TTDL-ZABTER-12-NA-082: Difference between revisions

From Dudjom Wiki
TTDL-ZABTER-12-NA-082
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠༠བརྡ་ཡིག༤༧༡ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མའི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས༔ ན་མོ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༧༡རྣམ་གསུམ་དད་པའི་གདུང་ཤུགས་ཀྱིས༔ ན་མོ༔ ཀ་དག་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་༔ ལྷུན་གྲུབ་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོ༔ རྡོ་རྗེ་འཆང་དབང་དཔལ་ལྡན་རྡོ་རྗེ་སེམས༔ དགོངས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཡེ་ཤེས་མཁའ་འགྲོ་འགྲུབ་པར་བྱིན་གྱིས་རློབས༔ གཞོན་ནུ་བུམ་པའི་སྐུ་བརྙེས་དགའ་རབ་རྗེ༔ ཡེ་ཤེས་སྒྱུ་མའི་སྐུ་བརྙེས་ཤྲཱི་སེང་༔ གདུལ་དཀའ་འདུལ་མཛད་མཚོ་སྐྱེས་རྡོ་རྗེ་སོགས༔ བརྡ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཡེ་ཤེས་མཁའ་འགྲོ་འགྲུབ་པར་བྱིན་གྱིས་རློབས༔ པདྨ་ཀ་ར་རྗེ་འབངས་ཉེར་ལྔ་དང་༔ བརྒྱུད་གསུམ་ཆུ་བོ་གཅིག་འདྲེས་བླ་མ་རྗེ༔ སྙན་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཡེ་ཤེས་མཁའ་འགྲོ་འགྲུབ་པར་བྱིན་གྱིས་རློབས༔ ཀ་དག་ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལྷུན་གྲུབ་རང་གདངས་རྡོ་རྗེ་རྣལ་འབྱོར་མ༔ ཐུགས་རྗེ་ཐབས་ཀྱིས་འགྲོ་འདུལ་ཡུམ་ཆེན་ལྔ༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ ཡེ་ཤེས་མཁའ་འགྲོ་འགྲུབ་པར་བྱིན་གྱིས་རློབས༔ གནས་ཡུལ་དུར་ཁྲོད་ཀུན་གྱི་དབང་ཕྱུག་མོ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་ཚོགས་ལ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ ཡེ་ཤེས་འོད་སྐུར་གྲོལ་བར་བྱིན་གྱིས་རློབས༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་དང་༔ དྲང་སྲོང་གཟའ་མཆོག་ཆེན་པོ་ལ་སོགས་པའི༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གསོལ་བ་འདེབས༔ ཕྱི་ནང་བར་ཆད་ཞི་བའི་ཕྲིན་ལས་མཛོད༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ སྒྲུབ་པའི་མཐུན་རྐྱེན་ལེགས་ཚོགས་ཡོངས་འབྱོར་ཏེ༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་ཅིང་༔ ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་ཤོག༔ ས་མ་ཡ༔ དེ་ལྟར་གསོལ་བ་བཏབ་པའི་ཡོན་ཏན་གྱིས༔ ཚེ་འདིར་མི་མཐུན་རྒུད་པ་ཀུན་སེལ་ཏེ༔ འདི་ཕྱིའི་དགེ་ལེགས་ཡོན་ཏན་འབད་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་བླ་མ་ཆོས་གསལ་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་པའོ།།དགེའོ།།དགེའོ།།དགེའོ།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=12
|volumeLetter=NA
|textnuminvol=082
|pdflink=File:TTDL-ZABTER-12-NA-082.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-12-NA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠༠བརྡ་ཡིག༤༧༡ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མའི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས༔ ན་མོ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༧༡རྣམ་གསུམ་དད་པའི་གདུང་ཤུགས་ཀྱིས༔ ན་མོ༔ ཀ་དག་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་༔ ལྷུན་གྲུབ་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོ༔ རྡོ་རྗེ་འཆང་དབང་དཔལ་ལྡན་རྡོ་རྗེ་སེམས༔ དགོངས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཡེ་ཤེས་མཁའ་འགྲོ་འགྲུབ་པར་བྱིན་གྱིས་རློབས༔ གཞོན་ནུ་བུམ་པའི་སྐུ་བརྙེས་དགའ་རབ་རྗེ༔ ཡེ་ཤེས་སྒྱུ་མའི་སྐུ་བརྙེས་ཤྲཱི་སེང་༔ གདུལ་དཀའ་འདུལ་མཛད་མཚོ་སྐྱེས་རྡོ་རྗེ་སོགས༔ བརྡ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཡེ་ཤེས་མཁའ་འགྲོ་འགྲུབ་པར་བྱིན་གྱིས་རློབས༔ པདྨ་ཀ་ར་རྗེ་འབངས་ཉེར་ལྔ་དང་༔ བརྒྱུད་གསུམ་ཆུ་བོ་གཅིག་འདྲེས་བླ་མ་རྗེ༔ སྙན་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཡེ་ཤེས་མཁའ་འགྲོ་འགྲུབ་པར་བྱིན་གྱིས་རློབས༔ ཀ་དག་ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལྷུན་གྲུབ་རང་གདངས་རྡོ་རྗེ་རྣལ་འབྱོར་མ༔ ཐུགས་རྗེ་ཐབས་ཀྱིས་འགྲོ་འདུལ་ཡུམ་ཆེན་ལྔ༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ ཡེ་ཤེས་མཁའ་འགྲོ་འགྲུབ་པར་བྱིན་གྱིས་རློབས༔ གནས་ཡུལ་དུར་ཁྲོད་ཀུན་གྱི་དབང་ཕྱུག་མོ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་ཚོགས་ལ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ ཡེ་ཤེས་འོད་སྐུར་གྲོལ་བར་བྱིན་གྱིས་རློབས༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་དང་༔ དྲང་སྲོང་གཟའ་མཆོག་ཆེན་པོ་ལ་སོགས་པའི༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གསོལ་བ་འདེབས༔ ཕྱི་ནང་བར་ཆད་ཞི་བའི་ཕྲིན་ལས་མཛོད༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ སྒྲུབ་པའི་མཐུན་རྐྱེན་ལེགས་ཚོགས་ཡོངས་འབྱོར་ཏེ༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་ཅིང་༔ ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་ཤོག༔ ས་མ་ཡ༔ དེ་ལྟར་གསོལ་བ་བཏབ་པའི་ཡོན་ཏན་གྱིས༔ ཚེ་འདིར་མི་མཐུན་རྒུད་པ་ཀུན་སེལ་ཏེ༔ འདི་ཕྱིའི་དགེ་ལེགས་ཡོན་ཏན་འབད་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་བླ་མ་ཆོས་གསལ་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་པའོ།།དགེའོ།།དགེའོ།།དགེའོ།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:48, 4 June 2024

Wylie title TTDL-ZABTER-12-NA-082.pdf
Location bdud 'joms gling pa zab gter
Volume 12, Text 82, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༤༧༡ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མའི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས༔ ན་མོ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༧༡རྣམ་གསུམ་དད་པའི་གདུང་ཤུགས་ཀྱིས༔ ན་མོ༔ ཀ་དག་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་༔ ལྷུན་གྲུབ་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོ༔ རྡོ་རྗེ་འཆང་དབང་དཔལ་ལྡན་རྡོ་རྗེ་སེམས༔ དགོངས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཡེ་ཤེས་མཁའ་འགྲོ་འགྲུབ་པར་བྱིན་གྱིས་རློབས༔ གཞོན་ནུ་བུམ་པའི་སྐུ་བརྙེས་དགའ་རབ་རྗེ༔ ཡེ་ཤེས་སྒྱུ་མའི་སྐུ་བརྙེས་ཤྲཱི་སེང་༔ གདུལ་དཀའ་འདུལ་མཛད་མཚོ་སྐྱེས་རྡོ་རྗེ་སོགས༔ བརྡ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཡེ་ཤེས་མཁའ་འགྲོ་འགྲུབ་པར་བྱིན་གྱིས་རློབས༔ པདྨ་ཀ་ར་རྗེ་འབངས་ཉེར་ལྔ་དང་༔ བརྒྱུད་གསུམ་ཆུ་བོ་གཅིག་འདྲེས་བླ་མ་རྗེ༔ སྙན་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཡེ་ཤེས་མཁའ་འགྲོ་འགྲུབ་པར་བྱིན་གྱིས་རློབས༔ ཀ་དག་ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལྷུན་གྲུབ་རང་གདངས་རྡོ་རྗེ་རྣལ་འབྱོར་མ༔ ཐུགས་རྗེ་ཐབས་ཀྱིས་འགྲོ་འདུལ་ཡུམ་ཆེན་ལྔ༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ ཡེ་ཤེས་མཁའ་འགྲོ་འགྲུབ་པར་བྱིན་གྱིས་རློབས༔ གནས་ཡུལ་དུར་ཁྲོད་ཀུན་གྱི་དབང་ཕྱུག་མོ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་ཚོགས་ལ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ ཡེ་ཤེས་འོད་སྐུར་གྲོལ་བར་བྱིན་གྱིས་རློབས༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་དང་༔ དྲང་སྲོང་གཟའ་མཆོག་ཆེན་པོ་ལ་སོགས་པའི༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གསོལ་བ་འདེབས༔ ཕྱི་ནང་བར་ཆད་ཞི་བའི་ཕྲིན་ལས་མཛོད༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ སྒྲུབ་པའི་མཐུན་རྐྱེན་ལེགས་ཚོགས་ཡོངས་འབྱོར་ཏེ༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་ཅིང་༔ ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་ཤོག༔ ས་མ་ཡ༔ དེ་ལྟར་གསོལ་བ་བཏབ་པའི་ཡོན་ཏན་གྱིས༔ ཚེ་འདིར་མི་མཐུན་རྒུད་པ་ཀུན་སེལ་ཏེ༔ འདི་ཕྱིའི་དགེ་ལེགས་ཡོན་ཏན་འབད་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་བླ་མ་ཆོས་གསལ་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་པའོ།།དགེའོ།།དགེའོ།།དགེའོ།།