TTDL-ZABTER-15-BA-028: Difference between revisions

From Dudjom Wiki
TTDL-ZABTER-15-BA-028
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
དག་སྣང་ཡེ་ཤེས་དྲྭ་བ་ལས༔ མཁའ་འགྲོ་འདུས་པའི་སྒྲུབ་པ་བྱིན་རླབས་གཏེར་མཛོད་བཞུགས་སོ༔  
{{Text
ན་མོ་གུ་རུ་ཝེ༔ ༠༠༠༠བརྡ་ཡིག༡༥༡ཤེས་པ་གཞན་དུ་མ་ཡེངས་པར༔ བསྒོམ་དང་གསལ་བའི་གནད་གཅིག་དྲིལ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ ན་མོ༔ སྐུ་གསུམ་མཁའ་འགྲོའི་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ འགྲོ་ཀུན་བྱང་ཆུབ་ཐོབ་པའི་ཕྱིར༔ མཁའ་འགྲོའི་བསྒོམ་བཟླས་ལྷུར་ལེན་བྱ༔ དེ་ནས་བགེགས་བསྐྲད་པ་ལ༔ ཧཱུྃ༔ རང་རིག་ཡེ་ཤེས་མཁའ་འགྲོ་མའི༔ དྲག་སྔགས་མངོན་སྤྱོད་འཁྲུལ་འཁོར་གྱིས༔ བདུད་དང་ལོག་ལྟ་དབྱིངས་སུ་བསྒྲལ༔ ཡུལ་མེད་ཆེན་པོར་དེངས་ཤིག་ཕཊ༔ དེ་ནས་སྲུང་འཁོར་བསྒོམ་པ་ལ༔ ཧཱུྃ༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལས༔ སྟེང་འོག་བར་གསུམ་ཐམས་ཅད་ཀུན༔ མི་ཤིགས་རྡོ་རྗེའི་གུར་ཁང་ལ༔ མེ་རླུང་ཐུན་མཚོན་ཚྭ་ཚྭས་བསྲུངས༔ བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་ཕག་ཁྲོས་སེང་གསུམ་སོགས༔ འབུམ་ཕྲག་མཁའ་འགྲོའི་བྱིན་ཆེན་ཕོབ༔ བདག་རྒྱུད་སྨིན་ཅིང་གྲོལ་བར་མཛོད༔ མ་མ་ཧ་རི་ནི་ས་ཕེཾ་ཕེཾ་ཨ་ཝེ་ཤ་ཡ་ཨ་ཨཱ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཧཱུྃ༔ དབང་པོ་ལྔ་ཡི་ཡུལ་གྱུར་པའི༔ ཕྱི་ནང་གསང་བའི་མཆོད་པ་ཆེ༔ འདོད་ཡོན་སྣང་བ་མི་ཟད་གཏེར༔ ཀུན་བཟང་མཆོད་སྤྲིན་ཆེན་པོར་གྱུར༔ ཨོཾོཾ་ཨཱ༔ ཧཱུྃ་སྭཱ་ཧཱ༔ དེ་ནས་ཞིང་ཁམས་ལྷ་བསྒོམ་པ་ནི༔ ཨཱཿམ་དག་འཁོར་བ་དག་མཉམ་གཞི་རུ་ཞིག༔ ཕཊ༔ སྣང་སྲིད་བདེ་ཆེན་དག་པ་མཁའ་སྤྱོད་ཞིང་༔ བྷྲུྃ༔ དེ་དབུས་ལྷུན་གྲུབ་བདེ་ཆེན་གཞལ་ཡས་སུ༔ ཛཿམ་ཆགས་སྐྱོན་བྲལ་པད་ཉི་བམ་སྟེང་དུ༔ ཧཱུྃ༔ རང་རིག་ཡེ་ཤེས་མཁའ་འགྲོ་ཁྲོས་མར་ཤར༔ མཐིང་ནག་ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ ཁྲོ་གཉེར་རབ་འཁྲུགས་སྤྱན་གསུམ་སྡང་མིག་གཡོ༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་དབུ་རྒྱན་གསོལ༔ ཁ་ཊྭཱྃ་དཀུར་བརྟེན་ཞབས་གཉིས་གར་སྟབས་མཛདཿརཏྣ་རུས་པ་དྲིལ་བུ་གཡེར་ཁས་བརྒྱནཿཡེ་ཤེས་མེ་དཔུང་རབ་འབར་ཀློང་དུ་བཞེངསཿདཔྲལ་བར་སེང་གདོང་དམར་མོ་གྲི་ཐོད་ཅན༔ ཁ་ཊྭཱྃ་ཀ་བཀལ་གལ་བསྟབས་རུས་རྒྱན་གསོལ༔ མགྲིན་པར་རྡོ་རྗེ་ཕག་མོ་དམར་གསལ་རྔམས༔ གར་སྟབས་ཕྱག་གཉིས་གྲི་ཐོད་ཁ་ཊྭཱྃ་བརྟེན༔ ཐུགས་ཀར་ཀུན་ཏུ་བཟང་མོ་མཐིང་ནག་མཛེས༔ མཉམ་བཞག་སྐྱིལ་ཀྲུང་མཚན་དཔེའི་ལང་ཚོ་མཛེས༔ ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ གནས་གསུམ་རྡོ་རྗེའི་སྙིང་པོའི་འོད་ཟེར་གྱིས༔ དབྱིངས་ནས་སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་ཞིང་དང་གསང་ཆེན་རོལ་པའི་གནས༔ ཨོ་རྒྱན་རང་བྱུང་དག་པ་མཁའ་སྤྱོད་ནས༔ ཀུན་ཏུ་བཟང་མོ་ཕག་ཁྲོས་སེང་གསུམ་སོགས༔ ཡེ་ཤེས་མཁའ་འགྲོ་མ་ཚོགས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་རྣམས༔ དམ་ཚིགས་བཀོད་པའི་དཀྱིལ་འཁོར་དུ༔ གཉིས་མེད་རོལ་པར་བརྟན་བཞུགས་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཏིཥྠ་ལྷན༔ དེ་ནས་ཕྱག་འཚལ་ནི༔ ན་མོཿསྐུ་གསུམ་མཁའ་འགྲོའི་དཀྱིལ་འཁོར་ལཿསྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ རིག་པ་ཡེ་ཤེས་བྱང་ཆུབ་སེམས༔ རང་ངོ་མཇལ་བའི་བརྡ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ གསལ་ཁྱབ་དབྱིངས་ཀྱི་མཁའ་ཀློང་དུ༔ འདོད་ཡོན་སྣང་བ་མི་ཟད་གཏེར༔ ཡེ་ཤེས་མཁའ་འགྲོ་དགྱེས་ཕྱིར་འབུལ༔ ཆོས་ཉིད་རོལ་པ་ཆེན་པོར་བཞེས༔ སརྦ་ག་ན་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ གདོད་ནས་སྟོང་ཆེན་ཀུན་ཏུ་བཟང་མོའི་ངང་༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པ་ཅིར་ཡང་སྣང་༔ སྐུ་དང་ཞིང་ཁམས་བཀོད་པ་བསམ་ཡས་པའི༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧོ༔ མ་དང་མཁའ་འགྲོའི་ལྷ་ཚོགས་དགོངས༔ བདག་གི་སྒོ་གསུམ་བག་མེད་པས༔ དབང་གྱུར་ཉེས་བྱས་ཉམས་ཆག་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས།དེ་ནས་བཟླས་པའི་བསྙེན་སྔགས་ནི༔ ཨོཾ་བཛྲ་ཀྲོ་ཏི་ཀ་ལི་བཾ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཛ་ཛཿསྒྲུབ་སྔགས་ནི༔ ཨོཾ་བཛྲ་ཀྲོ་ཏི་ཀ་ལི་བཾ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཛཿདེ་བས་ལས་སྦྱོར་ནིཿཨོཾ་བཛྲ་ཀྲོ་ཏི་ཀ་ལི་བཾ་ཧ་རི་ནི་ས་ཧཱུྃ་བྷྱོ་ཕཊ༔ བསྒོམ་བཟླས་གནད་ཀྱིས་འདི་བསྒྲུབ་ན༔ ཚེ་འདིར་བཀྲ་ཤིས་དགེ་ལེགས་འཕེལ༔ ཕྱི་མ་རྣམ་མཁྱེན་སངས་རྒྱས་འཐོབ༔ དོན་གཉིས་ལྷུན་གྲུབ་མཐུ་ནུས་འབྱོར༔ ས་མ་ཡ༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོས་སྲུངས༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ་ཞེས་པ་འདིའང་བུ་མོ་པདྨ་གསལ་གྱི་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།ཤུ་བྷཾ།།།།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=15
|volumeLetter=BA
|textnuminvol=028
|pdflink=File:TTDL-ZABTER-15-BA-028.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-15-BA
}}
<h1>Tibetan Text</h1>
<onlyinclude>
{{TibP|དག་སྣང་ཡེ་ཤེས་དྲྭ་བ་ལས༔ མཁའ་འགྲོ་འདུས་པའི་སྒྲུབ་པ་བྱིན་རླབས་གཏེར་མཛོད་བཞུགས་སོ༔  
ན་མོ་གུ་རུ་ཝེ༔ ༠༠༠༠བརྡ་ཡིག༡༥༡ཤེས་པ་གཞན་དུ་མ་ཡེངས་པར༔ བསྒོམ་དང་གསལ་བའི་གནད་གཅིག་དྲིལ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ ན་མོ༔ སྐུ་གསུམ་མཁའ་འགྲོའི་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ འགྲོ་ཀུན་བྱང་ཆུབ་ཐོབ་པའི་ཕྱིར༔ མཁའ་འགྲོའི་བསྒོམ་བཟླས་ལྷུར་ལེན་བྱ༔ དེ་ནས་བགེགས་བསྐྲད་པ་ལ༔ ཧཱུྃ༔ རང་རིག་ཡེ་ཤེས་མཁའ་འགྲོ་མའི༔ དྲག་སྔགས་མངོན་སྤྱོད་འཁྲུལ་འཁོར་གྱིས༔ བདུད་དང་ལོག་ལྟ་དབྱིངས་སུ་བསྒྲལ༔ ཡུལ་མེད་ཆེན་པོར་དེངས་ཤིག་ཕཊ༔ དེ་ནས་སྲུང་འཁོར་བསྒོམ་པ་ལ༔ ཧཱུྃ༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལས༔ སྟེང་འོག་བར་གསུམ་ཐམས་ཅད་ཀུན༔ མི་ཤིགས་རྡོ་རྗེའི་གུར་ཁང་ལ༔ མེ་རླུང་ཐུན་མཚོན་ཚྭ་ཚྭས་བསྲུངས༔ བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་ཕག་ཁྲོས་སེང་གསུམ་སོགས༔ འབུམ་ཕྲག་མཁའ་འགྲོའི་བྱིན་ཆེན་ཕོབ༔ བདག་རྒྱུད་སྨིན་ཅིང་གྲོལ་བར་མཛོད༔ མ་མ་ཧ་རི་ནི་ས་ཕེཾ་ཕེཾ་ཨ་ཝེ་ཤ་ཡ་ཨ་ཨཱ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཧཱུྃ༔ དབང་པོ་ལྔ་ཡི་ཡུལ་གྱུར་པའི༔ ཕྱི་ནང་གསང་བའི་མཆོད་པ་ཆེ༔ འདོད་ཡོན་སྣང་བ་མི་ཟད་གཏེར༔ ཀུན་བཟང་མཆོད་སྤྲིན་ཆེན་པོར་གྱུར༔ ཨོཾོཾ་ཨཱ༔ ཧཱུྃ་སྭཱ་ཧཱ༔ དེ་ནས་ཞིང་ཁམས་ལྷ་བསྒོམ་པ་ནི༔ ཨཱཿམ་དག་འཁོར་བ་དག་མཉམ་གཞི་རུ་ཞིག༔ ཕཊ༔ སྣང་སྲིད་བདེ་ཆེན་དག་པ་མཁའ་སྤྱོད་ཞིང་༔ བྷྲུྃ༔ དེ་དབུས་ལྷུན་གྲུབ་བདེ་ཆེན་གཞལ་ཡས་སུ༔ ཛཿམ་ཆགས་སྐྱོན་བྲལ་པད་ཉི་བམ་སྟེང་དུ༔ ཧཱུྃ༔ རང་རིག་ཡེ་ཤེས་མཁའ་འགྲོ་ཁྲོས་མར་ཤར༔ མཐིང་ནག་ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ ཁྲོ་གཉེར་རབ་འཁྲུགས་སྤྱན་གསུམ་སྡང་མིག་གཡོ༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་དབུ་རྒྱན་གསོལ༔ ཁ་ཊྭཱྃ་དཀུར་བརྟེན་ཞབས་གཉིས་གར་སྟབས་མཛདཿརཏྣ་རུས་པ་དྲིལ་བུ་གཡེར་ཁས་བརྒྱནཿཡེ་ཤེས་མེ་དཔུང་རབ་འབར་ཀློང་དུ་བཞེངསཿདཔྲལ་བར་སེང་གདོང་དམར་མོ་གྲི་ཐོད་ཅན༔ ཁ་ཊྭཱྃ་ཀ་བཀལ་གལ་བསྟབས་རུས་རྒྱན་གསོལ༔ མགྲིན་པར་རྡོ་རྗེ་ཕག་མོ་དམར་གསལ་རྔམས༔ གར་སྟབས་ཕྱག་གཉིས་གྲི་ཐོད་ཁ་ཊྭཱྃ་བརྟེན༔ ཐུགས་ཀར་ཀུན་ཏུ་བཟང་མོ་མཐིང་ནག་མཛེས༔ མཉམ་བཞག་སྐྱིལ་ཀྲུང་མཚན་དཔེའི་ལང་ཚོ་མཛེས༔ ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ གནས་གསུམ་རྡོ་རྗེའི་སྙིང་པོའི་འོད་ཟེར་གྱིས༔ དབྱིངས་ནས་སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་ཞིང་དང་གསང་ཆེན་རོལ་པའི་གནས༔ ཨོ་རྒྱན་རང་བྱུང་དག་པ་མཁའ་སྤྱོད་ནས༔ ཀུན་ཏུ་བཟང་མོ་ཕག་ཁྲོས་སེང་གསུམ་སོགས༔ ཡེ་ཤེས་མཁའ་འགྲོ་མ་ཚོགས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་རྣམས༔ དམ་ཚིགས་བཀོད་པའི་དཀྱིལ་འཁོར་དུ༔ གཉིས་མེད་རོལ་པར་བརྟན་བཞུགས་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཏིཥྠ་ལྷན༔ དེ་ནས་ཕྱག་འཚལ་ནི༔ ན་མོཿསྐུ་གསུམ་མཁའ་འགྲོའི་དཀྱིལ་འཁོར་ལཿསྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ རིག་པ་ཡེ་ཤེས་བྱང་ཆུབ་སེམས༔ རང་ངོ་མཇལ་བའི་བརྡ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ གསལ་ཁྱབ་དབྱིངས་ཀྱི་མཁའ་ཀློང་དུ༔ འདོད་ཡོན་སྣང་བ་མི་ཟད་གཏེར༔ ཡེ་ཤེས་མཁའ་འགྲོ་དགྱེས་ཕྱིར་འབུལ༔ ཆོས་ཉིད་རོལ་པ་ཆེན་པོར་བཞེས༔ སརྦ་ག་ན་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ གདོད་ནས་སྟོང་ཆེན་ཀུན་ཏུ་བཟང་མོའི་ངང་༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པ་ཅིར་ཡང་སྣང་༔ སྐུ་དང་ཞིང་ཁམས་བཀོད་པ་བསམ་ཡས་པའི༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧོ༔ མ་དང་མཁའ་འགྲོའི་ལྷ་ཚོགས་དགོངས༔ བདག་གི་སྒོ་གསུམ་བག་མེད་པས༔ དབང་གྱུར་ཉེས་བྱས་ཉམས་ཆག་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས།དེ་ནས་བཟླས་པའི་བསྙེན་སྔགས་ནི༔ ཨོཾ་བཛྲ་ཀྲོ་ཏི་ཀ་ལི་བཾ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཛ་ཛཿསྒྲུབ་སྔགས་ནི༔ ཨོཾ་བཛྲ་ཀྲོ་ཏི་ཀ་ལི་བཾ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཛཿདེ་བས་ལས་སྦྱོར་ནིཿཨོཾ་བཛྲ་ཀྲོ་ཏི་ཀ་ལི་བཾ་ཧ་རི་ནི་ས་ཧཱུྃ་བྷྱོ་ཕཊ༔ བསྒོམ་བཟླས་གནད་ཀྱིས་འདི་བསྒྲུབ་ན༔ ཚེ་འདིར་བཀྲ་ཤིས་དགེ་ལེགས་འཕེལ༔ ཕྱི་མ་རྣམ་མཁྱེན་སངས་རྒྱས་འཐོབ༔ དོན་གཉིས་ལྷུན་གྲུབ་མཐུ་ནུས་འབྱོར༔ ས་མ་ཡ༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོས་སྲུངས༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ་ཞེས་པ་འདིའང་བུ་མོ་པདྨ་གསལ་གྱི་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།ཤུ་བྷཾ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-15-BA-028.pdf
Location bdud 'joms gling pa zab gter
Volume 15, Text 28, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ མཁའ་འགྲོ་འདུས་པའི་སྒྲུབ་པ་བྱིན་རླབས་གཏེར་མཛོད་བཞུགས་སོ༔ ན་མོ་གུ་རུ་ཝེ༔ ༠༠༠༠བརྡ་ཡིག༡༥༡ཤེས་པ་གཞན་དུ་མ་ཡེངས་པར༔ བསྒོམ་དང་གསལ་བའི་གནད་གཅིག་དྲིལ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ ན་མོ༔ སྐུ་གསུམ་མཁའ་འགྲོའི་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ འགྲོ་ཀུན་བྱང་ཆུབ་ཐོབ་པའི་ཕྱིར༔ མཁའ་འགྲོའི་བསྒོམ་བཟླས་ལྷུར་ལེན་བྱ༔ དེ་ནས་བགེགས་བསྐྲད་པ་ལ༔ ཧཱུྃ༔ རང་རིག་ཡེ་ཤེས་མཁའ་འགྲོ་མའི༔ དྲག་སྔགས་མངོན་སྤྱོད་འཁྲུལ་འཁོར་གྱིས༔ བདུད་དང་ལོག་ལྟ་དབྱིངས་སུ་བསྒྲལ༔ ཡུལ་མེད་ཆེན་པོར་དེངས་ཤིག་ཕཊ༔ དེ་ནས་སྲུང་འཁོར་བསྒོམ་པ་ལ༔ ཧཱུྃ༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལས༔ སྟེང་འོག་བར་གསུམ་ཐམས་ཅད་ཀུན༔ མི་ཤིགས་རྡོ་རྗེའི་གུར་ཁང་ལ༔ མེ་རླུང་ཐུན་མཚོན་ཚྭ་ཚྭས་བསྲུངས༔ བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་ཕག་ཁྲོས་སེང་གསུམ་སོགས༔ འབུམ་ཕྲག་མཁའ་འགྲོའི་བྱིན་ཆེན་ཕོབ༔ བདག་རྒྱུད་སྨིན་ཅིང་གྲོལ་བར་མཛོད༔ མ་མ་ཧ་རི་ནི་ས་ཕེཾ་ཕེཾ་ཨ་ཝེ་ཤ་ཡ་ཨ་ཨཱ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཧཱུྃ༔ དབང་པོ་ལྔ་ཡི་ཡུལ་གྱུར་པའི༔ ཕྱི་ནང་གསང་བའི་མཆོད་པ་ཆེ༔ འདོད་ཡོན་སྣང་བ་མི་ཟད་གཏེར༔ ཀུན་བཟང་མཆོད་སྤྲིན་ཆེན་པོར་གྱུར༔ ཨོཾོཾ་ཨཱ༔ ཧཱུྃ་སྭཱ་ཧཱ༔ དེ་ནས་ཞིང་ཁམས་ལྷ་བསྒོམ་པ་ནི༔ ཨཱཿམ་དག་འཁོར་བ་དག་མཉམ་གཞི་རུ་ཞིག༔ ཕཊ༔ སྣང་སྲིད་བདེ་ཆེན་དག་པ་མཁའ་སྤྱོད་ཞིང་༔ བྷྲུྃ༔ དེ་དབུས་ལྷུན་གྲུབ་བདེ་ཆེན་གཞལ་ཡས་སུ༔ ཛཿམ་ཆགས་སྐྱོན་བྲལ་པད་ཉི་བམ་སྟེང་དུ༔ ཧཱུྃ༔ རང་རིག་ཡེ་ཤེས་མཁའ་འགྲོ་ཁྲོས་མར་ཤར༔ མཐིང་ནག་ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ ཁྲོ་གཉེར་རབ་འཁྲུགས་སྤྱན་གསུམ་སྡང་མིག་གཡོ༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་དབུ་རྒྱན་གསོལ༔ ཁ་ཊྭཱྃ་དཀུར་བརྟེན་ཞབས་གཉིས་གར་སྟབས་མཛདཿརཏྣ་རུས་པ་དྲིལ་བུ་གཡེར་ཁས་བརྒྱནཿཡེ་ཤེས་མེ་དཔུང་རབ་འབར་ཀློང་དུ་བཞེངསཿདཔྲལ་བར་སེང་གདོང་དམར་མོ་གྲི་ཐོད་ཅན༔ ཁ་ཊྭཱྃ་ཀ་བཀལ་གལ་བསྟབས་རུས་རྒྱན་གསོལ༔ མགྲིན་པར་རྡོ་རྗེ་ཕག་མོ་དམར་གསལ་རྔམས༔ གར་སྟབས་ཕྱག་གཉིས་གྲི་ཐོད་ཁ་ཊྭཱྃ་བརྟེན༔ ཐུགས་ཀར་ཀུན་ཏུ་བཟང་མོ་མཐིང་ནག་མཛེས༔ མཉམ་བཞག་སྐྱིལ་ཀྲུང་མཚན་དཔེའི་ལང་ཚོ་མཛེས༔ ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ གནས་གསུམ་རྡོ་རྗེའི་སྙིང་པོའི་འོད་ཟེར་གྱིས༔ དབྱིངས་ནས་སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་ཞིང་དང་གསང་ཆེན་རོལ་པའི་གནས༔ ཨོ་རྒྱན་རང་བྱུང་དག་པ་མཁའ་སྤྱོད་ནས༔ ཀུན་ཏུ་བཟང་མོ་ཕག་ཁྲོས་སེང་གསུམ་སོགས༔ ཡེ་ཤེས་མཁའ་འགྲོ་མ་ཚོགས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་རྣམས༔ དམ་ཚིགས་བཀོད་པའི་དཀྱིལ་འཁོར་དུ༔ གཉིས་མེད་རོལ་པར་བརྟན་བཞུགས་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཏིཥྠ་ལྷན༔ དེ་ནས་ཕྱག་འཚལ་ནི༔ ན་མོཿསྐུ་གསུམ་མཁའ་འགྲོའི་དཀྱིལ་འཁོར་ལཿསྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ རིག་པ་ཡེ་ཤེས་བྱང་ཆུབ་སེམས༔ རང་ངོ་མཇལ་བའི་བརྡ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ གསལ་ཁྱབ་དབྱིངས་ཀྱི་མཁའ་ཀློང་དུ༔ འདོད་ཡོན་སྣང་བ་མི་ཟད་གཏེར༔ ཡེ་ཤེས་མཁའ་འགྲོ་དགྱེས་ཕྱིར་འབུལ༔ ཆོས་ཉིད་རོལ་པ་ཆེན་པོར་བཞེས༔ སརྦ་ག་ན་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ གདོད་ནས་སྟོང་ཆེན་ཀུན་ཏུ་བཟང་མོའི་ངང་༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པ་ཅིར་ཡང་སྣང་༔ སྐུ་དང་ཞིང་ཁམས་བཀོད་པ་བསམ་ཡས་པའི༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧོ༔ མ་དང་མཁའ་འགྲོའི་ལྷ་ཚོགས་དགོངས༔ བདག་གི་སྒོ་གསུམ་བག་མེད་པས༔ དབང་གྱུར་ཉེས་བྱས་ཉམས་ཆག་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས།དེ་ནས་བཟླས་པའི་བསྙེན་སྔགས་ནི༔ ཨོཾ་བཛྲ་ཀྲོ་ཏི་ཀ་ལི་བཾ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཛ་ཛཿསྒྲུབ་སྔགས་ནི༔ ཨོཾ་བཛྲ་ཀྲོ་ཏི་ཀ་ལི་བཾ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཛཿདེ་བས་ལས་སྦྱོར་ནིཿཨོཾ་བཛྲ་ཀྲོ་ཏི་ཀ་ལི་བཾ་ཧ་རི་ནི་ས་ཧཱུྃ་བྷྱོ་ཕཊ༔ བསྒོམ་བཟླས་གནད་ཀྱིས་འདི་བསྒྲུབ་ན༔ ཚེ་འདིར་བཀྲ་ཤིས་དགེ་ལེགས་འཕེལ༔ ཕྱི་མ་རྣམ་མཁྱེན་སངས་རྒྱས་འཐོབ༔ དོན་གཉིས་ལྷུན་གྲུབ་མཐུ་ནུས་འབྱོར༔ ས་མ་ཡ༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོས་སྲུངས༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ་ཞེས་པ་འདིའང་བུ་མོ་པདྨ་གསལ་གྱི་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།ཤུ་བྷཾ།།།།