TTDL-ZABTER-13-PA-107: Difference between revisions

From Dudjom Wiki
TTDL-ZABTER-13-PA-107
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྡེ་བརྒྱད་འཁྲུགས་བསྐང་དགེ་ལེགས་ཀུན་འབྱུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སྡེ་བརྒྱད་འཁྲུགས་པ་བསྐང་བའི་ཕྱིར༔ འབྲུ་སྣ་ཟས་སྣ་ཤ་དུམ་དང་༔ གཟུགས་འགྲོས་རྣམ་པ་སྣ་ཚོགས་པ༔ མཆོད་པའི་རྫས་སུ་བཤམས་བྱས་ཏེ༔ སྡེ་བརྒྱད་བཤོས་བུ་སྤྱི་ལྟར་བཀོད༔ རང་ཉིད་ཡི་དམ་ལྷར་གསལ་ཏེ༔ ཧཱུྃ་ཛཿསྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ ཕྱི་ནང་གསང་བའི་དཀོན་མཆོག་གསུམ༔ མ་ལུས་ལུས་པ་མེད་པ་རུ༔ མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ ཡེ་ཤེས་འཇིག་རྟེན་དྲེགས་པའི་ཚོགས༔ ཕྱི་ནང་གསང་བ་མཆོག་དང་ནི༔ སྤྲུལ་པ་སྣང་སྲིད་སྡེ་བརྒྱད་ཚོགས༔ མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿཞེས་ལན་གསུམ་བརྗོད༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ ནམ་མཁའ་མཛོད་སྔགས་ལན་བདུན་དང་༔ རྟེན་འབྲེལ་སྙིང་པོ་དེ་བཞིན་བརྗོད༔ མཆོད་སྤྲིན་ནམ་མཁའ་དང་མཉམ་སྤེལ༔ ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ འདོད་རྒུའི་དཔལ་ཡོན་ནམ་མཁའ་མཛོད༔ མི་ཟད་རྒྱན་གྱི་འཁོར་ལོ་འདིས༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་དང་༔ བཀའ་སྲུང་ཡོངས་ཀྱི་ཐུགས་དམ་བསྐང་༔ ལྷ་དང་ལྷ་མིན་དབང་པོ་དང་༔ ཀླུ་དང་མི་འམ་ཅི་ཡི་དབང་༔ གནོད་སྦྱིན་མཁའ་ལྡིང་མགོན་པོའི་ཚོགས༔ མ་ལུས་འཁོར་བཅས་ཐུགས་དམ་བསྐང་༔ ཐུགས་དང་འགལ་གྱུར་ཅི་མཆིས་བཤགས༔ དྲི་ཟ་གཤིན་རྗེ་ཆུ་བདག་དང་༔ གནོད་སྦྱིན་མེ་ལྷ་སྲིན་པོ་དང་༔ རླུང་ལྷ་དབང་དང་ལྡན་པའི་ལྷ༔ མ་ལུས་འཁོར་བཅས་ཐུགས་དམ་བསྐང་༔ འགལ་གྱུར་ཉེས་ཚོགས་ཅི་མཆིས་བཤགས༔ ནང་དང་གསང་བ་མཆོག་དང་ནི༔ སྤྲུལ་པ་སྣང་སྲིད་སྡེ་བརྒྱད་ཚོགས༔ མ་ལུས་འཁོར་དང་བཅས་པ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ གཞན་ཡང་སྣང་ཞིང་སྲིད་པ་ལ༔ དབང་བསྒྱུར་ལེགས་ཉེས་སྟངས་འཛིན་ཅིང་༔ དམ་ཚིག་གཉན་པོའི་རྗེས་གཅོད་པའི༔ ཀོ་ལོང་རུ་ང་ཕྲག་དོག་ཅན༔ མི་སྲུན་སྟོབས་ལྡན་དྲེགས་པའི་ཚོགས༔ མ་ལུས་འཁོར་དང་བཅས་པ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཁྱེད་ཅག་མངོན་ཤེས་སྤྱན་དང་ལྡན༔ ཀུན་ཀྱང་བདག་ལ་དགོངས་སུ་གསོལ༔ ཀུན་བཟང་རྡོར་འཆང་རྡོ་རྗེ་ཅན༔ རྗེ་བཙུན་པདྨ་ཐོད་ཕྲེང་དང་༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ ཉེས་འགལ་འཁོན་འཁྲུགས་མ་ལུས་པ༔ དེ་རིང་བཤགས་སོ་བཟོད་པར་བཞེས༔ བདག་ནི་མ་རིག་དབང་གྱུར་ཏེ༔ སྒོ་གསུམ་བག་མེད་ཅི་མཆིས་པ༔ དེ་རིང་བཤགས་སོ་གནོང་ཞིང་འགྱོད༔ འབྱོར་ཚོགས་མཆོད་པའི་ཡོ་བྱད་ལ༔ ཏིང་འཛིན་སྔགས་རྒྱས་བྱིན་རླབས་ཏེ༔ དྲེགས་པ་ཁྱེད་ལ་འབུལ་ལགས་ཀྱིས༔ བཞེས་ནས་མཁོན་འཁྲུགས་ཀུན་སྦྱངས་ཏེ༔ མཉེས་ཚིམས་བརྩེ་དགོངས་བྱམས་སེམས་ཀྱིས༔ བདག་སྐྱོང་རབ་འབྱམས་ཕྲིན་ལས་སྒྲུབས༔ ཕྱིན་ཆད་འཁྲུག་པར་མ་གྱུར་ཅིག༔ མི་སྲུན་སྐྱེ་བོའི་ལོག་སྤྱོད་ཀྱིས༔ དྲེགས་པའི་ཐུགས་དང་འགལ་བའི་རྐྱེན༔ མི་ཕྱུགས་ནད་རིམས་གོད་ཡམས་དང་༔ དུས་འཁྲུགས་ནད་མཚོན་མུ་གེའི་ཚོགས༔ ཐམས་ཅད་བཟློག་བསྒྱུར་ཕྲིན་ལས་མཛོད༔ རྫོགས་ལྡན་དུས་ཀྱི་བསྐལ་པ་ཡི༔ བདག་ཅག་ལྷ་མི་འཁོར་དང་བཅས༔ ཟག་མེད་བདེ་ལ་སྤྱོད་གྱུར་ཅིག༔ དམ་ཚིག་གཉན་ལ་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ལྟར་གྲངས་ལྡན་བསྐྱར་གྱུར་ན༔ སྲུང་མ་མཉེས་ཤིང་མཁོན་པ་འདུམ༔ མཐུན་རྐྱེན་འདོད་དོན་འབད་མེད་འགྲུབ༔ ས་མ་ཡ༔ ཨྠིྀ༔ ཞེས་པ་འདི་སློབ་བུ་ཆོས་འབྱོར་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་འཇམ་དཔལ་རྡོ་རྗེས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=13
|volumeLetter=PA
|textnuminvol=107
|pdflink=File:TTDL-ZABTER-13-PA-107.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-13-PA
}}
<h1>Tibetan Text</h1>
<onlyinclude>
{{TibP|ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྡེ་བརྒྱད་འཁྲུགས་བསྐང་དགེ་ལེགས་ཀུན་འབྱུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སྡེ་བརྒྱད་འཁྲུགས་པ་བསྐང་བའི་ཕྱིར༔ འབྲུ་སྣ་ཟས་སྣ་ཤ་དུམ་དང་༔ གཟུགས་འགྲོས་རྣམ་པ་སྣ་ཚོགས་པ༔ མཆོད་པའི་རྫས་སུ་བཤམས་བྱས་ཏེ༔ སྡེ་བརྒྱད་བཤོས་བུ་སྤྱི་ལྟར་བཀོད༔ རང་ཉིད་ཡི་དམ་ལྷར་གསལ་ཏེ༔ ཧཱུྃ་ཛཿསྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ ཕྱི་ནང་གསང་བའི་དཀོན་མཆོག་གསུམ༔ མ་ལུས་ལུས་པ་མེད་པ་རུ༔ མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ ཡེ་ཤེས་འཇིག་རྟེན་དྲེགས་པའི་ཚོགས༔ ཕྱི་ནང་གསང་བ་མཆོག་དང་ནི༔ སྤྲུལ་པ་སྣང་སྲིད་སྡེ་བརྒྱད་ཚོགས༔ མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿཞེས་ལན་གསུམ་བརྗོད༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ ནམ་མཁའ་མཛོད་སྔགས་ལན་བདུན་དང་༔ རྟེན་འབྲེལ་སྙིང་པོ་དེ་བཞིན་བརྗོད༔ མཆོད་སྤྲིན་ནམ་མཁའ་དང་མཉམ་སྤེལ༔ ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ འདོད་རྒུའི་དཔལ་ཡོན་ནམ་མཁའ་མཛོད༔ མི་ཟད་རྒྱན་གྱི་འཁོར་ལོ་འདིས༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་དང་༔ བཀའ་སྲུང་ཡོངས་ཀྱི་ཐུགས་དམ་བསྐང་༔ ལྷ་དང་ལྷ་མིན་དབང་པོ་དང་༔ ཀླུ་དང་མི་འམ་ཅི་ཡི་དབང་༔ གནོད་སྦྱིན་མཁའ་ལྡིང་མགོན་པོའི་ཚོགས༔ མ་ལུས་འཁོར་བཅས་ཐུགས་དམ་བསྐང་༔ ཐུགས་དང་འགལ་གྱུར་ཅི་མཆིས་བཤགས༔ དྲི་ཟ་གཤིན་རྗེ་ཆུ་བདག་དང་༔ གནོད་སྦྱིན་མེ་ལྷ་སྲིན་པོ་དང་༔ རླུང་ལྷ་དབང་དང་ལྡན་པའི་ལྷ༔ མ་ལུས་འཁོར་བཅས་ཐུགས་དམ་བསྐང་༔ འགལ་གྱུར་ཉེས་ཚོགས་ཅི་མཆིས་བཤགས༔ ནང་དང་གསང་བ་མཆོག་དང་ནི༔ སྤྲུལ་པ་སྣང་སྲིད་སྡེ་བརྒྱད་ཚོགས༔ མ་ལུས་འཁོར་དང་བཅས་པ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ གཞན་ཡང་སྣང་ཞིང་སྲིད་པ་ལ༔ དབང་བསྒྱུར་ལེགས་ཉེས་སྟངས་འཛིན་ཅིང་༔ དམ་ཚིག་གཉན་པོའི་རྗེས་གཅོད་པའི༔ ཀོ་ལོང་རུ་ང་ཕྲག་དོག་ཅན༔ མི་སྲུན་སྟོབས་ལྡན་དྲེགས་པའི་ཚོགས༔ མ་ལུས་འཁོར་དང་བཅས་པ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཁྱེད་ཅག་མངོན་ཤེས་སྤྱན་དང་ལྡན༔ ཀུན་ཀྱང་བདག་ལ་དགོངས་སུ་གསོལ༔ ཀུན་བཟང་རྡོར་འཆང་རྡོ་རྗེ་ཅན༔ རྗེ་བཙུན་པདྨ་ཐོད་ཕྲེང་དང་༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ ཉེས་འགལ་འཁོན་འཁྲུགས་མ་ལུས་པ༔ དེ་རིང་བཤགས་སོ་བཟོད་པར་བཞེས༔ བདག་ནི་མ་རིག་དབང་གྱུར་ཏེ༔ སྒོ་གསུམ་བག་མེད་ཅི་མཆིས་པ༔ དེ་རིང་བཤགས་སོ་གནོང་ཞིང་འགྱོད༔ འབྱོར་ཚོགས་མཆོད་པའི་ཡོ་བྱད་ལ༔ ཏིང་འཛིན་སྔགས་རྒྱས་བྱིན་རླབས་ཏེ༔ དྲེགས་པ་ཁྱེད་ལ་འབུལ་ལགས་ཀྱིས༔ བཞེས་ནས་མཁོན་འཁྲུགས་ཀུན་སྦྱངས་ཏེ༔ མཉེས་ཚིམས་བརྩེ་དགོངས་བྱམས་སེམས་ཀྱིས༔ བདག་སྐྱོང་རབ་འབྱམས་ཕྲིན་ལས་སྒྲུབས༔ ཕྱིན་ཆད་འཁྲུག་པར་མ་གྱུར་ཅིག༔ མི་སྲུན་སྐྱེ་བོའི་ལོག་སྤྱོད་ཀྱིས༔ དྲེགས་པའི་ཐུགས་དང་འགལ་བའི་རྐྱེན༔ མི་ཕྱུགས་ནད་རིམས་གོད་ཡམས་དང་༔ དུས་འཁྲུགས་ནད་མཚོན་མུ་གེའི་ཚོགས༔ ཐམས་ཅད་བཟློག་བསྒྱུར་ཕྲིན་ལས་མཛོད༔ རྫོགས་ལྡན་དུས་ཀྱི་བསྐལ་པ་ཡི༔ བདག་ཅག་ལྷ་མི་འཁོར་དང་བཅས༔ ཟག་མེད་བདེ་ལ་སྤྱོད་གྱུར་ཅིག༔ དམ་ཚིག་གཉན་ལ་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ལྟར་གྲངས་ལྡན་བསྐྱར་གྱུར་ན༔ སྲུང་མ་མཉེས་ཤིང་མཁོན་པ་འདུམ༔ མཐུན་རྐྱེན་འདོད་དོན་འབད་མེད་འགྲུབ༔ ས་མ་ཡ༔ ཨྠིྀ༔ ཞེས་པ་འདི་སློབ་བུ་ཆོས་འབྱོར་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་འཇམ་དཔལ་རྡོ་རྗེས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:45, 4 June 2024

Wylie title TTDL-ZABTER-13-PA-107.pdf
Location bdud 'joms gling pa zab gter
Volume 13, Text 107, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྡེ་བརྒྱད་འཁྲུགས་བསྐང་དགེ་ལེགས་ཀུན་འབྱུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སྡེ་བརྒྱད་འཁྲུགས་པ་བསྐང་བའི་ཕྱིར༔ འབྲུ་སྣ་ཟས་སྣ་ཤ་དུམ་དང་༔ གཟུགས་འགྲོས་རྣམ་པ་སྣ་ཚོགས་པ༔ མཆོད་པའི་རྫས་སུ་བཤམས་བྱས་ཏེ༔ སྡེ་བརྒྱད་བཤོས་བུ་སྤྱི་ལྟར་བཀོད༔ རང་ཉིད་ཡི་དམ་ལྷར་གསལ་ཏེ༔ ཧཱུྃ་ཛཿསྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ ཕྱི་ནང་གསང་བའི་དཀོན་མཆོག་གསུམ༔ མ་ལུས་ལུས་པ་མེད་པ་རུ༔ མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ ཡེ་ཤེས་འཇིག་རྟེན་དྲེགས་པའི་ཚོགས༔ ཕྱི་ནང་གསང་བ་མཆོག་དང་ནི༔ སྤྲུལ་པ་སྣང་སྲིད་སྡེ་བརྒྱད་ཚོགས༔ མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿཞེས་ལན་གསུམ་བརྗོད༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ ནམ་མཁའ་མཛོད་སྔགས་ལན་བདུན་དང་༔ རྟེན་འབྲེལ་སྙིང་པོ་དེ་བཞིན་བརྗོད༔ མཆོད་སྤྲིན་ནམ་མཁའ་དང་མཉམ་སྤེལ༔ ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ འདོད་རྒུའི་དཔལ་ཡོན་ནམ་མཁའ་མཛོད༔ མི་ཟད་རྒྱན་གྱི་འཁོར་ལོ་འདིས༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་དང་༔ བཀའ་སྲུང་ཡོངས་ཀྱི་ཐུགས་དམ་བསྐང་༔ ལྷ་དང་ལྷ་མིན་དབང་པོ་དང་༔ ཀླུ་དང་མི་འམ་ཅི་ཡི་དབང་༔ གནོད་སྦྱིན་མཁའ་ལྡིང་མགོན་པོའི་ཚོགས༔ མ་ལུས་འཁོར་བཅས་ཐུགས་དམ་བསྐང་༔ ཐུགས་དང་འགལ་གྱུར་ཅི་མཆིས་བཤགས༔ དྲི་ཟ་གཤིན་རྗེ་ཆུ་བདག་དང་༔ གནོད་སྦྱིན་མེ་ལྷ་སྲིན་པོ་དང་༔ རླུང་ལྷ་དབང་དང་ལྡན་པའི་ལྷ༔ མ་ལུས་འཁོར་བཅས་ཐུགས་དམ་བསྐང་༔ འགལ་གྱུར་ཉེས་ཚོགས་ཅི་མཆིས་བཤགས༔ ནང་དང་གསང་བ་མཆོག་དང་ནི༔ སྤྲུལ་པ་སྣང་སྲིད་སྡེ་བརྒྱད་ཚོགས༔ མ་ལུས་འཁོར་དང་བཅས་པ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ གཞན་ཡང་སྣང་ཞིང་སྲིད་པ་ལ༔ དབང་བསྒྱུར་ལེགས་ཉེས་སྟངས་འཛིན་ཅིང་༔ དམ་ཚིག་གཉན་པོའི་རྗེས་གཅོད་པའི༔ ཀོ་ལོང་རུ་ང་ཕྲག་དོག་ཅན༔ མི་སྲུན་སྟོབས་ལྡན་དྲེགས་པའི་ཚོགས༔ མ་ལུས་འཁོར་དང་བཅས་པ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཁྱེད་ཅག་མངོན་ཤེས་སྤྱན་དང་ལྡན༔ ཀུན་ཀྱང་བདག་ལ་དགོངས་སུ་གསོལ༔ ཀུན་བཟང་རྡོར་འཆང་རྡོ་རྗེ་ཅན༔ རྗེ་བཙུན་པདྨ་ཐོད་ཕྲེང་དང་༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ ཉེས་འགལ་འཁོན་འཁྲུགས་མ་ལུས་པ༔ དེ་རིང་བཤགས་སོ་བཟོད་པར་བཞེས༔ བདག་ནི་མ་རིག་དབང་གྱུར་ཏེ༔ སྒོ་གསུམ་བག་མེད་ཅི་མཆིས་པ༔ དེ་རིང་བཤགས་སོ་གནོང་ཞིང་འགྱོད༔ འབྱོར་ཚོགས་མཆོད་པའི་ཡོ་བྱད་ལ༔ ཏིང་འཛིན་སྔགས་རྒྱས་བྱིན་རླབས་ཏེ༔ དྲེགས་པ་ཁྱེད་ལ་འབུལ་ལགས་ཀྱིས༔ བཞེས་ནས་མཁོན་འཁྲུགས་ཀུན་སྦྱངས་ཏེ༔ མཉེས་ཚིམས་བརྩེ་དགོངས་བྱམས་སེམས་ཀྱིས༔ བདག་སྐྱོང་རབ་འབྱམས་ཕྲིན་ལས་སྒྲུབས༔ ཕྱིན་ཆད་འཁྲུག་པར་མ་གྱུར་ཅིག༔ མི་སྲུན་སྐྱེ་བོའི་ལོག་སྤྱོད་ཀྱིས༔ དྲེགས་པའི་ཐུགས་དང་འགལ་བའི་རྐྱེན༔ མི་ཕྱུགས་ནད་རིམས་གོད་ཡམས་དང་༔ དུས་འཁྲུགས་ནད་མཚོན་མུ་གེའི་ཚོགས༔ ཐམས་ཅད་བཟློག་བསྒྱུར་ཕྲིན་ལས་མཛོད༔ རྫོགས་ལྡན་དུས་ཀྱི་བསྐལ་པ་ཡི༔ བདག་ཅག་ལྷ་མི་འཁོར་དང་བཅས༔ ཟག་མེད་བདེ་ལ་སྤྱོད་གྱུར་ཅིག༔ དམ་ཚིག་གཉན་ལ་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ལྟར་གྲངས་ལྡན་བསྐྱར་གྱུར་ན༔ སྲུང་མ་མཉེས་ཤིང་མཁོན་པ་འདུམ༔ མཐུན་རྐྱེན་འདོད་དོན་འབད་མེད་འགྲུབ༔ ས་མ་ཡ༔ ཨྠིྀ༔ ཞེས་པ་འདི་སློབ་བུ་ཆོས་འབྱོར་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་འཇམ་དཔལ་རྡོ་རྗེས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།