TTDL-ZABTER-15-BA-100: Difference between revisions
From Dudjom Wiki
TTDL-ZABTER-15-BA-100
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
དག་སྣང་ཡེ་ཤེས་དྲྭ་བ་ལས༔ ཡུལ་ལྷ་གཉན་པོ་ལ་རླུང་རྟ་ཕུལ་ཞིང་རླུང་རྟའི་དཔལ་བསྐྱེད་པའི་ལས་བཅོལ་བཞུགས་སོ༔ ན་མོ་གུ་རུ་ཧ་རི་ནི་ས་ཡེ༔ བརྡ་ཡིག༠༠༠༠༤༡༧རླུང་རྟ་ཕུལ་ཞིང་བཅོལ་ལས་ལ༔ བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན༔ རྟ་མཆོག་ནོར་བུ་བཀལ་བ་དང་༔ སྟག་དང་སེང་གེ་ཁྱུང་དང་འབྲུག༔ བྲིས་ཏེ་ཕྱར་ནས་འདི་ལྟར་བསམ༔ འདོད་རྒུ་ལོངས་སྤྱོད་ཕུན་ཚོགས་པ༔ རྒྱུན་མི་ཆད་པར་འཕྲོ་བ་ཡི༔ དཔག་བསམ་ཤིང་དང་ཡིད་བཞིན་ནོར༔ ལྟ་བུར་གསལ་ཏེ་བརྗོད་པར་བྱ༔ ན་མོ་རཏྣ་ཏྲ་ཡ་ཡཱ༔ ཨོཾ་ཡེ་དྷརྨ་སོགས་ལན་བདུན་བརྗོད་མཐར༔ ན་མོ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ རྩ་གསུམ་དཔའ་བོ་མཁའ་འགྲོ་དང་༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ༔ འདོད་རྒུའི་འབྱུང་གནས་རླུང་རྟ་འབུལ༔ བདག་གི་རླུང་རྟའི་དཔལ་བསྐྱེད་གསོལ༔ ཡུལ་འདིའི་གཞི་བདག་དྲེགས་པ་ཅན༔ ཆེ་གེ་མོ་ལ་སོགས་པ་ཡི༔ ཁ་འཛིན་སྡོང་གྲོགས་རྒྱབ་བརྟེན་དང་༔ དཔུང་གཉེན་འཇིགས་སྐྱོབ་ནུས་པ་ཅན༔ འཁོར་དང་བཅས་པ་ཐམས་ཅན་ལ༔ བཀྲ་ཤིས་རྟགས་བརྒྱད་འདི་འབུལ་ལོ༔ མཐུ་སྟོབས་ནུས་རྩལ་དྲག་ཤུལ་དང་༔ དཔལ་འབྱོར་ལོངས་སྤྱོད་རྒྱས་གྱུར་ཅིག༔ དེ་མཐུས་བདག་ཅག་འཁོར་བཅས་ལ༔ བཀྲ་ཤིས་དཔལ་འབར་དངོས་གྲུབ་སྩོལ༔ རིན་ཐང་བྲལ་བའི་རྒྱལ་སྲིད་བདུན༔ འབུལ་ལོ་འཁོར་ལོས་བསྒྱུར་རྒྱལ་བཞིན༔ སྣང་སྲིད་ཡོངས་ལ་དབང་བསྒྱུར་ཤོག༔ དེ་མཐུས་བདག་ཅག་འཁོར་བཅས་ལ༔ འདོད་རྒུ་དཔལ་གྱི་དངོས་གྲུབ་སྩོལ༔ རྟ་མཆོག་ནོར་བུས་བརྒྱན་པ་དང་༔ རྒྱ་སྟག་གཞོན་ནུ་ངར་མ་འབུལ༔ སེང་གེ་གཡུ་རལ་རྒྱས་པ་དང་༔ ཁྱུང་ཆེན་འཇིགས་རྔམས་ལྡན་པ་འབུལ༔ གཡུ་འབྲུག་ཁམས་གསུམ་སྒྲ་འབྱིན་དང་༔ མཐུ་སྟོབས་ནུས་རྩལ་བསྐྱེད་བྱེད་ཀྱི༔ རྫས་དང་ནོར་གྱི་མཆོད་པ་འབུལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ རླུང་རྟ་དང་ནི་དགྲ་བླ་མཆོག༔ རྟ་དང་སྟག་སེང་ཁྱུང་དང་འབྲུག༔ གོང་ནས་གོང་དུ་འཕེལ་བསྐྱེད་དེ༔ དར་ཞིང་རྒྱས་པའི་ཕྲིན་ལས་མཛོད༔ དར་མཚོན་མཐིང་ག་འདི་འབུལ་གྱིས༔ ནམ་མཁའི་ཁམས་ཀྱི་རླུང་རྟ་བསྐྱེད༔ དཀར་པོ་དྲི་མེད་འདི་འབུལ་གྱིས༔ ཆུ་ཁམས་རླུང་རྟ་དར་རྒྱས་མཛོད༔ སེར་པོ་མདངས་ལྡན་འདི༴ས་ཁམས་རླུང་རྟ་འཕེལ་རྒྱས་མཛོད༔ དམར་པོ་འོད་ལྡན་འདི༴མེ་ཁམས་རླུང་རྟ་འཕེལ་རྒྱས་མཛོད༔ ལྗང་གསལ་མཛེས་ལྡན་འདི༴རླུང་ཁམས་རླུང་རྟ་འཕེལ་རྒྱས་མཛོད༔ སྣ་ཚོགས་དར་ཟབ་འདི་འབུལ་ལོ༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ ཚེ་བསོད་དཔལ་འབྱོར་མངའ་ཐང་དང་༔ སྲོག་ལུས་དབང་ཐང་རླུང་རྟ་དང་༔ བླ་གཟའ་སྙན་གྲགས་མཐུ་ནུས་སྟོབས༔ གོང་ནས་གོང་དུ་འཕེལ་རྒྱས་ཤིང་༔ མི་ནུབ་བསྟན་པའི་ཕྲིན་ལས་མཛོད༔ མི་ནད་ནོར་གྱིས་གོད་ཁ་དང་༔ དགྲ་ཇག་ཆོམ་རྐུན་འཚེ་བའི་རིགས༔ མདོར་ན་མི་མཐུན་ཕྱོགས་རྣམས་ཀུན༔ གསོད་གཅོད་བཟློག་བསྒྱུར་ཕྲིན་ལས་མཛོད༔ ཆོས་བོན་བརྒྱུད་པའི་བླ་མ་ཡི༔ བཀའ་བསྒོ་ཡིན་ནོ་བཀའ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་མཐར་དཔའ་མཁར་སྟེང་དུ་གཟུག༔ གནད་དེས་དགེ་ལེགས་གོང་འཕེལ་ཞིང་༔ ལེགས་པའི་ཡོན་ཏན་ཕུན་ཚོགས་ཤིང་༔ ས་མ་ཡ༔ ཨྠིྀ༔ ཞེས་པ་འདི་ཁྲོམ་དཔོན་ཀུན་བཟང་བསྟན་འཛིན་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་སོ།།དགེའོ།།།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=15 | |||
|volumeLetter=BA | |||
|textnuminvol=100 | |||
|pdflink=File:TTDL-ZABTER-15-BA-100.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-15-BA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|དག་སྣང་ཡེ་ཤེས་དྲྭ་བ་ལས༔ ཡུལ་ལྷ་གཉན་པོ་ལ་རླུང་རྟ་ཕུལ་ཞིང་རླུང་རྟའི་དཔལ་བསྐྱེད་པའི་ལས་བཅོལ་བཞུགས་སོ༔ ན་མོ་གུ་རུ་ཧ་རི་ནི་ས་ཡེ༔ བརྡ་ཡིག༠༠༠༠༤༡༧རླུང་རྟ་ཕུལ་ཞིང་བཅོལ་ལས་ལ༔ བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན༔ རྟ་མཆོག་ནོར་བུ་བཀལ་བ་དང་༔ སྟག་དང་སེང་གེ་ཁྱུང་དང་འབྲུག༔ བྲིས་ཏེ་ཕྱར་ནས་འདི་ལྟར་བསམ༔ འདོད་རྒུ་ལོངས་སྤྱོད་ཕུན་ཚོགས་པ༔ རྒྱུན་མི་ཆད་པར་འཕྲོ་བ་ཡི༔ དཔག་བསམ་ཤིང་དང་ཡིད་བཞིན་ནོར༔ ལྟ་བུར་གསལ་ཏེ་བརྗོད་པར་བྱ༔ ན་མོ་རཏྣ་ཏྲ་ཡ་ཡཱ༔ ཨོཾ་ཡེ་དྷརྨ་སོགས་ལན་བདུན་བརྗོད་མཐར༔ ན་མོ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ རྩ་གསུམ་དཔའ་བོ་མཁའ་འགྲོ་དང་༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ༔ འདོད་རྒུའི་འབྱུང་གནས་རླུང་རྟ་འབུལ༔ བདག་གི་རླུང་རྟའི་དཔལ་བསྐྱེད་གསོལ༔ ཡུལ་འདིའི་གཞི་བདག་དྲེགས་པ་ཅན༔ ཆེ་གེ་མོ་ལ་སོགས་པ་ཡི༔ ཁ་འཛིན་སྡོང་གྲོགས་རྒྱབ་བརྟེན་དང་༔ དཔུང་གཉེན་འཇིགས་སྐྱོབ་ནུས་པ་ཅན༔ འཁོར་དང་བཅས་པ་ཐམས་ཅན་ལ༔ བཀྲ་ཤིས་རྟགས་བརྒྱད་འདི་འབུལ་ལོ༔ མཐུ་སྟོབས་ནུས་རྩལ་དྲག་ཤུལ་དང་༔ དཔལ་འབྱོར་ལོངས་སྤྱོད་རྒྱས་གྱུར་ཅིག༔ དེ་མཐུས་བདག་ཅག་འཁོར་བཅས་ལ༔ བཀྲ་ཤིས་དཔལ་འབར་དངོས་གྲུབ་སྩོལ༔ རིན་ཐང་བྲལ་བའི་རྒྱལ་སྲིད་བདུན༔ འབུལ་ལོ་འཁོར་ལོས་བསྒྱུར་རྒྱལ་བཞིན༔ སྣང་སྲིད་ཡོངས་ལ་དབང་བསྒྱུར་ཤོག༔ དེ་མཐུས་བདག་ཅག་འཁོར་བཅས་ལ༔ འདོད་རྒུ་དཔལ་གྱི་དངོས་གྲུབ་སྩོལ༔ རྟ་མཆོག་ནོར་བུས་བརྒྱན་པ་དང་༔ རྒྱ་སྟག་གཞོན་ནུ་ངར་མ་འབུལ༔ སེང་གེ་གཡུ་རལ་རྒྱས་པ་དང་༔ ཁྱུང་ཆེན་འཇིགས་རྔམས་ལྡན་པ་འབུལ༔ གཡུ་འབྲུག་ཁམས་གསུམ་སྒྲ་འབྱིན་དང་༔ མཐུ་སྟོབས་ནུས་རྩལ་བསྐྱེད་བྱེད་ཀྱི༔ རྫས་དང་ནོར་གྱི་མཆོད་པ་འབུལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ རླུང་རྟ་དང་ནི་དགྲ་བླ་མཆོག༔ རྟ་དང་སྟག་སེང་ཁྱུང་དང་འབྲུག༔ གོང་ནས་གོང་དུ་འཕེལ་བསྐྱེད་དེ༔ དར་ཞིང་རྒྱས་པའི་ཕྲིན་ལས་མཛོད༔ དར་མཚོན་མཐིང་ག་འདི་འབུལ་གྱིས༔ ནམ་མཁའི་ཁམས་ཀྱི་རླུང་རྟ་བསྐྱེད༔ དཀར་པོ་དྲི་མེད་འདི་འབུལ་གྱིས༔ ཆུ་ཁམས་རླུང་རྟ་དར་རྒྱས་མཛོད༔ སེར་པོ་མདངས་ལྡན་འདི༴ས་ཁམས་རླུང་རྟ་འཕེལ་རྒྱས་མཛོད༔ དམར་པོ་འོད་ལྡན་འདི༴མེ་ཁམས་རླུང་རྟ་འཕེལ་རྒྱས་མཛོད༔ ལྗང་གསལ་མཛེས་ལྡན་འདི༴རླུང་ཁམས་རླུང་རྟ་འཕེལ་རྒྱས་མཛོད༔ སྣ་ཚོགས་དར་ཟབ་འདི་འབུལ་ལོ༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ ཚེ་བསོད་དཔལ་འབྱོར་མངའ་ཐང་དང་༔ སྲོག་ལུས་དབང་ཐང་རླུང་རྟ་དང་༔ བླ་གཟའ་སྙན་གྲགས་མཐུ་ནུས་སྟོབས༔ གོང་ནས་གོང་དུ་འཕེལ་རྒྱས་ཤིང་༔ མི་ནུབ་བསྟན་པའི་ཕྲིན་ལས་མཛོད༔ མི་ནད་ནོར་གྱིས་གོད་ཁ་དང་༔ དགྲ་ཇག་ཆོམ་རྐུན་འཚེ་བའི་རིགས༔ མདོར་ན་མི་མཐུན་ཕྱོགས་རྣམས་ཀུན༔ གསོད་གཅོད་བཟློག་བསྒྱུར་ཕྲིན་ལས་མཛོད༔ ཆོས་བོན་བརྒྱུད་པའི་བླ་མ་ཡི༔ བཀའ་བསྒོ་ཡིན་ནོ་བཀའ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་མཐར་དཔའ་མཁར་སྟེང་དུ་གཟུག༔ གནད་དེས་དགེ་ལེགས་གོང་འཕེལ་ཞིང་༔ ལེགས་པའི་ཡོན་ཏན་ཕུན་ཚོགས་ཤིང་༔ ས་མ་ཡ༔ ཨྠིྀ༔ ཞེས་པ་འདི་ཁྲོམ་དཔོན་ཀུན་བཟང་བསྟན་འཛིན་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་སོ།།དགེའོ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:43, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 15, Text 100, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||