TTDL-ZABTER-15-BA-063: Difference between revisions
From Dudjom Wiki
TTDL-ZABTER-15-BA-063
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་སྒྲུབ་ཐབས་བཞུགས་པའི་དབུའོ༔ ན་མོ་གུ་རུ་ཝེ༔ ༠༠༠༠བརྡ་ཡིག༢༨༥རྟེན་དང་མཆོད་པའི་རྫས་བཤམས་ཏེ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཐར༔ རང་ཉིད་ཡི་དམ་ལྷ་རུ་གསལ་བའི་མདུན༔ པདྨ་ཉི་མ་བམ་གྱི་ཁྲི་སྟེངས་སུ༔ མཿལས་དབྱིངས་ཀྱི་རྗེ་མོ་ཨེ་ཀ་ཛ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་གཡས་དགྲ་སྙིང་༔ གཡོན་པས་སྡིགས་འཛུབ་རྩེ་ནས་ལྕགས་སྤྱང་འགྱེད༔ དམར་ཟླུམ་སྤྱན་གཅིག་མཁར་གཟིགས་མཆེ་གཅིག་གཙིགས༔ རབ་ཁྲོས་ཁྲོ་གཉེར་སྡུད་ཅིང་རལ་གཅིག་གཟེང་༔ ནུ་གཡས་བདུད་རྩིའི་རྒྱུན་འབེབས་བསྟན་འགྲོ་གསོ༔ ནུ་གཡོན་ཁྲག་འབབས་དགྲ་ལ་དལ་ཡམས་གཏོང་༔ ཞབས་གཡས་སྤྲིན་གཡོགས་གཡོན་པས་བསྟན་དགྲ་གནོན༔ སྐུ་ཡི་ཀློང་དུ་མེ་ལོང་གཟུགས་བརྙན་བཞིན༔ སྲིད་པ་མ་མོའི་དཀྱིལ་འཁོར་རང་བྱུང་ཤར༔ མེ་རླུང་དུད་སྤྲིན་འཁྲིགས་པའི་ཀློང་དུ་གསལ༔ གནས་གསུམ་འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ ཛཿརང་དམ་གཉན་པོ་དཔང་བཙུགས་ཏེ༔ ཨེ་ཀ་ཙ་ཏི་སྤྱན་འདྲེན་གཤེགས༔ དམ་ཡེ་དབྱེར་མེད་ངོ་བོར་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ མ་མ་ཨེ་ཀ་ཙ་ཏི་ས་མ་ཡ་ཛ་ཛཿཛ༔ ཧཱུྃ་བཾ་ཧོཿཏི་ཥྛ་ལྷན་༔ ན་མོ་ན་མ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ལ༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ སྨན་གཏོར་རཀྟའི་མཆོད་པ་འབུལ༔ ཕྱི་ནང་གསང་མཆོད་དམ་པ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལཿཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ལ༔ བྷྱོ༔ འཁོར་འདས་ཡོངས་ཀྱི་སྤྱི་རྗེ་མོ༔ རྣལ་འབྱོར་སྒྲུབ་པའི་མ་གཅིག་མ༔ སྲིད་པའི་ལེགས་ཉེས་རྣམ་འགྱུར་ངོམས༔ བསྟན་དགྲའི་སྲོག་གི་གཤེད་དུ་འབེབས༔ མ་མོ་ཆེན་མོ་ཁྱོད་ལ་བསྟོད༔ ཐུགས་དང་འགལ་བའི་ཉེས་བྱས་བཤགས༔ སྐད་ཅིག་མི་འབྲལ་སྲུང་སྐྱོབས་མཛོད༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ ཡིག་བརྒྱ་བརྗོད༔ དེ་ནས་ཤེས་པ་གཞན་དུ་མ་ཡེངས་པར་གསལ་བ་དང་མི་ཚིགས་གིས་བར་མ་ཆོད་པར་སྔགས་འདི་བརྗོད༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ས་མ་ཡ་ཛ་ཛ༔ བསྐང་གསོལ་བྱ་བ་དང་འབྲེལ་བས༔ དབྱིངས་ཀྱི་རྗེ་མོ་ངེས་པར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སློབ་བུ་དཔལ་སྟོབས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=15 | |||
|volumeLetter=BA | |||
|textnuminvol=063 | |||
|pdflink=File:TTDL-ZABTER-15-BA-063.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-15-BA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་སྒྲུབ་ཐབས་བཞུགས་པའི་དབུའོ༔ ན་མོ་གུ་རུ་ཝེ༔ ༠༠༠༠བརྡ་ཡིག༢༨༥རྟེན་དང་མཆོད་པའི་རྫས་བཤམས་ཏེ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཐར༔ རང་ཉིད་ཡི་དམ་ལྷ་རུ་གསལ་བའི་མདུན༔ པདྨ་ཉི་མ་བམ་གྱི་ཁྲི་སྟེངས་སུ༔ མཿལས་དབྱིངས་ཀྱི་རྗེ་མོ་ཨེ་ཀ་ཛ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་གཡས་དགྲ་སྙིང་༔ གཡོན་པས་སྡིགས་འཛུབ་རྩེ་ནས་ལྕགས་སྤྱང་འགྱེད༔ དམར་ཟླུམ་སྤྱན་གཅིག་མཁར་གཟིགས་མཆེ་གཅིག་གཙིགས༔ རབ་ཁྲོས་ཁྲོ་གཉེར་སྡུད་ཅིང་རལ་གཅིག་གཟེང་༔ ནུ་གཡས་བདུད་རྩིའི་རྒྱུན་འབེབས་བསྟན་འགྲོ་གསོ༔ ནུ་གཡོན་ཁྲག་འབབས་དགྲ་ལ་དལ་ཡམས་གཏོང་༔ ཞབས་གཡས་སྤྲིན་གཡོགས་གཡོན་པས་བསྟན་དགྲ་གནོན༔ སྐུ་ཡི་ཀློང་དུ་མེ་ལོང་གཟུགས་བརྙན་བཞིན༔ སྲིད་པ་མ་མོའི་དཀྱིལ་འཁོར་རང་བྱུང་ཤར༔ མེ་རླུང་དུད་སྤྲིན་འཁྲིགས་པའི་ཀློང་དུ་གསལ༔ གནས་གསུམ་འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ ཛཿརང་དམ་གཉན་པོ་དཔང་བཙུགས་ཏེ༔ ཨེ་ཀ་ཙ་ཏི་སྤྱན་འདྲེན་གཤེགས༔ དམ་ཡེ་དབྱེར་མེད་ངོ་བོར་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ མ་མ་ཨེ་ཀ་ཙ་ཏི་ས་མ་ཡ་ཛ་ཛཿཛ༔ ཧཱུྃ་བཾ་ཧོཿཏི་ཥྛ་ལྷན་༔ ན་མོ་ན་མ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ལ༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ སྨན་གཏོར་རཀྟའི་མཆོད་པ་འབུལ༔ ཕྱི་ནང་གསང་མཆོད་དམ་པ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལཿཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ལ༔ བྷྱོ༔ འཁོར་འདས་ཡོངས་ཀྱི་སྤྱི་རྗེ་མོ༔ རྣལ་འབྱོར་སྒྲུབ་པའི་མ་གཅིག་མ༔ སྲིད་པའི་ལེགས་ཉེས་རྣམ་འགྱུར་ངོམས༔ བསྟན་དགྲའི་སྲོག་གི་གཤེད་དུ་འབེབས༔ མ་མོ་ཆེན་མོ་ཁྱོད་ལ་བསྟོད༔ ཐུགས་དང་འགལ་བའི་ཉེས་བྱས་བཤགས༔ སྐད་ཅིག་མི་འབྲལ་སྲུང་སྐྱོབས་མཛོད༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ ཡིག་བརྒྱ་བརྗོད༔ དེ་ནས་ཤེས་པ་གཞན་དུ་མ་ཡེངས་པར་གསལ་བ་དང་མི་ཚིགས་གིས་བར་མ་ཆོད་པར་སྔགས་འདི་བརྗོད༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ས་མ་ཡ་ཛ་ཛ༔ བསྐང་གསོལ་བྱ་བ་དང་འབྲེལ་བས༔ དབྱིངས་ཀྱི་རྗེ་མོ་ངེས་པར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སློབ་བུ་དཔལ་སྟོབས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:45, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 15, Text 63, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||