TTDL-ZABTER-13-PA-021: Difference between revisions

From Dudjom Wiki
TTDL-ZABTER-13-PA-021
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ལྷ་ཆེན་དབང་ཕྱུག་ཆེ་པོ་ཡི༔ སྒྲུབ་ཐབས་ཡིད་བཞིན་འཁོར་ལོ་བཞུགས་སོ༔ ན་མོ་གུ་རུ་ཝེ༔ རྟེན་གཏོར་མི་དམིགས་པ་སྟོང་བ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་བྷྲུྃ༔ ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་སྣང་སྲིད་ལྷའི་ཡུལ་ས་འདོད་ཡོན་ཐམས་ཅད་རང་བྱུང་བའི་གནས་སུ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་དཔངས་མཐོ་བའི་སྟེང་དུ་ཟླ་ཕྱེད་ཀྱི་གདན་ལ་ཧྲཱིཿཡིག་དམར་གསལ་ཡོངས་སུ་གྱུར་པ་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་བག་དྲོ་ཞིང་ལྷུན་ཆགས་པ་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་ཞིང་གཡས་ལྕགས་ཀྱུས་ཁམས་གསུམ་འགུག་ཅིང་༔ གཡོན་ཉི་ཟེར་གྱི་ཞགས་པས་སྣང་སྲིད་བྲན་དུ་འཆིང་བ༔ ཞབས་གཉིས་དོར་སྟབས་སུ་བཞེངས་པས་གསང་བའི་རྡོ་རྗེ་བསྒྲེང་བ༔ རལ་བ་མཐིང་ནག་ས་ལ་སླེབ་ཅིང་ལྷའི་བུ་ཟླ་བ་ཐོད་དུ་བཅིངས་ཏེ་ཉི་མ་ལྟེ་བར་ངོམས་པའི་གཡོན་དུ་ཡུམ་མཆོག་ཨུ་མ་དཱེ་ཝི་དམར་མོ་མཛེས་སྡུག་བལྟ་བའི་ཆོག་མི་ཤེས་པ་གཡས་ནོར་བུ་དམར་པོ་དང་གཡོན་ཞགས་པ་བསྣམས་ཤིང་རལ་པ་ལྗང་སྔོན་ས་ལ་སླེབ་པའོ༔ གཡས་སུ་སྲས་མཆོག་མགོན་པོ་ནག་པོ་གཡས་ཙནྡན་གྱི་བིང་ཆེན་ཕྱར་ཞིང་གཡོན་ཐོད་ཁྲག་ཐོགས་པ་དར་ནག་གི་བེར་ཆེན་གསོལ་ཞིང་དུར་ཁྲོད་ཀྱི་ཆས་རྫོགས་པ༔ མཐར་ལས་བྱེད་ལྷ་མོ་བཞི་དང་དཔལ་མགོན་བདུན་ཅུ་ལ་སོགས་སྣང་སྲིད་ཀྱི་དྲེགས་པ་ཅན་ཐམས་ཅད་ཀྱིས་བསྐོར་བའི་གནས་གསུམ་ལས་འོད་འཕྲོས་པས་ཁམས་གསུམ་ལྷའི་གནས་ནས་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་ལ་བསྟིམ་མོ༔ དེ་ལྟར་བསྐྱེད་རིམ་གནད་ལྡན་པས༔ གནས་གསུམ་རྡོ་རྗེའི་སྙིང་པོ་དང་༔ རང་རང་སྲོག་གི་ཡི་གེ་ལས༔ འོད་འཕྲོས་རྒྱལ་བའི་ཞིང་ཁམས་དང་༔ འབྱུང་ལྔའི་ངོ་བོ་དབྱིངས་ཀྱི་ལྷ༔ དཀར་སེར་དམར་ལྗང་མཐིང་ག་ཡི༔ ཁ་དོག་ལྡན་པའི་ལྷ་ཆེན་པོ༔ བསྒོམ་པ་དང་འདྲ་སྤྱན་དྲངས་བསྟིམ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་བཙུན་མོ་ཨུ་མ་དཱེ་ཝི་སྤྲུལ་པའི་ལྷ་མོ་རྣམ་བཞི་བཀའ་སྲུང་ཆོས་སྐྱོང་རྒྱ་མཚོ་སྣང་སྲིད་དྲེགས་པ་ཕོ་མོ་བཀའ་སྡོད་བྲན་གཡོག་སྤྲུལ་པ་ཡང་སྤྲུལ་འཁོར་དང་ཡང་འཁོར་གཡོག་དང་ཡང་གཡོག་ཕོ་ཉ་ལས་མཁན་དང་བཅས་པ་ཐམས་ཅད་བཀའ་དང་དམ་ཚིག་གཉན་གྱིས་འབོད་དོ་དམ་ཚིག་དབང་གིས་བསྒྲུབ་ཅིང་བརྟེན་པའི་གནས་འདིར་གཤེགས་ཤིག་བྱོན་ཅིག་བཛྲ་ས་མ་ཡ་ཛ་ཛཿཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ དབང་ཕྱུག་འཁོར་བཅས་གཤེགས་སུ་གསོལ༔ དམ་ཚིག་གཉན་པོའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ ཕྲིན་ལས་རབ་འབྱམསས་ཡོངས་གྲུབ་མཛོད༔ མ་གཡེལ་མ་འགྱངས་ས་མ་ཡ༔ དེ་ནས་སྔགས་དམིགས་ནི༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་ཐུགས་ཀར་ཟླ་ཕྱེད་ཀྱི་གདན་ལ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཧྲཱིཿདམར་པོའི་མཐར༔ དེ་ཡི་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་ཐམས་ཅད་སྔགས་འདི་ཁོ་ནར་གྱུར་ནས་བཟླས་པ་ཙམ་གྱིས་དམ་ཚིག་གཉན་པོའི་སྲོག་ཐོབ་ནས་ཅི་བསམ་པའི་དོན་འགྲུབ་ཅིང་ཅི་བསྒོ་བའི་བཀའ་ཉན་པར་བསྒོམ་ལ་བཟླས་པར་བྱའོ༔ ཨོཾ་མ་ཧཱ་དྭེ་ཝ་ལོ་ཀི་ཤྭ་ར་ཧྲཱིཾཿཧྲཱིཾ་ཕེཾ་ཛཿཨོཾ་མ་ཧཱ་དཱེ་ཝ་ཧཱུྃ་ཨུ་མ་དཱེ་ཝི་ཧྲཱིཾ༔ ཛཿཧཱུྃ་བཾ་ཧོཿརང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་དང་བཅས་པ་ལས་འོད་ཟེར་འཕྲོས་པས་ལྷ་ཆེན་དབང་ཕྱུག་ཆེན་པོའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ཁམས་གསུམ་སྣོད་བཅུད་བརྟན་གཡོ་ཐམས་ཅད་ལྷ་ཆེན་དབང་ཕྱུག་ཆེན་པོའི་ཐུགས་ཀྱི་ཀློང་ཆེན་པོར་འདུས་ཤིང་དབང་བསྒྱུར་བར་བསམ༔ སྒྲུབ་སྔགས་བཟླ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ཧྲཱིཾཿཧྲཱིཾཿསོགས་ཤམ་དུ༔ ཨ་ནྲྀཿསརྦ་སིདྡྷི་ཧཱུྃ༔ བསྙེན་པ་ཅི་མང་བཟླ༔ སྐྱེ་འགྲོ་ཕོ་མོ་དབང་དུ་སྡུད་ན༔ རྩ་སྔགས་མཐར༔ ཨ་ནྲྀ་ཨཱ་ཀཪྵ་ཡ་ཛ་ཛཿནོར་དབང་དུ་སྡུད་ན༔ རྩ་སྔགས་མཐར༔ སརྦ་རཏྣ་བ་སུ་སིདྡྷི་བསྡུས་བསྡུས་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་ནོར་དབང་དུ་སྡུད་ན༔ རྩ་སྔགས་མཐར༔ སརྦ་ཁ་དྷེ་སིདྡྷི་བསྡུས་བསྡུས་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུད་ན༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཨཿནྲྀཿཏྲིཿཨཱ་ཀཪྵ་ཡ་ཛ་ཛཿསརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ལྟར་བསྒོམ་ནས་མཆོད་གསོལ་བས༔ དབང་ཕྱུག་ཆེན་པོ་ངེས་པར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པའང་པདྨ་ཆོས་འབྱོར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཕབ་པའོ།།སརྦ་མངྒ་ལཾ།།།།༈དེ་ནས་མཆོད་བསྟོད་ནི༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པཱདྱཾ་སོགས་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ ཐུགས་རྗེའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས༔ ཁམས་གསུམ་དབང་བསྒྱུར་ལྷ་ཡི་བླ་མར་བཞེངས༔ འགྲོ་དྲུག་འཁོར་དུ་སྡུད་ཅིང་བྲན་དུ་བཀོལ༔ ལྷ་ཆེན་དབང་ཕྱུག་སྡེ་ལ་ཕྱག་འཚལ་བསྟོད༔ ཐབས་མཆོག་བདེ་ཆེན་གར་གྱི་དབང་ཕྱུག་གིས༔ ཤེས་རབ་སྟོང་ཉིད་ཨུ་མ་དཱེ་ཝིའི་མཁར༔ སྦྱོར་དང་དགའ་བདེ་གཡོ་བའི་རླབས་ཤུགས་ཀྱིས༔ སྲིད་དང་ཞི་བའི་བདེ་ཆེན་མཁར་སྡུད་དེ༔ ཟག་མེད་བདེ་བའི་རོ་ལ་རོལ་བ་པོ༔ འགྲན་བྲལ་དབང་ཕྱུག་ཆེན་པོ་ཁྱོད་ལ་བསྟོད༔ ཅེས་བདུད་འཇོམས་རྡོ་རྗེས་ཕབ་པའོ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=13
|volumeLetter=PA
|textnuminvol=021
|pdflink=File:TTDL-ZABTER-13-PA-021.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-13-PA
}}
<h1>Tibetan Text</h1>
<onlyinclude>
{{TibP|ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ལྷ་ཆེན་དབང་ཕྱུག་ཆེ་པོ་ཡི༔ སྒྲུབ་ཐབས་ཡིད་བཞིན་འཁོར་ལོ་བཞུགས་སོ༔ ན་མོ་གུ་རུ་ཝེ༔ རྟེན་གཏོར་མི་དམིགས་པ་སྟོང་བ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་བྷྲུྃ༔ ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་སྣང་སྲིད་ལྷའི་ཡུལ་ས་འདོད་ཡོན་ཐམས་ཅད་རང་བྱུང་བའི་གནས་སུ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་དཔངས་མཐོ་བའི་སྟེང་དུ་ཟླ་ཕྱེད་ཀྱི་གདན་ལ་ཧྲཱིཿཡིག་དམར་གསལ་ཡོངས་སུ་གྱུར་པ་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་བག་དྲོ་ཞིང་ལྷུན་ཆགས་པ་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་ཞིང་གཡས་ལྕགས་ཀྱུས་ཁམས་གསུམ་འགུག་ཅིང་༔ གཡོན་ཉི་ཟེར་གྱི་ཞགས་པས་སྣང་སྲིད་བྲན་དུ་འཆིང་བ༔ ཞབས་གཉིས་དོར་སྟབས་སུ་བཞེངས་པས་གསང་བའི་རྡོ་རྗེ་བསྒྲེང་བ༔ རལ་བ་མཐིང་ནག་ས་ལ་སླེབ་ཅིང་ལྷའི་བུ་ཟླ་བ་ཐོད་དུ་བཅིངས་ཏེ་ཉི་མ་ལྟེ་བར་ངོམས་པའི་གཡོན་དུ་ཡུམ་མཆོག་ཨུ་མ་དཱེ་ཝི་དམར་མོ་མཛེས་སྡུག་བལྟ་བའི་ཆོག་མི་ཤེས་པ་གཡས་ནོར་བུ་དམར་པོ་དང་གཡོན་ཞགས་པ་བསྣམས་ཤིང་རལ་པ་ལྗང་སྔོན་ས་ལ་སླེབ་པའོ༔ གཡས་སུ་སྲས་མཆོག་མགོན་པོ་ནག་པོ་གཡས་ཙནྡན་གྱི་བིང་ཆེན་ཕྱར་ཞིང་གཡོན་ཐོད་ཁྲག་ཐོགས་པ་དར་ནག་གི་བེར་ཆེན་གསོལ་ཞིང་དུར་ཁྲོད་ཀྱི་ཆས་རྫོགས་པ༔ མཐར་ལས་བྱེད་ལྷ་མོ་བཞི་དང་དཔལ་མགོན་བདུན་ཅུ་ལ་སོགས་སྣང་སྲིད་ཀྱི་དྲེགས་པ་ཅན་ཐམས་ཅད་ཀྱིས་བསྐོར་བའི་གནས་གསུམ་ལས་འོད་འཕྲོས་པས་ཁམས་གསུམ་ལྷའི་གནས་ནས་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་ལ་བསྟིམ་མོ༔ དེ་ལྟར་བསྐྱེད་རིམ་གནད་ལྡན་པས༔ གནས་གསུམ་རྡོ་རྗེའི་སྙིང་པོ་དང་༔ རང་རང་སྲོག་གི་ཡི་གེ་ལས༔ འོད་འཕྲོས་རྒྱལ་བའི་ཞིང་ཁམས་དང་༔ འབྱུང་ལྔའི་ངོ་བོ་དབྱིངས་ཀྱི་ལྷ༔ དཀར་སེར་དམར་ལྗང་མཐིང་ག་ཡི༔ ཁ་དོག་ལྡན་པའི་ལྷ་ཆེན་པོ༔ བསྒོམ་པ་དང་འདྲ་སྤྱན་དྲངས་བསྟིམ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་བཙུན་མོ་ཨུ་མ་དཱེ་ཝི་སྤྲུལ་པའི་ལྷ་མོ་རྣམ་བཞི་བཀའ་སྲུང་ཆོས་སྐྱོང་རྒྱ་མཚོ་སྣང་སྲིད་དྲེགས་པ་ཕོ་མོ་བཀའ་སྡོད་བྲན་གཡོག་སྤྲུལ་པ་ཡང་སྤྲུལ་འཁོར་དང་ཡང་འཁོར་གཡོག་དང་ཡང་གཡོག་ཕོ་ཉ་ལས་མཁན་དང་བཅས་པ་ཐམས་ཅད་བཀའ་དང་དམ་ཚིག་གཉན་གྱིས་འབོད་དོ་དམ་ཚིག་དབང་གིས་བསྒྲུབ་ཅིང་བརྟེན་པའི་གནས་འདིར་གཤེགས་ཤིག་བྱོན་ཅིག་བཛྲ་ས་མ་ཡ་ཛ་ཛཿཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ དབང་ཕྱུག་འཁོར་བཅས་གཤེགས་སུ་གསོལ༔ དམ་ཚིག་གཉན་པོའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ ཕྲིན་ལས་རབ་འབྱམསས་ཡོངས་གྲུབ་མཛོད༔ མ་གཡེལ་མ་འགྱངས་ས་མ་ཡ༔ དེ་ནས་སྔགས་དམིགས་ནི༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་ཐུགས་ཀར་ཟླ་ཕྱེད་ཀྱི་གདན་ལ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཧྲཱིཿདམར་པོའི་མཐར༔ དེ་ཡི་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་ཐམས་ཅད་སྔགས་འདི་ཁོ་ནར་གྱུར་ནས་བཟླས་པ་ཙམ་གྱིས་དམ་ཚིག་གཉན་པོའི་སྲོག་ཐོབ་ནས་ཅི་བསམ་པའི་དོན་འགྲུབ་ཅིང་ཅི་བསྒོ་བའི་བཀའ་ཉན་པར་བསྒོམ་ལ་བཟླས་པར་བྱའོ༔ ཨོཾ་མ་ཧཱ་དྭེ་ཝ་ལོ་ཀི་ཤྭ་ར་ཧྲཱིཾཿཧྲཱིཾ་ཕེཾ་ཛཿཨོཾ་མ་ཧཱ་དཱེ་ཝ་ཧཱུྃ་ཨུ་མ་དཱེ་ཝི་ཧྲཱིཾ༔ ཛཿཧཱུྃ་བཾ་ཧོཿརང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་དང་བཅས་པ་ལས་འོད་ཟེར་འཕྲོས་པས་ལྷ་ཆེན་དབང་ཕྱུག་ཆེན་པོའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ཁམས་གསུམ་སྣོད་བཅུད་བརྟན་གཡོ་ཐམས་ཅད་ལྷ་ཆེན་དབང་ཕྱུག་ཆེན་པོའི་ཐུགས་ཀྱི་ཀློང་ཆེན་པོར་འདུས་ཤིང་དབང་བསྒྱུར་བར་བསམ༔ སྒྲུབ་སྔགས་བཟླ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ཧྲཱིཾཿཧྲཱིཾཿསོགས་ཤམ་དུ༔ ཨ་ནྲྀཿསརྦ་སིདྡྷི་ཧཱུྃ༔ བསྙེན་པ་ཅི་མང་བཟླ༔ སྐྱེ་འགྲོ་ཕོ་མོ་དབང་དུ་སྡུད་ན༔ རྩ་སྔགས་མཐར༔ ཨ་ནྲྀ་ཨཱ་ཀཪྵ་ཡ་ཛ་ཛཿནོར་དབང་དུ་སྡུད་ན༔ རྩ་སྔགས་མཐར༔ སརྦ་རཏྣ་བ་སུ་སིདྡྷི་བསྡུས་བསྡུས་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་ནོར་དབང་དུ་སྡུད་ན༔ རྩ་སྔགས་མཐར༔ སརྦ་ཁ་དྷེ་སིདྡྷི་བསྡུས་བསྡུས་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུད་ན༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཨཿནྲྀཿཏྲིཿཨཱ་ཀཪྵ་ཡ་ཛ་ཛཿསརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ལྟར་བསྒོམ་ནས་མཆོད་གསོལ་བས༔ དབང་ཕྱུག་ཆེན་པོ་ངེས་པར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པའང་པདྨ་ཆོས་འབྱོར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཕབ་པའོ།།སརྦ་མངྒ་ལཾ།།།།༈དེ་ནས་མཆོད་བསྟོད་ནི༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པཱདྱཾ་སོགས་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ ཐུགས་རྗེའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས༔ ཁམས་གསུམ་དབང་བསྒྱུར་ལྷ་ཡི་བླ་མར་བཞེངས༔ འགྲོ་དྲུག་འཁོར་དུ་སྡུད་ཅིང་བྲན་དུ་བཀོལ༔ ལྷ་ཆེན་དབང་ཕྱུག་སྡེ་ལ་ཕྱག་འཚལ་བསྟོད༔ ཐབས་མཆོག་བདེ་ཆེན་གར་གྱི་དབང་ཕྱུག་གིས༔ ཤེས་རབ་སྟོང་ཉིད་ཨུ་མ་དཱེ་ཝིའི་མཁར༔ སྦྱོར་དང་དགའ་བདེ་གཡོ་བའི་རླབས་ཤུགས་ཀྱིས༔ སྲིད་དང་ཞི་བའི་བདེ་ཆེན་མཁར་སྡུད་དེ༔ ཟག་མེད་བདེ་བའི་རོ་ལ་རོལ་བ་པོ༔ འགྲན་བྲལ་དབང་ཕྱུག་ཆེན་པོ་ཁྱོད་ལ་བསྟོད༔ ཅེས་བདུད་འཇོམས་རྡོ་རྗེས་ཕབ་པའོ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:23, 4 June 2024

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=13 |volumeLetter=PA |textnuminvol=021 |pdflink=File:TTDL-ZABTER-13-PA-021.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-13-PA }}

[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ལྷ་ཆེན་དབང་ཕྱུག་ཆེ་པོ་ཡི༔ སྒྲུབ་ཐབས་ཡིད་བཞིན་འཁོར་ལོ་བཞུགས་སོ༔ ན་མོ་གུ་རུ་ཝེ༔ རྟེན་གཏོར་མི་དམིགས་པ་སྟོང་བ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་བྷྲུྃ༔ ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་སྣང་སྲིད་ལྷའི་ཡུལ་ས་འདོད་ཡོན་ཐམས་ཅད་རང་བྱུང་བའི་གནས་སུ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་དཔངས་མཐོ་བའི་སྟེང་དུ་ཟླ་ཕྱེད་ཀྱི་གདན་ལ་ཧྲཱིཿཡིག་དམར་གསལ་ཡོངས་སུ་གྱུར་པ་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་བག་དྲོ་ཞིང་ལྷུན་ཆགས་པ་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་ཞིང་གཡས་ལྕགས་ཀྱུས་ཁམས་གསུམ་འགུག་ཅིང་༔ གཡོན་ཉི་ཟེར་གྱི་ཞགས་པས་སྣང་སྲིད་བྲན་དུ་འཆིང་བ༔ ཞབས་གཉིས་དོར་སྟབས་སུ་བཞེངས་པས་གསང་བའི་རྡོ་རྗེ་བསྒྲེང་བ༔ རལ་བ་མཐིང་ནག་ས་ལ་སླེབ་ཅིང་ལྷའི་བུ་ཟླ་བ་ཐོད་དུ་བཅིངས་ཏེ་ཉི་མ་ལྟེ་བར་ངོམས་པའི་གཡོན་དུ་ཡུམ་མཆོག་ཨུ་མ་དཱེ་ཝི་དམར་མོ་མཛེས་སྡུག་བལྟ་བའི་ཆོག་མི་ཤེས་པ་གཡས་ནོར་བུ་དམར་པོ་དང་གཡོན་ཞགས་པ་བསྣམས་ཤིང་རལ་པ་ལྗང་སྔོན་ས་ལ་སླེབ་པའོ༔ གཡས་སུ་སྲས་མཆོག་མགོན་པོ་ནག་པོ་གཡས་ཙནྡན་གྱི་བིང་ཆེན་ཕྱར་ཞིང་གཡོན་ཐོད་ཁྲག་ཐོགས་པ་དར་ནག་གི་བེར་ཆེན་གསོལ་ཞིང་དུར་ཁྲོད་ཀྱི་ཆས་རྫོགས་པ༔ མཐར་ལས་བྱེད་ལྷ་མོ་བཞི་དང་དཔལ་མགོན་བདུན་ཅུ་ལ་སོགས་སྣང་སྲིད་ཀྱི་དྲེགས་པ་ཅན་ཐམས་ཅད་ཀྱིས་བསྐོར་བའི་གནས་གསུམ་ལས་འོད་འཕྲོས་པས་ཁམས་གསུམ་ལྷའི་གནས་ནས་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་ལ་བསྟིམ་མོ༔ དེ་ལྟར་བསྐྱེད་རིམ་གནད་ལྡན་པས༔ གནས་གསུམ་རྡོ་རྗེའི་སྙིང་པོ་དང་༔ རང་རང་སྲོག་གི་ཡི་གེ་ལས༔ འོད་འཕྲོས་རྒྱལ་བའི་ཞིང་ཁམས་དང་༔ འབྱུང་ལྔའི་ངོ་བོ་དབྱིངས་ཀྱི་ལྷ༔ དཀར་སེར་དམར་ལྗང་མཐིང་ག་ཡི༔ ཁ་དོག་ལྡན་པའི་ལྷ་ཆེན་པོ༔ བསྒོམ་པ་དང་འདྲ་སྤྱན་དྲངས་བསྟིམ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་བཙུན་མོ་ཨུ་མ་དཱེ་ཝི་སྤྲུལ་པའི་ལྷ་མོ་རྣམ་བཞི་བཀའ་སྲུང་ཆོས་སྐྱོང་རྒྱ་མཚོ་སྣང་སྲིད་དྲེགས་པ་ཕོ་མོ་བཀའ་སྡོད་བྲན་གཡོག་སྤྲུལ་པ་ཡང་སྤྲུལ་འཁོར་དང་ཡང་འཁོར་གཡོག་དང་ཡང་གཡོག་ཕོ་ཉ་ལས་མཁན་དང་བཅས་པ་ཐམས་ཅད་བཀའ་དང་དམ་ཚིག་གཉན་གྱིས་འབོད་དོ་དམ་ཚིག་དབང་གིས་བསྒྲུབ་ཅིང་བརྟེན་པའི་གནས་འདིར་གཤེགས་ཤིག་བྱོན་ཅིག་བཛྲ་ས་མ་ཡ་ཛ་ཛཿཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ དབང་ཕྱུག་འཁོར་བཅས་གཤེགས་སུ་གསོལ༔ དམ་ཚིག་གཉན་པོའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ ཕྲིན་ལས་རབ་འབྱམསས་ཡོངས་གྲུབ་མཛོད༔ མ་གཡེལ་མ་འགྱངས་ས་མ་ཡ༔ དེ་ནས་སྔགས་དམིགས་ནི༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་ཐུགས་ཀར་ཟླ་ཕྱེད་ཀྱི་གདན་ལ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཧྲཱིཿདམར་པོའི་མཐར༔ དེ་ཡི་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་ཐམས་ཅད་སྔགས་འདི་ཁོ་ནར་གྱུར་ནས་བཟླས་པ་ཙམ་གྱིས་དམ་ཚིག་གཉན་པོའི་སྲོག་ཐོབ་ནས་ཅི་བསམ་པའི་དོན་འགྲུབ་ཅིང་ཅི་བསྒོ་བའི་བཀའ་ཉན་པར་བསྒོམ་ལ་བཟླས་པར་བྱའོ༔ ཨོཾ་མ་ཧཱ་དྭེ་ཝ་ལོ་ཀི་ཤྭ་ར་ཧྲཱིཾཿཧྲཱིཾ་ཕེཾ་ཛཿཨོཾ་མ་ཧཱ་དཱེ་ཝ་ཧཱུྃ་ཨུ་མ་དཱེ་ཝི་ཧྲཱིཾ༔ ཛཿཧཱུྃ་བཾ་ཧོཿརང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་དང་བཅས་པ་ལས་འོད་ཟེར་འཕྲོས་པས་ལྷ་ཆེན་དབང་ཕྱུག་ཆེན་པོའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ཁམས་གསུམ་སྣོད་བཅུད་བརྟན་གཡོ་ཐམས་ཅད་ལྷ་ཆེན་དབང་ཕྱུག་ཆེན་པོའི་ཐུགས་ཀྱི་ཀློང་ཆེན་པོར་འདུས་ཤིང་དབང་བསྒྱུར་བར་བསམ༔ སྒྲུབ་སྔགས་བཟླ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ཧྲཱིཾཿཧྲཱིཾཿསོགས་ཤམ་དུ༔ ཨ་ནྲྀཿསརྦ་སིདྡྷི་ཧཱུྃ༔ བསྙེན་པ་ཅི་མང་བཟླ༔ སྐྱེ་འགྲོ་ཕོ་མོ་དབང་དུ་སྡུད་ན༔ རྩ་སྔགས་མཐར༔ ཨ་ནྲྀ་ཨཱ་ཀཪྵ་ཡ་ཛ་ཛཿནོར་དབང་དུ་སྡུད་ན༔ རྩ་སྔགས་མཐར༔ སརྦ་རཏྣ་བ་སུ་སིདྡྷི་བསྡུས་བསྡུས་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་ནོར་དབང་དུ་སྡུད་ན༔ རྩ་སྔགས་མཐར༔ སརྦ་ཁ་དྷེ་སིདྡྷི་བསྡུས་བསྡུས་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུད་ན༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཨཿནྲྀཿཏྲིཿཨཱ་ཀཪྵ་ཡ་ཛ་ཛཿསརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ལྟར་བསྒོམ་ནས་མཆོད་གསོལ་བས༔ དབང་ཕྱུག་ཆེན་པོ་ངེས་པར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པའང་པདྨ་ཆོས་འབྱོར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཕབ་པའོ།།སརྦ་མངྒ་ལཾ།།།།༈དེ་ནས་མཆོད་བསྟོད་ནི༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པཱདྱཾ་སོགས་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ ཐུགས་རྗེའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས༔ ཁམས་གསུམ་དབང་བསྒྱུར་ལྷ་ཡི་བླ་མར་བཞེངས༔ འགྲོ་དྲུག་འཁོར་དུ་སྡུད་ཅིང་བྲན་དུ་བཀོལ༔ ལྷ་ཆེན་དབང་ཕྱུག་སྡེ་ལ་ཕྱག་འཚལ་བསྟོད༔ ཐབས་མཆོག་བདེ་ཆེན་གར་གྱི་དབང་ཕྱུག་གིས༔ ཤེས་རབ་སྟོང་ཉིད་ཨུ་མ་དཱེ་ཝིའི་མཁར༔ སྦྱོར་དང་དགའ་བདེ་གཡོ་བའི་རླབས་ཤུགས་ཀྱིས༔ སྲིད་དང་ཞི་བའི་བདེ་ཆེན་མཁར་སྡུད་དེ༔ ཟག་མེད་བདེ་བའི་རོ་ལ་རོལ་བ་པོ༔ འགྲན་བྲལ་དབང་ཕྱུག་ཆེན་པོ་ཁྱོད་ལ་བསྟོད༔ ཅེས་བདུད་འཇོམས་རྡོ་རྗེས་ཕབ་པའོ།།།།