TTDL-ZABTER-12-NA-045: Difference between revisions

From Dudjom Wiki
TTDL-ZABTER-12-NA-045
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠བརྡ་ཡིག༢༦༩ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡང་གསང་བླ་མའི་བསྐང་བ་བདེ་ཆེན་ཐར་ལམ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༢༦༩ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས༔ ཐུགས་དམ་གཉན་པོ་བསྐང་བ་ལ༔ ཧཱུྃ༔ བདག་གིས་དུས་གསུམ་བསགས་པ་ཡི༔ ལུས་དང་ལོངས་སྤྱོད་དགེ་རྩ་དང་༔ འདོད་ཡོན་ཚོགས་འཁོར་དང་བཅས་པ༔ ཐུགས་དམ་བསྐང་བའི་རྫས་སུ་བཀོད༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ནམ་མཁའ་མཛོད་སྔགས་ལན་གསུམ་དང༔ དེ་བཞིན་རྟེན་འབྲེལ་སྙིང་པོ་བརྗོད༔ ན་མོ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག༔ སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང་༔ སྲིད་པའི་འཆིང་བ་ལས་སྒྲོལ་བའི༔ དམ་ཆོས་རྣམས་ཀྱི་ཐུགས་དམ་བསྐང་༔ སྲིད་ལས་འཕགས་པའི་སར་བཞུགས་པའི༔ དགེ་འདུན་རྒྱ་མཚོའི་ཐུགས་དམ་བསྐང་༔ སྨིན་གྲོལ་གདམས་པའི་མཛོད་འཛིན་པའི༔ བླ་མ་རྣམས་ཀྱི༴དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག༔ ཡི་དམ་རྒྱ་མཚོའི༴ཟག་མེད་བདེ་ཆེན་རྒྱས་མཛད་མ༔ མ་དང་མཁའ་འགྲོའི༴བརྡལ་ཁྱབ་སྤྲོས་པའི་མཐའ་དང་བྲལ༔ ཆོས་ཀྱི་སྐུ་ཡི༴སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ༔ ལོངས་སྤྱོད་རྫོགས་སྐུའི༴གདུལ་བྱའི་མོས་ངོར་ཆུ་ཟླའི་གར༔ སྤྲུལ་པའི་སྐུ་ཡི༴ཞིང་བཅུ་ཉམས་པ་བདུན་གྱི་གཤེད༔ བཀའ་སྲུང་ཆོས་སྐྱོང་༴བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ སྒོ་གསུམ་མ་རིག་དབང་གྱུར་པའི༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག༔ ལས་ངན་སྡིག་སྒྲིབ་དག་གྱུར་ཅིག༔ ཁམས་གསུམ་འཁོར་བ་སྟོང་གྱུར་ཅིག༔ འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་རྣལ་འབྱོར་དྷརྨ་ཤྲཱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=12
|volumeLetter=NA
|textnuminvol=045
|pdflink=File:TTDL-ZABTER-12-NA-045.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-12-NA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠བརྡ་ཡིག༢༦༩ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡང་གསང་བླ་མའི་བསྐང་བ་བདེ་ཆེན་ཐར་ལམ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༢༦༩ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས༔ ཐུགས་དམ་གཉན་པོ་བསྐང་བ་ལ༔ ཧཱུྃ༔ བདག་གིས་དུས་གསུམ་བསགས་པ་ཡི༔ ལུས་དང་ལོངས་སྤྱོད་དགེ་རྩ་དང་༔ འདོད་ཡོན་ཚོགས་འཁོར་དང་བཅས་པ༔ ཐུགས་དམ་བསྐང་བའི་རྫས་སུ་བཀོད༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ནམ་མཁའ་མཛོད་སྔགས་ལན་གསུམ་དང༔ དེ་བཞིན་རྟེན་འབྲེལ་སྙིང་པོ་བརྗོད༔ ན་མོ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག༔ སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང་༔ སྲིད་པའི་འཆིང་བ་ལས་སྒྲོལ་བའི༔ དམ་ཆོས་རྣམས་ཀྱི་ཐུགས་དམ་བསྐང་༔ སྲིད་ལས་འཕགས་པའི་སར་བཞུགས་པའི༔ དགེ་འདུན་རྒྱ་མཚོའི་ཐུགས་དམ་བསྐང་༔ སྨིན་གྲོལ་གདམས་པའི་མཛོད་འཛིན་པའི༔ བླ་མ་རྣམས་ཀྱི༴དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག༔ ཡི་དམ་རྒྱ་མཚོའི༴ཟག་མེད་བདེ་ཆེན་རྒྱས་མཛད་མ༔ མ་དང་མཁའ་འགྲོའི༴བརྡལ་ཁྱབ་སྤྲོས་པའི་མཐའ་དང་བྲལ༔ ཆོས་ཀྱི་སྐུ་ཡི༴སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ༔ ལོངས་སྤྱོད་རྫོགས་སྐུའི༴གདུལ་བྱའི་མོས་ངོར་ཆུ་ཟླའི་གར༔ སྤྲུལ་པའི་སྐུ་ཡི༴ཞིང་བཅུ་ཉམས་པ་བདུན་གྱི་གཤེད༔ བཀའ་སྲུང་ཆོས་སྐྱོང་༴བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ སྒོ་གསུམ་མ་རིག་དབང་གྱུར་པའི༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག༔ ལས་ངན་སྡིག་སྒྲིབ་དག་གྱུར་ཅིག༔ ཁམས་གསུམ་འཁོར་བ་སྟོང་གྱུར་ཅིག༔ འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་རྣལ་འབྱོར་དྷརྨ་ཤྲཱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-12-NA-045.pdf
Location bdud 'joms gling pa zab gter
Volume 12, Text 45, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༢༦༩ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡང་གསང་བླ་མའི་བསྐང་བ་བདེ་ཆེན་ཐར་ལམ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༢༦༩ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས༔ ཐུགས་དམ་གཉན་པོ་བསྐང་བ་ལ༔ ཧཱུྃ༔ བདག་གིས་དུས་གསུམ་བསགས་པ་ཡི༔ ལུས་དང་ལོངས་སྤྱོད་དགེ་རྩ་དང་༔ འདོད་ཡོན་ཚོགས་འཁོར་དང་བཅས་པ༔ ཐུགས་དམ་བསྐང་བའི་རྫས་སུ་བཀོད༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ནམ་མཁའ་མཛོད་སྔགས་ལན་གསུམ་དང༔ དེ་བཞིན་རྟེན་འབྲེལ་སྙིང་པོ་བརྗོད༔ ན་མོ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག༔ སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང་༔ སྲིད་པའི་འཆིང་བ་ལས་སྒྲོལ་བའི༔ དམ་ཆོས་རྣམས་ཀྱི་ཐུགས་དམ་བསྐང་༔ སྲིད་ལས་འཕགས་པའི་སར་བཞུགས་པའི༔ དགེ་འདུན་རྒྱ་མཚོའི་ཐུགས་དམ་བསྐང་༔ སྨིན་གྲོལ་གདམས་པའི་མཛོད་འཛིན་པའི༔ བླ་མ་རྣམས་ཀྱི༴དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག༔ ཡི་དམ་རྒྱ་མཚོའི༴ཟག་མེད་བདེ་ཆེན་རྒྱས་མཛད་མ༔ མ་དང་མཁའ་འགྲོའི༴བརྡལ་ཁྱབ་སྤྲོས་པའི་མཐའ་དང་བྲལ༔ ཆོས་ཀྱི་སྐུ་ཡི༴སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ༔ ལོངས་སྤྱོད་རྫོགས་སྐུའི༴གདུལ་བྱའི་མོས་ངོར་ཆུ་ཟླའི་གར༔ སྤྲུལ་པའི་སྐུ་ཡི༴ཞིང་བཅུ་ཉམས་པ་བདུན་གྱི་གཤེད༔ བཀའ་སྲུང་ཆོས་སྐྱོང་༴བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ སྒོ་གསུམ་མ་རིག་དབང་གྱུར་པའི༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག༔ ལས་ངན་སྡིག་སྒྲིབ་དག་གྱུར་ཅིག༔ ཁམས་གསུམ་འཁོར་བ་སྟོང་གྱུར་ཅིག༔ འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་རྣལ་འབྱོར་དྷརྨ་ཤྲཱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།