TTDL-ZABTER-13-PA-025: Difference between revisions
From Dudjom Wiki
TTDL-ZABTER-13-PA-025
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་མཆོད་གསོལ་ཁམས་གསུམ་དབང་སྡུད་བཞུགས་སོ༔ ༠༠༠༠བརྡ་ཡིག༨༥ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༨༥ལྷ་ཆེན་དབང་ཕྱུག་ཆེན་པོ་ཉིད༔ མི་འབྲལ་གྲོགས་སུ་འཁོར་བའི་ཕྱིར༔ འབྱོར་ཚོགས་ཅི་རིགས་བཤམས་བྱས་ཏེ༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ རྟེན་འབྲེལ་སྙིང་པོས་མང་དུ་སྤེལ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ ཧཱུྃ་བྷྲཱུྃ་ཏྲཾ༔ རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་བདེ་ཆེན་བཀོད་པ་རབ་རྫོགས་ཀྱི་གཞལ་ཡས་ཁང་ཡངས་པའི་ནང་དུ་རིན་པོ་ཆེའི་ཁྲི་ལ་པདྨ་དང་ཉི་ཟླའི་སྟེང་དུ་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་གསལ་གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་བསྣམས་པ་གཅེར་བུ་འདོར་སྟབས་སུ་འགྱིང་བའི་དབུ་སྐྲ་རལ་པའི་ཐོར་གཙུག་ལ་ཟླ་ཕྱེད་ཀྱིས་བརྒྱན་པའི་གཡོན་དུ་ཡུམ་ཨུ་མ་དཱེ་ཝི་དམར་མོ་གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་བསྣམས་ནས་ཡབ་ཀྱི་སྐུར་འཁྲིལ་ལ་ཁད་པ་འོད་ཕུང་བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་ཕྱོགས་བཞིར་དུས་བཞིའི་ལྷ་མོ་འཁོར་སྣང་སྲིད་དྲེགས་པའི་ཚོགས་ཀྱིས་བསྐོར་བ་ལས་འོད་འཕྲོས་པས་བསྒོམ་པ་དང་འདྲ་བ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ་མོ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིང་ཛ་ཛཿབཟླས་མཐར༔ ཨོཾ་ཨཱཿཧཱུྃ༔ དཀར་གསུམ་མངར་གསུམ་ཟས་སྣ་དང་༔ ལ་ཏི་མྱོས་བྱེད་ཡིད་བཞིན་ནོར༔ བཙོས་དང་རྗེན་ཤ་ཁུ་བ་རྐང་༔ ཇ་ཆང་ཁྲག་སྐྱེམས་བདུད་རྩིའི་མཚོ༔ གོས་དར་རས་འཇམ་པཉྩ་ལི༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ རིན་ཆེན་སྣ་བདུན་གོ་མཚོན་དཀོར༔ འདོད་རྒུའི་དཔལ་ཡོན་ལོངས་སྤྱོད་ཚོགས༔ དངོས་འབྱོར་ཡིད་ཀྱིས་རྣལ་འཕྲུལ་ཏེ༔ དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐང་༔ ཨུ་མ་དཱེ་ཝིའི་ཐུགས་དམ་བསྐང་༔ སྤྲུལ་པ་མ་བཞིའི་ཐུགས་དམ་བསྐང་༔ ཚོགས་ཀྱི་བདག་པོའི་ཐུགས་དམ་བསྐང་༔ འདོད་པའི་རྒྱལ་པོའི་ཐུགས་དམ་བསྐང་༔ དྲེགས་པའི་འཁོར་ཚོགས་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སྐད་ཅིག་ཙམ་ཡང་འབྲལ་མེད་དུ༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ ཕ་མ་བུ་ཚ་བཞིན་བརྩེས་སྐྱོངས༔ ནད་གདོན་བར་ཆད་ཀུན་ཞི་ཞིང་༔ ཚེ་བསོད་དཔལ་འབྱོར་རྒྱས་པ་དང་༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས༔ འདོད་རྒུའི་དཔལ་ཡོན་ཆར་དུ་ཕོབ༔ དགྲ་བགེགས་གནོད་བྱེད་རྡུལ་དུ་རློག༔ གང་བསམ་འདོད་དོན་ཡོངས་འགྲུབ་མཛོད༔ བཀའ་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་བཛྲ་ས་མ་ཡ༔ དེ་ལྟར་བསྐྱེད་དམིགས་གནད་ལྡན་པས༔ བསྐང་གསོལ་རིམ་པར་འབད་ནུས་ན༔ ལུས་དང་གྲིབ་མ་ལྟར་འཁོར་ཞིང་༔ རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདིའང་རིགས་སྲས་ལྷ་ཆེན་སྟོབས་རྒྱལ་གྱིས་བསྐུར་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།༈གསང་བའི་གབ་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་སྤྱི་བོར་རལ་པའི་ཅོད་པན་གྱི་སྟེང་དུ་སྤྱན་རས་གཟིགས་ཐོ་རངས་སྐར་ཆེན་ཤར་བ་ལྟ་བུ་དང་ཡུམ་གྱི་སྤྱི་བོར་འཕགས་མ་སྒྲོལ་མ་ཚོན་གང་བས་དབུ་བརྒྱན་པར་གྱུར༔ ཀྱཻ༔ ཁམས་གསུམ་དབང་ཕྱུག་ལྷ་ཆེན་པོ༔ མ་ཧཱ་དཱེ་ཝ་ཡབ་ཡུམ་འཁོར༔ འདིར་གཤེགས་དད་མོས་གུས་པས་མཆོད༔ འདོད་རྒུའི་ཆར་ཕོབས་དགྲ་བགེགས་སྒྲོལ༔ སྐད་ཅིག་མི་འབྲལ་སྲུང་སྐྱོབས་ལ༔ མི་མཐུན་ཉེར་འཚེ་ཐམས་ཅད་བཟློག༔ ཨོཾ་མ་ཧཱ་དཱེ་ཝ་ཛཿཨུ་མ་དཱེ་ཝི་ཧྲཱིཾ༔ ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོཿཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི༔ ཞེས་པའི་གསོལ་མཆོད་གྲངས་མང་བསྐྱར་བས་བསམ་དོན་ངེས་པར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=13 | |||
|volumeLetter=PA | |||
|textnuminvol=025 | |||
|pdflink=File:TTDL-ZABTER-13-PA-025.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-13-PA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་མཆོད་གསོལ་ཁམས་གསུམ་དབང་སྡུད་བཞུགས་སོ༔ ༠༠༠༠བརྡ་ཡིག༨༥ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༨༥ལྷ་ཆེན་དབང་ཕྱུག་ཆེན་པོ་ཉིད༔ མི་འབྲལ་གྲོགས་སུ་འཁོར་བའི་ཕྱིར༔ འབྱོར་ཚོགས་ཅི་རིགས་བཤམས་བྱས་ཏེ༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ རྟེན་འབྲེལ་སྙིང་པོས་མང་དུ་སྤེལ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ ཧཱུྃ་བྷྲཱུྃ་ཏྲཾ༔ རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་བདེ་ཆེན་བཀོད་པ་རབ་རྫོགས་ཀྱི་གཞལ་ཡས་ཁང་ཡངས་པའི་ནང་དུ་རིན་པོ་ཆེའི་ཁྲི་ལ་པདྨ་དང་ཉི་ཟླའི་སྟེང་དུ་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་གསལ་གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་བསྣམས་པ་གཅེར་བུ་འདོར་སྟབས་སུ་འགྱིང་བའི་དབུ་སྐྲ་རལ་པའི་ཐོར་གཙུག་ལ་ཟླ་ཕྱེད་ཀྱིས་བརྒྱན་པའི་གཡོན་དུ་ཡུམ་ཨུ་མ་དཱེ་ཝི་དམར་མོ་གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་བསྣམས་ནས་ཡབ་ཀྱི་སྐུར་འཁྲིལ་ལ་ཁད་པ་འོད་ཕུང་བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་ཕྱོགས་བཞིར་དུས་བཞིའི་ལྷ་མོ་འཁོར་སྣང་སྲིད་དྲེགས་པའི་ཚོགས་ཀྱིས་བསྐོར་བ་ལས་འོད་འཕྲོས་པས་བསྒོམ་པ་དང་འདྲ་བ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ་མོ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིང་ཛ་ཛཿབཟླས་མཐར༔ ཨོཾ་ཨཱཿཧཱུྃ༔ དཀར་གསུམ་མངར་གསུམ་ཟས་སྣ་དང་༔ ལ་ཏི་མྱོས་བྱེད་ཡིད་བཞིན་ནོར༔ བཙོས་དང་རྗེན་ཤ་ཁུ་བ་རྐང་༔ ཇ་ཆང་ཁྲག་སྐྱེམས་བདུད་རྩིའི་མཚོ༔ གོས་དར་རས་འཇམ་པཉྩ་ལི༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ རིན་ཆེན་སྣ་བདུན་གོ་མཚོན་དཀོར༔ འདོད་རྒུའི་དཔལ་ཡོན་ལོངས་སྤྱོད་ཚོགས༔ དངོས་འབྱོར་ཡིད་ཀྱིས་རྣལ་འཕྲུལ་ཏེ༔ དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐང་༔ ཨུ་མ་དཱེ་ཝིའི་ཐུགས་དམ་བསྐང་༔ སྤྲུལ་པ་མ་བཞིའི་ཐུགས་དམ་བསྐང་༔ ཚོགས་ཀྱི་བདག་པོའི་ཐུགས་དམ་བསྐང་༔ འདོད་པའི་རྒྱལ་པོའི་ཐུགས་དམ་བསྐང་༔ དྲེགས་པའི་འཁོར་ཚོགས་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སྐད་ཅིག་ཙམ་ཡང་འབྲལ་མེད་དུ༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ ཕ་མ་བུ་ཚ་བཞིན་བརྩེས་སྐྱོངས༔ ནད་གདོན་བར་ཆད་ཀུན་ཞི་ཞིང་༔ ཚེ་བསོད་དཔལ་འབྱོར་རྒྱས་པ་དང་༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས༔ འདོད་རྒུའི་དཔལ་ཡོན་ཆར་དུ་ཕོབ༔ དགྲ་བགེགས་གནོད་བྱེད་རྡུལ་དུ་རློག༔ གང་བསམ་འདོད་དོན་ཡོངས་འགྲུབ་མཛོད༔ བཀའ་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་བཛྲ་ས་མ་ཡ༔ དེ་ལྟར་བསྐྱེད་དམིགས་གནད་ལྡན་པས༔ བསྐང་གསོལ་རིམ་པར་འབད་ནུས་ན༔ ལུས་དང་གྲིབ་མ་ལྟར་འཁོར་ཞིང་༔ རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདིའང་རིགས་སྲས་ལྷ་ཆེན་སྟོབས་རྒྱལ་གྱིས་བསྐུར་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།༈གསང་བའི་གབ་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་སྤྱི་བོར་རལ་པའི་ཅོད་པན་གྱི་སྟེང་དུ་སྤྱན་རས་གཟིགས་ཐོ་རངས་སྐར་ཆེན་ཤར་བ་ལྟ་བུ་དང་ཡུམ་གྱི་སྤྱི་བོར་འཕགས་མ་སྒྲོལ་མ་ཚོན་གང་བས་དབུ་བརྒྱན་པར་གྱུར༔ ཀྱཻ༔ ཁམས་གསུམ་དབང་ཕྱུག་ལྷ་ཆེན་པོ༔ མ་ཧཱ་དཱེ་ཝ་ཡབ་ཡུམ་འཁོར༔ འདིར་གཤེགས་དད་མོས་གུས་པས་མཆོད༔ འདོད་རྒུའི་ཆར་ཕོབས་དགྲ་བགེགས་སྒྲོལ༔ སྐད་ཅིག་མི་འབྲལ་སྲུང་སྐྱོབས་ལ༔ མི་མཐུན་ཉེར་འཚེ་ཐམས་ཅད་བཟློག༔ ཨོཾ་མ་ཧཱ་དཱེ་ཝ་ཛཿཨུ་མ་དཱེ་ཝི་ཧྲཱིཾ༔ ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོཿཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི༔ ཞེས་པའི་གསོལ་མཆོད་གྲངས་མང་བསྐྱར་བས་བསམ་དོན་ངེས་པར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:43, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 13, Text 25, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||