TTDL-ZABTER-15-BA-049: Difference between revisions

From Dudjom Wiki
TTDL-ZABTER-15-BA-049
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
དག་སྣང་ཡེ་ཤེས་དྲྭ་ལས༔ རབ་གནས་ཀྱི་ཆོ་ག་བྱིན་རླབས་མྱུ་གུ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རྟེན་གསུམ་རབ་གནས་བྱེད་པ་ལ༔ དང་པོ་བགེགས་བསྐྲད་པ་ནི༔ ཧཱུྃ༔ ང་ནི་དབང་དྲག་གཏུམ་པོའི་སྐུ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ གནས་འདིར་མ་འདུག་ཕྱིར་དེངས་ཤིག༔ བཀའ་ལས་འདའ་ན་བརླག་པར་བྱེད༔ ཧཱུྃབཞིའི་སྔགས་ཀྱིས་བྲབ༔ དེ་ནས་སྲུང་འཁོར་བསྒོམས་པ་ལ༔ ཧཱུྃ༔ བདག་ཉིད་པདྨ་དྲག་པོ་ཡི༔ གསང་གསུམ་སྒྱུ་འཕྲུལ་འཁོར་ལོའི་འཕྲུལ༔ སྲུང་བའི་གུར་ཁང་སྲ་མཁྲེག་བརྟན༔ མི་ཤིགས་རྡོ་རྗེས་རྒྱས་གདབ་བོ༔ བཛྲ་རཀྵ་རཀྵ༔ དེ་ནས་ཁྲུས་བྱས་མཐར༔ མདུན་གྱི་ནམ་མཁར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་བཀྲ་ལམ་གྱིས་བཞུགས་པར་གྱུར༔ ཧཱུྃ༔ མཎྜལ་ཕུལ་མཐརཿསངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ མ་ལུས་བདག་ལ་དགོངས་སུ་གསོལ༔ ཐབས་དང་ཐུགས་རྗེ་གང་འདུལ་གྱིས༔ འགྲོ་བའི་ཚོགས་གཉིས་རབ་རྫོགས་ཤིང་༔ འབྲས་བུ་སྐུ་གཉིས་ཐོབ་པའི་ཕྱིར༔ བཞེངས་པའི་རྟེན་མཆོག་འདིར་བཞུགས་ལ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་འདྲེན་པར་མཛད་དུ་གསོལ༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མེ་ཏོག་དང་དབྱེར་མེད་བྱོན་ནས་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་ལྟར་རྟེན་ལ་ཐིམ་པར་བསམ༔ བུདྡྷ་དྷརྨ་སངྒ་གུ་རུ་དྷེ་ཝ་ཌཱ་ཀུ་ནཱི་ས་མ་ཡ་ཛ་ཛ༔ ཨ་ཝེ་ཤ་ཡ་ཨ་ཨཱ༔ ཨཱ་ལི་ཀཱ་ལི་དང་རྟེན་སྙིང་ཅི་མང་བརྗོད་ཅིང་དབབ༔ དེ་ནས་བརྟན་བཞུགས་ནི༔ ཧཱུྃ༔ དཀོན་མཆོག་གསུམ་དང་རྩ་གསུམ་ལྷ༔ མ་ལུས་རྟེན་མཆོག་འདི་ཉིད་ལ༔ འབྱུང་བཞིའི་གནོད་པས་མ་ཞིག་པར༔ མི་འགྱུར་རབ་ཏུ་བརྟན་བཞུགས་ནས༔ བསྟན་འགྲོའི་དགེ་ལེགས་བསྐྱེད་དུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ དེ་ནས་ཤིས་བརྗོད་བསྔོ་སྨོན་བྱ༔ དེས་ནི་བྱིན་རླབས་དངོས་གྲུབ་ལྡན༔ བསོད་ནམས་ཆེན་པོའི་ཞིང་ས་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཧོར་གྱི་བནྡེ་བསོད་ནམས་ཡེ་ཤེས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏན་ལ་ཕབ་པའོ།།དགེའོ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=15
|volumeLetter=BA
|textnuminvol=049
|pdflink=File:TTDL-ZABTER-15-BA-049.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-15-BA
}}
<h1>Tibetan Text</h1>
<onlyinclude>
{{TibP|དག་སྣང་ཡེ་ཤེས་དྲྭ་ལས༔ རབ་གནས་ཀྱི་ཆོ་ག་བྱིན་རླབས་མྱུ་གུ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རྟེན་གསུམ་རབ་གནས་བྱེད་པ་ལ༔ དང་པོ་བགེགས་བསྐྲད་པ་ནི༔ ཧཱུྃ༔ ང་ནི་དབང་དྲག་གཏུམ་པོའི་སྐུ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ གནས་འདིར་མ་འདུག་ཕྱིར་དེངས་ཤིག༔ བཀའ་ལས་འདའ་ན་བརླག་པར་བྱེད༔ ཧཱུྃབཞིའི་སྔགས་ཀྱིས་བྲབ༔ དེ་ནས་སྲུང་འཁོར་བསྒོམས་པ་ལ༔ ཧཱུྃ༔ བདག་ཉིད་པདྨ་དྲག་པོ་ཡི༔ གསང་གསུམ་སྒྱུ་འཕྲུལ་འཁོར་ལོའི་འཕྲུལ༔ སྲུང་བའི་གུར་ཁང་སྲ་མཁྲེག་བརྟན༔ མི་ཤིགས་རྡོ་རྗེས་རྒྱས་གདབ་བོ༔ བཛྲ་རཀྵ་རཀྵ༔ དེ་ནས་ཁྲུས་བྱས་མཐར༔ མདུན་གྱི་ནམ་མཁར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་བཀྲ་ལམ་གྱིས་བཞུགས་པར་གྱུར༔ ཧཱུྃ༔ མཎྜལ་ཕུལ་མཐརཿསངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ མ་ལུས་བདག་ལ་དགོངས་སུ་གསོལ༔ ཐབས་དང་ཐུགས་རྗེ་གང་འདུལ་གྱིས༔ འགྲོ་བའི་ཚོགས་གཉིས་རབ་རྫོགས་ཤིང་༔ འབྲས་བུ་སྐུ་གཉིས་ཐོབ་པའི་ཕྱིར༔ བཞེངས་པའི་རྟེན་མཆོག་འདིར་བཞུགས་ལ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་འདྲེན་པར་མཛད་དུ་གསོལ༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མེ་ཏོག་དང་དབྱེར་མེད་བྱོན་ནས་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་ལྟར་རྟེན་ལ་ཐིམ་པར་བསམ༔ བུདྡྷ་དྷརྨ་སངྒ་གུ་རུ་དྷེ་ཝ་ཌཱ་ཀུ་ནཱི་ས་མ་ཡ་ཛ་ཛ༔ ཨ་ཝེ་ཤ་ཡ་ཨ་ཨཱ༔ ཨཱ་ལི་ཀཱ་ལི་དང་རྟེན་སྙིང་ཅི་མང་བརྗོད་ཅིང་དབབ༔ དེ་ནས་བརྟན་བཞུགས་ནི༔ ཧཱུྃ༔ དཀོན་མཆོག་གསུམ་དང་རྩ་གསུམ་ལྷ༔ མ་ལུས་རྟེན་མཆོག་འདི་ཉིད་ལ༔ འབྱུང་བཞིའི་གནོད་པས་མ་ཞིག་པར༔ མི་འགྱུར་རབ་ཏུ་བརྟན་བཞུགས་ནས༔ བསྟན་འགྲོའི་དགེ་ལེགས་བསྐྱེད་དུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ དེ་ནས་ཤིས་བརྗོད་བསྔོ་སྨོན་བྱ༔ དེས་ནི་བྱིན་རླབས་དངོས་གྲུབ་ལྡན༔ བསོད་ནམས་ཆེན་པོའི་ཞིང་ས་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཧོར་གྱི་བནྡེ་བསོད་ནམས་ཡེ་ཤེས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏན་ལ་ཕབ་པའོ།།དགེའོ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-15-BA-049.pdf
Location bdud 'joms gling pa zab gter
Volume 15, Text 49, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དག་སྣང་ཡེ་ཤེས་དྲྭ་ལས༔ རབ་གནས་ཀྱི་ཆོ་ག་བྱིན་རླབས་མྱུ་གུ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རྟེན་གསུམ་རབ་གནས་བྱེད་པ་ལ༔ དང་པོ་བགེགས་བསྐྲད་པ་ནི༔ ཧཱུྃ༔ ང་ནི་དབང་དྲག་གཏུམ་པོའི་སྐུ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ གནས་འདིར་མ་འདུག་ཕྱིར་དེངས་ཤིག༔ བཀའ་ལས་འདའ་ན་བརླག་པར་བྱེད༔ ཧཱུྃབཞིའི་སྔགས་ཀྱིས་བྲབ༔ དེ་ནས་སྲུང་འཁོར་བསྒོམས་པ་ལ༔ ཧཱུྃ༔ བདག་ཉིད་པདྨ་དྲག་པོ་ཡི༔ གསང་གསུམ་སྒྱུ་འཕྲུལ་འཁོར་ལོའི་འཕྲུལ༔ སྲུང་བའི་གུར་ཁང་སྲ་མཁྲེག་བརྟན༔ མི་ཤིགས་རྡོ་རྗེས་རྒྱས་གདབ་བོ༔ བཛྲ་རཀྵ་རཀྵ༔ དེ་ནས་ཁྲུས་བྱས་མཐར༔ མདུན་གྱི་ནམ་མཁར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་བཀྲ་ལམ་གྱིས་བཞུགས་པར་གྱུར༔ ཧཱུྃ༔ མཎྜལ་ཕུལ་མཐརཿསངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ མ་ལུས་བདག་ལ་དགོངས་སུ་གསོལ༔ ཐབས་དང་ཐུགས་རྗེ་གང་འདུལ་གྱིས༔ འགྲོ་བའི་ཚོགས་གཉིས་རབ་རྫོགས་ཤིང་༔ འབྲས་བུ་སྐུ་གཉིས་ཐོབ་པའི་ཕྱིར༔ བཞེངས་པའི་རྟེན་མཆོག་འདིར་བཞུགས་ལ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་འདྲེན་པར་མཛད་དུ་གསོལ༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མེ་ཏོག་དང་དབྱེར་མེད་བྱོན་ནས་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་ལྟར་རྟེན་ལ་ཐིམ་པར་བསམ༔ བུདྡྷ་དྷརྨ་སངྒ་གུ་རུ་དྷེ་ཝ་ཌཱ་ཀུ་ནཱི་ས་མ་ཡ་ཛ་ཛ༔ ཨ་ཝེ་ཤ་ཡ་ཨ་ཨཱ༔ ཨཱ་ལི་ཀཱ་ལི་དང་རྟེན་སྙིང་ཅི་མང་བརྗོད་ཅིང་དབབ༔ དེ་ནས་བརྟན་བཞུགས་ནི༔ ཧཱུྃ༔ དཀོན་མཆོག་གསུམ་དང་རྩ་གསུམ་ལྷ༔ མ་ལུས་རྟེན་མཆོག་འདི་ཉིད་ལ༔ འབྱུང་བཞིའི་གནོད་པས་མ་ཞིག་པར༔ མི་འགྱུར་རབ་ཏུ་བརྟན་བཞུགས་ནས༔ བསྟན་འགྲོའི་དགེ་ལེགས་བསྐྱེད་དུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ དེ་ནས་ཤིས་བརྗོད་བསྔོ་སྨོན་བྱ༔ དེས་ནི་བྱིན་རླབས་དངོས་གྲུབ་ལྡན༔ བསོད་ནམས་ཆེན་པོའི་ཞིང་ས་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཧོར་གྱི་བནྡེ་བསོད་ནམས་ཡེ་ཤེས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏན་ལ་ཕབ་པའོ།།དགེའོ།།།།