TTDL-ZABTER-12-NA-081: Difference between revisions
From Dudjom Wiki
TTDL-ZABTER-12-NA-081
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠༠བརྡ་ཡིག༤༦༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མའི་དབང་ཆོག་སྨིན་བྱེད་དབང་གི་ཆུ་རྒྱུན་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༤༦༥མཁའ་འགྲོ་བསྒྲུབ་པའི་རྣལ་འབྱོར་གྱི༔ སྒོ་གསུམ་དབང་གིས་མ་སྨིན་ན༔ བསྐལ་པར་བསྒྲུབ་ཀྱང་འབྲས་མི་འབྱིན༔ དེ་ཕྱིར་དབང་ཆོག་ཟབ་མོ་ཡི༔ སྒོར་ཞུགས་བསྐྱེད་རིམ་གནད་ལྡན་ཏེ༔ བསྒྲུབ་པས་འབྲས་བུ་མངོན་དུ་བྱེད༔ འདི་ཡི་ལག་ལེན་རིམ་པ་ལ༔ སློབ་མ་གྲལ་འཁོད་ཁྲུས་བྱ་ཞིང་༔ བགེགས་བསྐྲད་སྲུང་བའི་འཁོར་ལོ་བསྒོམ༔ དེ་ནས་གསོལ་བ་གདབ་པ་ལ༔ ཀྱཻ་ཧོཿདུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་ཆེ་བའི་མཆོག༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ སྨིན་གྲོལ་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ་མཐར༔ དེ་ནས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་དེ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགསཀོ྅་ཧཾ༔ འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་རོལ་པར་ཞིག་སྟེ་སྟོང་པའི་ངང་ལས༔ ཞེས་སློབ་མ་ལྷར་བསྐྱེད་ལ༔ དབྱིངས་ནས་སྤྱན་དྲངས་པའི་ལྷ་ཚོགས་བསྟིམ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་བུམ་པ་ཐོགས་ལ༔ ཧོཿལྷུན་གྲུབ་བུམ་པའི་གཞལ་ཡས་སུ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་རྣལ་འབྱོར་མའི་སྐུ་ཐོགས་ལ༔ ཧཱུྃ༔ གདོད་མའི་ཡེ་གཞི་ཆོས་ཀྱི་སྐུ༔ ལྷུན་གྲུབ་རྡོ་རྗེ་རྣལ་འབྱོར་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་ཀྱི་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་མཁའ་འགྲོའི་སྐུ་གཏད་ལ༔ ཧཱུྃ༔ མེ་ལོང་ལྟ་བུའི་ཡེ་ཤེས་སྐུ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་མཁའ་འགྲོའི་སྐུ་གཏད་ལ༔ ཧཱུྃ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་མཁའ་འགྲོའི་སྐུད་གཏད་ལ༔ ཧཱུྃ༔ སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ པདྨ་རིགས་ཀྱི་མཁའ་འགྲོ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ལས་ཀྱི་མཁའ་འགྲོའི་སྐུ་གཏད་ལ༔ ཧཱུྃ༔ བྱ་བ་གྲུབ་པའི་ཡེ་ཤེས་སྐུ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཤར་གྱི་སྒོ་མའི་སྐུ་གཏད་ལ༔ ཛཿཐམས་ཅད་འགུགས་བྱེད་ཕོ་ཉ་མོ༔ ཡེ་ཤེས་མཁའ་འགྲོ་ལྕགས་ཀྱུ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྙིང་རྗེ་ཚད་མེད་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོའི་སྒོ་མའི་སྐུ་གཏད་ལ༔ ཧཱུྃ༔ ཐམས་ཅད་འཆིང་བྱེད་ཕོ་ཉ་མོ༔ ཡེ་ཤེས་མཁའ་འགྲོ་ཞགས་པ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱམས་པ་ཚད་མེད་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་ཀྱི་སྒོ་མའི་སྐུ་གཏད་ལ༔ བཾ༔ ཐམས་ཅད་དབང་དུ་བྱེད་པ་མོ༔ ཡེ་ཤེས་མཁའ་འགྲོ་ལྕགས་སྒྲོག་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དགའ་བ་ཚད་མེད་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་གི་སྒོ་མའི་སྐུ་གཏད་ལ༔ ཧོཿཐམས་ཅད་མྱོས་བྱེད་ཕོ་ཉ་མོ༔ ཡེ་ཤེས་མཁའ་འགྲོ་དྲིལ་བུ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཏང་སྙོམས་ཚད་མེད་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གསང་དབང་བསྐུར་བ་ནི༔ བྷནྡྷ་བདུད་རྩི་གཏད་ལ༔ ཧོཿཡེ་ཤེས་དབྱིངས་ཀྱི་ཀ་པཱ་ལར༔ བདེ་སྟོང་བདུད་རྩི་བཅུད་དུ་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ རྡོ་རྗེ་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེར་དབང་བསྐུལ་བ་ལ༔ རིག་མ་གཏད་ལ༔ ཧོཿཤེས་རབ་སྟོང་ཉིད་རོལ་པའི་གདངས༔ མཚན་དང་ལྡན་པའི་མཛའ་ན་མོ༔ སྐལ་ལྡན་ཁྱོད་ལ་གཏད་ཅིང་སྦྱིན༔ རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཚིག་དབང་བསྐུར་བ་ལ༔ ཧོཿལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི༔ རང་གདངས་མངོན་དུ་བྱེད་པའི་རྟེན༔ དྲི་མེད་འཇའ་ཤེལ་འདི་གཏད་པས༔ མཚན་མ་ཚིག་བྲལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་གཏད་ལ༔ ཧོ༔ བརྡལ་ཁྱབ་དབྱིངས་ཀྱི་གཏོར་གཞོང་དུ༔ མཁའ་འགྲོའི་དཀྱིལ་འཁོར་ཡོངས་རྫོགས་པའི༔ རང་བྱུང་ལྷུན་གྲུབ་བ་ལིང་ཏ༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ལ༔ དབང་བསྒྱུར་དབང་མཆོག་རབ་ཐོབ་ནས༔ མཆོག་ཐུན་དངོས་གྲུབ་བརྙེས་པར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ རིམ་གཉིས་གདིང་ལྡན་སློབ་དཔོན་གྱིས༔ དད་དམ་ལྡན་པའི་སློབ་མ་ལ༔ དབང་འདི་བསྐུར་ཏེ་ཉམས་ལེན་ན༔ ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ༔ བཀའ་སྲུང་གནོད་སྦྱིན་དམར་ནག་ལ༔ གཏད་དོ་ཐུབ་པར་སྲུངས་ཤིག་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་རྣལ་འབྱོར་བ་ཆོས་གསལ་གྱིས་བཞེད་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་སྤྲུལ་སྐུ་པདྨ་ལུང་རྟོགས་རྒྱ་མཚོའོ།།དགེའོ།།དགེའོ།།དགེའོ།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=12 | |||
|volumeLetter=NA | |||
|textnuminvol=081 | |||
|pdflink=File:TTDL-ZABTER-12-NA-081.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-12-NA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠༠བརྡ་ཡིག༤༦༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མའི་དབང་ཆོག་སྨིན་བྱེད་དབང་གི་ཆུ་རྒྱུན་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༤༦༥མཁའ་འགྲོ་བསྒྲུབ་པའི་རྣལ་འབྱོར་གྱི༔ སྒོ་གསུམ་དབང་གིས་མ་སྨིན་ན༔ བསྐལ་པར་བསྒྲུབ་ཀྱང་འབྲས་མི་འབྱིན༔ དེ་ཕྱིར་དབང་ཆོག་ཟབ་མོ་ཡི༔ སྒོར་ཞུགས་བསྐྱེད་རིམ་གནད་ལྡན་ཏེ༔ བསྒྲུབ་པས་འབྲས་བུ་མངོན་དུ་བྱེད༔ འདི་ཡི་ལག་ལེན་རིམ་པ་ལ༔ སློབ་མ་གྲལ་འཁོད་ཁྲུས་བྱ་ཞིང་༔ བགེགས་བསྐྲད་སྲུང་བའི་འཁོར་ལོ་བསྒོམ༔ དེ་ནས་གསོལ་བ་གདབ་པ་ལ༔ ཀྱཻ་ཧོཿདུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་ཆེ་བའི་མཆོག༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ སྨིན་གྲོལ་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ་མཐར༔ དེ་ནས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་དེ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགསཀོ྅་ཧཾ༔ འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་རོལ་པར་ཞིག་སྟེ་སྟོང་པའི་ངང་ལས༔ ཞེས་སློབ་མ་ལྷར་བསྐྱེད་ལ༔ དབྱིངས་ནས་སྤྱན་དྲངས་པའི་ལྷ་ཚོགས་བསྟིམ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་བུམ་པ་ཐོགས་ལ༔ ཧོཿལྷུན་གྲུབ་བུམ་པའི་གཞལ་ཡས་སུ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་རྣལ་འབྱོར་མའི་སྐུ་ཐོགས་ལ༔ ཧཱུྃ༔ གདོད་མའི་ཡེ་གཞི་ཆོས་ཀྱི་སྐུ༔ ལྷུན་གྲུབ་རྡོ་རྗེ་རྣལ་འབྱོར་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་ཀྱི་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་མཁའ་འགྲོའི་སྐུ་གཏད་ལ༔ ཧཱུྃ༔ མེ་ལོང་ལྟ་བུའི་ཡེ་ཤེས་སྐུ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་མཁའ་འགྲོའི་སྐུ་གཏད་ལ༔ ཧཱུྃ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་མཁའ་འགྲོའི་སྐུད་གཏད་ལ༔ ཧཱུྃ༔ སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ པདྨ་རིགས་ཀྱི་མཁའ་འགྲོ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ལས་ཀྱི་མཁའ་འགྲོའི་སྐུ་གཏད་ལ༔ ཧཱུྃ༔ བྱ་བ་གྲུབ་པའི་ཡེ་ཤེས་སྐུ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཤར་གྱི་སྒོ་མའི་སྐུ་གཏད་ལ༔ ཛཿཐམས་ཅད་འགུགས་བྱེད་ཕོ་ཉ་མོ༔ ཡེ་ཤེས་མཁའ་འགྲོ་ལྕགས་ཀྱུ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྙིང་རྗེ་ཚད་མེད་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོའི་སྒོ་མའི་སྐུ་གཏད་ལ༔ ཧཱུྃ༔ ཐམས་ཅད་འཆིང་བྱེད་ཕོ་ཉ་མོ༔ ཡེ་ཤེས་མཁའ་འགྲོ་ཞགས་པ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱམས་པ་ཚད་མེད་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་ཀྱི་སྒོ་མའི་སྐུ་གཏད་ལ༔ བཾ༔ ཐམས་ཅད་དབང་དུ་བྱེད་པ་མོ༔ ཡེ་ཤེས་མཁའ་འགྲོ་ལྕགས་སྒྲོག་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དགའ་བ་ཚད་མེད་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་གི་སྒོ་མའི་སྐུ་གཏད་ལ༔ ཧོཿཐམས་ཅད་མྱོས་བྱེད་ཕོ་ཉ་མོ༔ ཡེ་ཤེས་མཁའ་འགྲོ་དྲིལ་བུ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཏང་སྙོམས་ཚད་མེད་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གསང་དབང་བསྐུར་བ་ནི༔ བྷནྡྷ་བདུད་རྩི་གཏད་ལ༔ ཧོཿཡེ་ཤེས་དབྱིངས་ཀྱི་ཀ་པཱ་ལར༔ བདེ་སྟོང་བདུད་རྩི་བཅུད་དུ་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ རྡོ་རྗེ་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེར་དབང་བསྐུལ་བ་ལ༔ རིག་མ་གཏད་ལ༔ ཧོཿཤེས་རབ་སྟོང་ཉིད་རོལ་པའི་གདངས༔ མཚན་དང་ལྡན་པའི་མཛའ་ན་མོ༔ སྐལ་ལྡན་ཁྱོད་ལ་གཏད་ཅིང་སྦྱིན༔ རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཚིག་དབང་བསྐུར་བ་ལ༔ ཧོཿལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི༔ རང་གདངས་མངོན་དུ་བྱེད་པའི་རྟེན༔ དྲི་མེད་འཇའ་ཤེལ་འདི་གཏད་པས༔ མཚན་མ་ཚིག་བྲལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་གཏད་ལ༔ ཧོ༔ བརྡལ་ཁྱབ་དབྱིངས་ཀྱི་གཏོར་གཞོང་དུ༔ མཁའ་འགྲོའི་དཀྱིལ་འཁོར་ཡོངས་རྫོགས་པའི༔ རང་བྱུང་ལྷུན་གྲུབ་བ་ལིང་ཏ༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ལ༔ དབང་བསྒྱུར་དབང་མཆོག་རབ་ཐོབ་ནས༔ མཆོག་ཐུན་དངོས་གྲུབ་བརྙེས་པར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ རིམ་གཉིས་གདིང་ལྡན་སློབ་དཔོན་གྱིས༔ དད་དམ་ལྡན་པའི་སློབ་མ་ལ༔ དབང་འདི་བསྐུར་ཏེ་ཉམས་ལེན་ན༔ ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ༔ བཀའ་སྲུང་གནོད་སྦྱིན་དམར་ནག་ལ༔ གཏད་དོ་ཐུབ་པར་སྲུངས་ཤིག་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་རྣལ་འབྱོར་བ་ཆོས་གསལ་གྱིས་བཞེད་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་སྤྲུལ་སྐུ་པདྨ་ལུང་རྟོགས་རྒྱ་མཚོའོ།།དགེའོ།།དགེའོ།།དགེའོ།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:48, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 12, Text 81, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||