་དུ་སྦྱངས་པའི་གདམས་པ་ཨུ་པ་དེ་ཤ་བཞུགས༔ ༠༠༠༠༠༠བརྡ་ཡིག༡༧༤ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༡༧༤ཚེ་རབས་དུ་མའི་ལས་སྨོན་བསོད་ནམས་ཀྱི༔ སྟོབས་དང་ལྡན་པའི་སྐྱེས་བུ་ལས་སྐལ་ཅན༔ འདུས་བྱས་ཆོས་ཀུན་སྒྱུ་མ་རྨི་ལམ་གྱི༔ ངང་ཚུལ་རྟོགས་པའི་ངེས་འབྱུང་སྟོབས་ཤུགས་ཀྱིས༔ ཀུན་ནས་བསླང་སྟེ་འཁོར་བ་བློས་དོར་ཞིང་༔ སྲིད་ལས་རབ་དབེན་འདུ་འཛི་དང་བྲལ་བའི༔ གནས་སུ་ཕྱིན་ཏེ་རྡོ་རྗེའི་བླ་མ་དང་༔ བརྒྱུད་གསུམ་རིག་འཛིན་བླ་མ་ཐམས་ཅད་དང་༔ དུས་གསུམ་རྒྱལ་དང་རྒྱལ་སྲས་རྟེན་བརྟེན་པ༔ འོད་ཕུང་ཁ་དོག་ལྔ་ལྡན་རྣམ་པ་རུ༔ ཚུར་འདུས་བླ་མ་རིགས་ཀྱི་བདག་པོར་གསལ༔ མོས་གུས་གདུང་ཤུགས་དྲག་པོའི་གདིང་བསྐྱེད་དེ༔ གསོལ་འདེབས་དབང་བཞི་བླངས་མཐར་འོད་ཞུ་ནས༔ རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས༔ ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་སྣང་བ་ཀུན༔ སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་ལྟར༔ ཆོས་ཉིད་དེ་བཞིན་ཉིད་དུ་འབྱམས་ཀླས་པའི༔ ངང་དུ་མཉམ་པར་བཞག་པ་ཀུན་གྱི་ཆིངས༔ སྐྱ་རེངས་དང་པོ་ཤར་དང་ཆབ་གཅིག་ཏུ༔ སྐད་ཅིག་ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན༔ པདྨ་དང་ནི་ཟླ་རྒྱས་གདན་སྟེང་དུ༔ རང་ཉིད་འཕགས་པ་ནམ་མཁའི་སྙིང་པོ་ནི༔ ཕྱག་གཡས་ཨུཏྤལ་སྟེང་དུ་འཁོར་ལོ་དང་༔ གཡོན་པས་སྣང་སྲིད་གསལ་བའི་མེ་ལོང་བསྣམས༔ ཡེ་ཤེས་འོད་སྐུ་འཇའ་ཚོན་སྣ་ལྔའི་ཀློང་༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱི་བརྒྱན་པར་བསྐྱེད༔ སྐུ་ཡི་ཀློང་དུ་ཐོ་ཕྱི་ཉེ་འཁོར་ནས༔ བརྟན་གཡོ་སྣོད་བཅུད་སྣང་བ་མ་ལུས་པ༔ རྒྱ་མཚོའི་ནང་དུ་གཟའ་སྐར་ཇི་བཞིན་དུ༔ གསལ་ཞིང་མངོན་གྱུར་ངང་དུ་མཉམ་པར་བཞག༔ དེ་ལྟར་ལུས་ངག་ཡིད་དང་སྣོད་བཅུད་ཀུན༔ ཁྱབ་བརྡལ་སྟོང་ཉིད་ངང་དུ་འབྱམས་ཀླས་བཞག༔ སྔ་དྲོའི་དུས་དང་བསྟུན་ཏེ་པདྨའི་སྟེང་༔ རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར༔ ཕྱག་བཞི་ཐལ་སྦྱར་བགྲང་ཕྲེང་པད་དཀར་བསྣམས༔ ཞི་འཛུམ་མཚན་དཔེས་རབ་མཛེས་སྐྱིང་ཀྲུང་བཞུགས༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་པར་གསལ༔ སྐུ་ཡི་ཀློང་དུ་རྒྱ་མཚོའི་གཟའ་སྐར་བཞིན༔ ཐོ་ཕྱི་ཉེ་འཁོར་ནས་བཟུང་རིམ་བཞིན་དུ༔ ཆུ་ཟླ་ལྟ་བུར་ཇི་བཞིན་གསལ་བྱས་ཏེ༔ མངོན་གྱུར་ངང་གནས་མཉམ་པར་བཞག་ནས་སུ༔ མཐར་ནི་འཇའ་ཚོན་ནམ་མཁའི་ཀློང་ཐིམ་ལྟར༔ ཁྱབ་བརྡལ་མཉམ་ཉིད་ཆེན་པོའི་དགོངས་པར་བཞག༔ ཉིན་གུང་དང་བསྟུན་པདྨ་ཟླ་རྒྱས་སྟེང་༔ རང་ཉིད་འཇམ་དཔལ་གཞོན་ནུ་དམར་སེར་གསལ༔ ཕྱག་གཡས་རལ་གྲི་གཡོན་པས་ཨུཏྤལ་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ ཞི་འཛུམ་མཚན་དཔེས་མཛེས་ཤིང་འོད་དུ་འབར༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་རབ་བརྒྱན་ཏེ༔ འཇའ་ཚོན་འོད་ལྔ་འཁྱིལ་བའི་ཀློང་དུ་བསྐྱེད༔ སྣོད་བཅུད་འདོད་ཡོན་སྣང་བའི་ཆོས་སོ་ཅོག༔ སྐུ་ཡི་ནང་དབྱིངས་ཉིད་དུ་འུབ་ཆུབ་པར༔ ཏིང་འཛིན་གཡོ་འགུལ་བྲལ་བ་མངོན་གྱུར་བྱ༔ མཐར་ཡང་ནམ་མཁའ་ནམ་མཁར་ཐིམ་པ་བཞིན༔ ཁྱབ་བརྡལ་འུབ་ཆུབ་ཆེན་པོར་འབྱམས་ཀླས་བཞག༔ དགོང་མོའི་དུས་དང་བསྟུན་ཏེ་འདི་ལྟར་བསྒོམ༔ པདྨ་དང་ནི་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་གསང་བདག་ཕྱག་ན་རྡོ་རྗེ་ནི༔ མཐིང་ནག་ཁྲོ་གཏུམ་ཕྱག་གཡས་རྡོ་རྗེ་དང་༔ གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས་ནས་སུ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད་པ་ལ༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བསྐྱེད༔ སྐུ་ཡི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་ནང་༔ ཐོ་ཕྱི་ཉེ་འཁོར་ནས་བཟུང་རིམ་བཞིན་དུ༔ སྣོད་བཅུད་སྣང་སྲིད་བརྟན་གཡོ་ཐམས་ཅད་ཀུན༔ རྒྱ་མཚོའི་གཟའ་སྐར་ཇི་བཞིན་ཡིད་བྱེད་ཅིང་༔ མངོན་གྱུར་ངང་ལས་མཉམ་པར་འཇོག་པ་ཡིན༔ མཚན་མོ་པདྨ་དང་ནི་ཟླ་རྒྱས་སྟེང་༔ རང་ཉིད་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་བསྣམས༔ ཞབས་གཉིས་བཙུན་མོ་རོལ་པའི་སྟབས་སུ་བཞུགས༔ ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན་པར་བསྐྱེད༔ སྐུ་ཡི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་ཀློང་༔ སྣང་སྲིད་འདོད་ཡོན་སྣང་བའི་ཆོས་རྣམས་ཀུན༔ མ་ལུས་ཁོང་ཆུབ་ཡིད་ལ་བྱས་ནས་སུ༔ མངོན་གྱུར་ངང་དུ་མཉམ་པར་འཇོག་པ་ཡིན༔ དང་པོ་ལྷ་དེ་སྤྱི་བོར་བསྒོམ་ནས་སུ༔ མཚན་སྔགས་བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད༔ ཨོཾ་བུདྡྷ་སརྦ་ཀརྦྷ་ཧྲཱིཿཔྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ གཉིས་པ་ལ༔ ཨོཾ་ཨཱཪྻ་ལོ་ཀི་ཤྭ་ར་པྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ གསུམ་པ་ལ༔ ཨོཾ་ཨཱཪྻ་མཉྩུ་ཤྲཱི་པྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ བཞི་པ་ལ༔ ཨོཾ་བོ་དྷི་སཏྭ་བཛྲ་པཱ་ཎི་པྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ ལྔ་པ་ལ༔ ཨོཾ་ཨཱཪྻ་ཏཱ་རེ་པྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བརྗོད་ལྷ་དེ་འོད་ཞུ་རང་ལ་ཐིམ༔ ལུས་ཀྱང་ལན་ཚྭ་ཆུ་རུ་ཞུ་བ་ལྟར༔ འོད་ཞུ་སྣང་ལ་རང་བཞིན་མེད་པ་རུ༔ གྱུར་པར་བསམ་སྟེ་ཡིད་ལ་མངོན་བྱེད་དེ༔ ནམ་མཁའི་ལུས་ཅན་སྟོང་གཟུགས་ཡིད་བྱེད་ངང་༔ མཉམ་པར་འཇོག་སྟེ་འཇའ་ཚོན་ཡལ་བ་བཞིན༔ བརྡལ་ཁྱབ་སྟོང་ཉིད་ངང་དུ་མཉམ་པར་བཞག༔ གནད་དེས་ལུས་ཀྱི་འཛིན་ཞེན་སྟོང་པར་ཞིག༔ གདོས་བཅས་ཕུང་པོ་སྒྱུ་མའི་ལུས་སུ་འཕོ༔ འཁོར་འདས་འུབ་ཆུབ་རོལ་པར་གདིང་ཐོབ་ཚེ༔ མྱུར་ལམ་གསང་ཆེན་འཕོ་བ་ཆེན་པོ་ཉིད༔ མངོན་གྱུར་ངང་བྱེད་འོད་གསལ་ཐོད་རྒལ་ལ༔ བརྟེན་ནས་རྩེ་གཅིག་གནད་དུ་བསྣུན་གྱུར་ན༔ འཇའ་ལུས་འཕོ་ཆེན་དྭངས་མའི་སྐུ་འགྲུབ་འགྱུར༔ ཁྲེགས་ཆོད་ལྟ་བ་རྟོགས་ཤིང་གདིང་ཐོབ་ཀྱི༔ ཐབས་མཆོག་ཟབ་མོ་འདི་ལས་ལྷག་པ་མེད༔ འདི་ལ་མ་བརྟེན་ཁྲེགས་ཆོད་གདིང་ཐོབ་དཀའ༔ གདིང་མ་ཐོབ་པའི་ཐོད་རྒལ་ལམ་ལས་གོལ༔ དེ་ཕྱིར་ཟབ་གནད་འདི་ལ་ཆེས་ཆེར་འབད༔ འབྲེལ་ཚད་རྣམ་པར་གྲོལ་པའི་ཁྱད་ཆོས་ཡིན༔ བཀའ་འདི་གནོད་སྦྱིན་ཤན་པ་ཆེན་པོས་སྲུངས༔ རྩེ་གཅིག་ཉམས་སུ་ལེན་པའི་སྐྱེས་བུ་ཡི༔ འགལ་རྐྱེན་བཟློག་ཅིང་མཐུན་རྐྱེན་འབད་མེད་སྒྲུབས༔ ལས་རྐྱེན་ངན་པའི་དབང་དུ་མ་བཏང་ཞིག༔ དམ་ཉམས་སྡིག་དྲེད་ལག་ཏུ་མ་ཤོར་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ཨྠིྀ༔ གུ་ཧྱ༔ ཞེས་པ་འདི་ཡང་རིགས་སྲས་ཀུན་བཟང་རྣམ་རྒྱལ་དང་སློབ་བུ་མངོན་དགའ་དང་ངག་དབང་ཕྲིན་ལས་དབོན་ཀུན་བཟང་བསྟན་འཛིན་རྣམས་ཀྱིས་ནན་དུ་བསྐུལ་ངོར།ཟབ་གསང་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེས་རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་གི་ཉེ་འདབས་སུ་ཆོས་ཉིད་ཀློང་གི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མངོན་པར་དགའ་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།