TTDL-ZABTER-18-TSHA-091: Difference between revisions

From Dudjom Wiki
TTDL-ZABTER-18-TSHA-091
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
ཨོ་རྒྱན་ལ་གདམས་པའི་གླུ་དབྱངས་ཆོས་ཉིད་རང་སྒྲ་བཞུགས་སོ། །གཞི་ཁྱབ་བདག་གདོད་མའི་དབྱིངས་ལ་འདུད། །ཚུར་གསོན་དང་སྐལ་ལྡན་སྙིང་གི་བུ། །ང་རྒན་པོས་འཆོལ་བའི་རྒྱང་གླུ་འདོམས། །ཡུལ་ངོས་བཟུང་བྲལ་བ་ཡངས་པའི་མཁར། །ངས་ཆོས་ཉིད་ནམ་མཁའི་མཛོད་ཆེན་འཕྲུལ། །འདི་སྤྱོད་མཁན་ཨུ་དུམ་ཝ་ར་ཙམ། །ཁྱོད་སྤྱོད་དང་སྤྱོད་ལ་སྤྲོ་སྤྲོ་ཡང་། །བཅུད་སེང་ལྕམ་དཀར་མོའི་འོ་མ་བཞིན། །སྣོད་གང་རུང་བ་ཡིས་ཐུབ་པར་དཀའ། །ངའི་ཆོས་ནི་གཞན་ལས་ཁྱད་འཕགས་པའི། །དོན་ཆེ་བ་གསུམ་གྱི་བཅུད་དང་ལྡན། །ངེས་དང་པོ་ལྷ་ཡི་སྒོམ་སྒྲུབ་ལ། །ཚུལ་སྐྱོ་སུན་མེད་པའི་ཉམས་ལེན་བརྩོན། །སྒོ་གསུམ་པོ་རྡོ་རྗེ་གསུམ་དུ་སྨིན། །རྩལ་གང་ཤར་ལམ་གྱི་འཇུག་སྒོར་ཤར། །ཡང་རྩ་ཐིག་རླུང་གི་དག་སྦྱང་བརྩོན། །རྩ་ཨ་ཝ་དྷུ་ཏིའི་མདུད་རྒྱ་ཁྲོལ། །དབྱིངས་ཡེ་ཤེས་མཉམ་སྦྱོར་རླུང་མཛོད་རྡོལ། །རྩལ་གང་ཤར་གདམས་ངག་སྙིང་པོར་ཤར། །ངས་སྔོན་སྦྱངས་ལས་ཀྱི་འཕྲོ་སད་ནས། །དོན་ཆོས་ཉིད་བདེན་པ་མངོན་གསུམ་མཐོང་། །ལྷ་རིགས་ཀུན་རིག་པ་གཅིག་ཏུ་རྟོགས། །དཔེ་ཧྲུལ་དང་བསླབ་སྦྱངས་ལ་མ་ལྟོས། །གཞི་ཆོས་ཉིད་ནམ་མཁའི་ཀློང་མཛོད་རྡོལ། །ད་སྣང་བ་བརྡའ་དང་དཔེ་རུ་ཤར། །འདི་མཆོག་གི་གྲུབ་རྟགས་མ་ལགས་སམ། །ཕྱིའི་མིག་འཕྲུལ་བརྫུ་དང་ཅུང་མ་འདྲ། །གཞན་འགུགས་པའི་ཕོ་ཉ་བྲན་དུ་མེད། །སྔོན་རིག་འཛིན་བརྒྱུད་པའི་དགོངས་རྒྱུད་མཛོད། །མི་བདག་གི་བློ་ཡི་བུམ་པར་ཞུགས། །དེའི་མཐུས་ཀྱང་གདམས་པ་ཐེབས་པ་ཡིས། །ངའི་བུ་སློབ་དོན་གྱི་རིག་འཛིན་ཡིན། །ད་འཁོར་བར་མི་ལྡོག་གདིང་ཞིག་ཐོབ། །མི་ཕལ་པ་ཞིག་དང་ཅུང་མ་འདྲ། །ཡུལ་གཞན་གྱི་མགོ་སྐོར་བྱེད་དུ་མེད། །ངའི་འཁོར་འབངས་སྐལ་ལྡན་དམ་པ་རྣམས། །ཚེ་གཏན་གྱི་སོ་ནམ་ལྷུར་བླངས་ནས། །བློ་རྩེ་གཅིག་དམ་པའི་ཆོས་ལ་དྲིལ། །དོན་སྙིང་པོའི་སྒྲུབ་པ་ལྷུར་ལེན་བྱས། །མི་གཞན་གྱི་སྤྱོད་ཡུལ་དང་མི་མཐུན། །ཆེ་གྲགས་པ་མཐོ་རློམས་ཆེད་མི་གཉེར། །དེ་གཞན་ལས་འཕགས་པའི་ཁྱད་ཆོས་ཡིན། །ཆོས་དོན་གཉེར་བྱེད་པའི་སྒྲུབ་པ་པོས། །ཁ་ལག་པ་མི་དལ་ལས་སྤངས་ན། །ཆོས་ངེས་པའི་དོན་ཞིག་ཅིས་མི་རྟོགས། །མགོ་རལ་པའི་ཅོད་པན་བཅིངས་པ་ཡི། །ཁོང་རྣལ་འབྱོར་ཆས་སུ་ཞུགས་པ་དག།ཡུལ་ཀུན་ཏུ་དལ་མེད་རྒྱུ་ཉུལ་སྤངས། །གནས་གཅིག་ཏུ་སྡོད་ན་ཅི་མ་རུང་། །བུ་བུ་མོ་མོ་གྲོགས་མེད་པ་ཡི། །ཁོང་དགེ་བཙུན་བནྡེ་རྒན་གཞོན་ཀུན། །རང་གཅིག་ལས་ཆགས་ཞེན་ཡུལ་མེད་དེ། །རང་མགོ་འདོན་བསྒྲུབ་ན་ཅི་མ་རུང་། །ཡུལ་གྲྭ་སློབ་སྐྱོང་བའི་བླ་ཆེན་ཚོས། །རང་ཡོན་ཏན་རྒྱ་མཚོ་ཙམ་མཆིས་ཏེ། །ཡུལ་གཞན་ལ་གདམས་ངག་ཆུ་བདོ་བབ། །དེས་བདག་གཞན་འཚང་བ་ཚར་ཆེ་ཡང་། །རྨིག་རྗེས་ཆུ་ཙམ་གྱིས་སྐོམ་སེལ་མིན། །ཚུལ་རང་རྒྱུད་་འདི་ལ་བློས་གཞིག་ནས། །དེར་བསྟུན་པའི་བྱ་བྱེད་རན་ཤེས་ན། །མི་དེ་ལས་མཁས་པ་སུ་ཞིག་ཡོད། །ལས་རྒྱུ་འབྲས་སྤངས་བླངས་མཆོག་ཏུ་ངེས། །ཨ་ཧོ།རྨི་སྣང་དང་ཉིན་སྣང་མཆེད་སྡུད། །སྒྱུ་མ་དང་མིག་འཕྲུལ་མཚར་རེ། །སྣོད་བཅུད་དང་འདོད་ཡོན་ཡུལ་དྲུག།མིང་ཚུལ་དང་དངོས་པོའི་གཞི་རྩ། །མ་གྲུབ་པར་སྟོང་པར་ཧར་སངས། །རྒྱུ་འབྲས་དང་ལྷ་འདྲེ་འཁོར་འདས། །ཡུལ་མེད་དང་གཞི་མེད་རྩ་བྲལ། །ཡེ་སྟོང་དང་སྟོང་ཆེན་རོལ་པ། །གནས་ལུགས་ཀྱི་རང་བཞིན་གཞི་དབྱིངས། །ཀ་དག་དང་སྤྲོས་བྲལ་ངེས་པ། །སྐྱོན་ཡོན་གྱིས་བཅོས་བསྒྱུར་མ་སོང་། །རང་བྱུང་གི་ཆོས་སྐུ་འདི་ན། །ཐེག་པ་ཡི་འཇུག་སྒོ་མང་པོ། །ཆོས་ཉིད་ཀྱི་རྩལ་དུ་ཨེ་གོ། །ཚེ་རབས་ཀུན་རང་ས་འདི་ལས། །སྐྱེ་འཆི་དང་བསྒྲེས་རྒུད་མ་མྱོང་། །མ་རིག་པའི་བག་རྡུལ་ཕྲ་མོ། །སྣང་སེམས་ཀྱི་གཞི་རུ་ལངས་ནས། །ཚོགས་ཡུལ་གྱིས་སྒྱུ་འཕྲུལ་ངོམ་ལ། །ལྟད་མོ་རང་བལྟས་པས་བསླུས་སོ། །ད་ཙམ་ནས་ཚུལ་བཞིན་རྟོགས་པའི། །ཡེ་ཤེས་ཀྱི་མཐོང་ཆེན་ཕྱེས་ནས། །ཆིང་གསུམ་དང་གནད་དྲུག་གཅིག་བསྣུན། །ཡུལ་མེད་ཀྱི་དབྱིངས་ལ་ཡན་པས། །མ་དག་པ་སྙིགས་མའི་སྣང་བ། །དག་དབྱིངས་དེ་དྭངས་མའི་མཁར་སངས། །སྣོད་བཅུད་ཀུན་དབྱིངས་ཐིག་རོལ་པར། །འཕོས་པ་ཡི་འཕོ་ཆེན་རེད་ན། །ལྷུན་གྲུབ་ཀྱི་སྐུ་དང་ཡེ་ཤེས། །མངོན་སུམ་དུ་ཤེས་རབ་མིག་གིས། །མཐོང་བ་རང་ལྟད་མོར་མངོན་བྱུང་། །འདི་དུས་ཀྱི་སྒོ་གསུམ་འདི་དག།མི་གཡོ་དང་མི་འགུལ་ངང་གནས། །བརྟན་ཐོབ་ཀྱི་ཡེ་ཤེས་སོ་མ། །ཐར་ལམ་ཞིག་ངེས་པར་ཟིན་བྱུང་། །ཤེས་རབ་དང་ཡེ་ཤེས་སྤྱན་ཚུད། །འོད་གསལ་གྱི་སྣང་བ་གོང་འཕེལ། །སྣང་སྲིད་ཀུན་འཇའ་ཐིག་རོལ་པར། །འཕེལ་སྨིན་གྱི་རྣལ་འབྱོར་དམ་པའི། །སྒོ་གསུམ་ལ་བདེ་སྡུག་ཟུག་རྔུ། །མ་ངེས་པར་ཆལ་མ་ཆོལ་མང་། །འབྱུང་སྲིད་དེ་མ་དག་བསྐལ་ངན། །དག་གྲོལ་གྱི་དབྱིངས་སུ་འཇིག་པའི། །ངང་ཚུལ་དེ་ཤེས་པ་གནད་མཆོག།ལྷུན་གྲུབ་ཀྱི་སྐུ་དང་ཡེ་ཤེས། །ལོངས་སྐུ་ཡི་བཀོད་པར་ཚད་ཕེབས། །ཟང་ཐལ་དང་འོད་ལུས་ངང་གྱུར། །གྲུབ་བརྒྱད་ཀྱི་རྩེ་འཇོ་ལ་རོལ་མཐར། །ཆོས་ཟད་ཀྱི་རྣལ་འབྱོར་ཆེན་པོ། །བློ་འདས་ཀྱི་རོལ་པ་འབྱམས་ཀླས། །ཤེས་སྒྲིབ་ཀྱི་དྲི་མ་སངས་ཚེ། །གཞོན་ནུ་ཡི་བུམ་སྐུ་མངོན་གྱུར། །འཇའ་ལུས་དང་འཕོ་ཆེན་ངོ་མ། །འཁོར་འདས་ཀུན་མཉམ་གྲོལ་སངས་རྒྱས། །ཁྱོད་རང་ལ་གཅེས་ནོར་མཆོག་ཏུ། །སྟེར་བ་ཡང་སྔོན་གྱི་ལས་སྨོན། །བཟང་པོ་ཡི་རྒྱུ་འབྲས་ངེས་པ། །ཚེ་འདི་རུ་འཇའ་ལུས་ཐོབ་པའི། །ལས་འཕྲོ་དང་སྨོན་ལམ་མཐུ་ཡོད། །རེམ་རེམ་དང་ཁམས་གསུམ་ཆོས་རྒྱལ། །དེ་རིང་ནས་སླེབ་འདུག་ཨེ་གོ། །གནས་འདི་ཡང་ས་སྤྱོད་འོག་མིན། །དཔའ་བོ་དང་མཁའ་འགྲོའི་འདུ་བ། །འགྲོ་དོན་གྱི་ཆེད་དུ་ཕེབས་འདུག།སྒྲུབ་ཚད་ཀྱིས་གྲུབ་པ་ཐོབ་འོང་། །མི་རྒན་པོ་བདུད་འཇོམས་རྡོ་རྗེས། །བློ་བདེ་བའི་མཚར་གླུ་བླངས་ཡོད། །ཁྱོད་སློབ་བུ་ཨོ་རྒྱན་རྡོ་རྗེའི། །རྒྱུད་སྨིན་ཅིང་གྲོལ་བར་སྨོན་ནོ། །དགེའོ། །། །[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=18
|volumeLetter=TSHA
|textnuminvol=091
|pdflink=File:TTDL-ZABTER-18-TSHA-091.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA
}}
<h1>Tibetan Text</h1>
<onlyinclude>
{{TibP|ཨོ་རྒྱན་ལ་གདམས་པའི་གླུ་དབྱངས་ཆོས་ཉིད་རང་སྒྲ་བཞུགས་སོ། །གཞི་ཁྱབ་བདག་གདོད་མའི་དབྱིངས་ལ་འདུད། །ཚུར་གསོན་དང་སྐལ་ལྡན་སྙིང་གི་བུ། །ང་རྒན་པོས་འཆོལ་བའི་རྒྱང་གླུ་འདོམས། །ཡུལ་ངོས་བཟུང་བྲལ་བ་ཡངས་པའི་མཁར། །ངས་ཆོས་ཉིད་ནམ་མཁའི་མཛོད་ཆེན་འཕྲུལ། །འདི་སྤྱོད་མཁན་ཨུ་དུམ་ཝ་ར་ཙམ། །ཁྱོད་སྤྱོད་དང་སྤྱོད་ལ་སྤྲོ་སྤྲོ་ཡང་། །བཅུད་སེང་ལྕམ་དཀར་མོའི་འོ་མ་བཞིན། །སྣོད་གང་རུང་བ་ཡིས་ཐུབ་པར་དཀའ། །ངའི་ཆོས་ནི་གཞན་ལས་ཁྱད་འཕགས་པའི། །དོན་ཆེ་བ་གསུམ་གྱི་བཅུད་དང་ལྡན། །ངེས་དང་པོ་ལྷ་ཡི་སྒོམ་སྒྲུབ་ལ། །ཚུལ་སྐྱོ་སུན་མེད་པའི་ཉམས་ལེན་བརྩོན། །སྒོ་གསུམ་པོ་རྡོ་རྗེ་གསུམ་དུ་སྨིན། །རྩལ་གང་ཤར་ལམ་གྱི་འཇུག་སྒོར་ཤར། །ཡང་རྩ་ཐིག་རླུང་གི་དག་སྦྱང་བརྩོན། །རྩ་ཨ་ཝ་དྷུ་ཏིའི་མདུད་རྒྱ་ཁྲོལ། །དབྱིངས་ཡེ་ཤེས་མཉམ་སྦྱོར་རླུང་མཛོད་རྡོལ། །རྩལ་གང་ཤར་གདམས་ངག་སྙིང་པོར་ཤར། །ངས་སྔོན་སྦྱངས་ལས་ཀྱི་འཕྲོ་སད་ནས། །དོན་ཆོས་ཉིད་བདེན་པ་མངོན་གསུམ་མཐོང་། །ལྷ་རིགས་ཀུན་རིག་པ་གཅིག་ཏུ་རྟོགས། །དཔེ་ཧྲུལ་དང་བསླབ་སྦྱངས་ལ་མ་ལྟོས། །གཞི་ཆོས་ཉིད་ནམ་མཁའི་ཀློང་མཛོད་རྡོལ། །ད་སྣང་བ་བརྡའ་དང་དཔེ་རུ་ཤར། །འདི་མཆོག་གི་གྲུབ་རྟགས་མ་ལགས་སམ། །ཕྱིའི་མིག་འཕྲུལ་བརྫུ་དང་ཅུང་མ་འདྲ། །གཞན་འགུགས་པའི་ཕོ་ཉ་བྲན་དུ་མེད། །སྔོན་རིག་འཛིན་བརྒྱུད་པའི་དགོངས་རྒྱུད་མཛོད། །མི་བདག་གི་བློ་ཡི་བུམ་པར་ཞུགས། །དེའི་མཐུས་ཀྱང་གདམས་པ་ཐེབས་པ་ཡིས། །ངའི་བུ་སློབ་དོན་གྱི་རིག་འཛིན་ཡིན། །ད་འཁོར་བར་མི་ལྡོག་གདིང་ཞིག་ཐོབ། །མི་ཕལ་པ་ཞིག་དང་ཅུང་མ་འདྲ། །ཡུལ་གཞན་གྱི་མགོ་སྐོར་བྱེད་དུ་མེད། །ངའི་འཁོར་འབངས་སྐལ་ལྡན་དམ་པ་རྣམས། །ཚེ་གཏན་གྱི་སོ་ནམ་ལྷུར་བླངས་ནས། །བློ་རྩེ་གཅིག་དམ་པའི་ཆོས་ལ་དྲིལ། །དོན་སྙིང་པོའི་སྒྲུབ་པ་ལྷུར་ལེན་བྱས། །མི་གཞན་གྱི་སྤྱོད་ཡུལ་དང་མི་མཐུན། །ཆེ་གྲགས་པ་མཐོ་རློམས་ཆེད་མི་གཉེར། །དེ་གཞན་ལས་འཕགས་པའི་ཁྱད་ཆོས་ཡིན། །ཆོས་དོན་གཉེར་བྱེད་པའི་སྒྲུབ་པ་པོས། །ཁ་ལག་པ་མི་དལ་ལས་སྤངས་ན། །ཆོས་ངེས་པའི་དོན་ཞིག་ཅིས་མི་རྟོགས། །མགོ་རལ་པའི་ཅོད་པན་བཅིངས་པ་ཡི། །ཁོང་རྣལ་འབྱོར་ཆས་སུ་ཞུགས་པ་དག།ཡུལ་ཀུན་ཏུ་དལ་མེད་རྒྱུ་ཉུལ་སྤངས། །གནས་གཅིག་ཏུ་སྡོད་ན་ཅི་མ་རུང་། །བུ་བུ་མོ་མོ་གྲོགས་མེད་པ་ཡི། །ཁོང་དགེ་བཙུན་བནྡེ་རྒན་གཞོན་ཀུན། །རང་གཅིག་ལས་ཆགས་ཞེན་ཡུལ་མེད་དེ། །རང་མགོ་འདོན་བསྒྲུབ་ན་ཅི་མ་རུང་། །ཡུལ་གྲྭ་སློབ་སྐྱོང་བའི་བླ་ཆེན་ཚོས། །རང་ཡོན་ཏན་རྒྱ་མཚོ་ཙམ་མཆིས་ཏེ། །ཡུལ་གཞན་ལ་གདམས་ངག་ཆུ་བདོ་བབ། །དེས་བདག་གཞན་འཚང་བ་ཚར་ཆེ་ཡང་། །རྨིག་རྗེས་ཆུ་ཙམ་གྱིས་སྐོམ་སེལ་མིན། །ཚུལ་རང་རྒྱུད་་འདི་ལ་བློས་གཞིག་ནས། །དེར་བསྟུན་པའི་བྱ་བྱེད་རན་ཤེས་ན། །མི་དེ་ལས་མཁས་པ་སུ་ཞིག་ཡོད། །ལས་རྒྱུ་འབྲས་སྤངས་བླངས་མཆོག་ཏུ་ངེས། །ཨ་ཧོ།རྨི་སྣང་དང་ཉིན་སྣང་མཆེད་སྡུད། །སྒྱུ་མ་དང་མིག་འཕྲུལ་མཚར་རེ། །སྣོད་བཅུད་དང་འདོད་ཡོན་ཡུལ་དྲུག།མིང་ཚུལ་དང་དངོས་པོའི་གཞི་རྩ། །མ་གྲུབ་པར་སྟོང་པར་ཧར་སངས། །རྒྱུ་འབྲས་དང་ལྷ་འདྲེ་འཁོར་འདས། །ཡུལ་མེད་དང་གཞི་མེད་རྩ་བྲལ། །ཡེ་སྟོང་དང་སྟོང་ཆེན་རོལ་པ། །གནས་ལུགས་ཀྱི་རང་བཞིན་གཞི་དབྱིངས། །ཀ་དག་དང་སྤྲོས་བྲལ་ངེས་པ། །སྐྱོན་ཡོན་གྱིས་བཅོས་བསྒྱུར་མ་སོང་། །རང་བྱུང་གི་ཆོས་སྐུ་འདི་ན། །ཐེག་པ་ཡི་འཇུག་སྒོ་མང་པོ། །ཆོས་ཉིད་ཀྱི་རྩལ་དུ་ཨེ་གོ། །ཚེ་རབས་ཀུན་རང་ས་འདི་ལས། །སྐྱེ་འཆི་དང་བསྒྲེས་རྒུད་མ་མྱོང་། །མ་རིག་པའི་བག་རྡུལ་ཕྲ་མོ། །སྣང་སེམས་ཀྱི་གཞི་རུ་ལངས་ནས། །ཚོགས་ཡུལ་གྱིས་སྒྱུ་འཕྲུལ་ངོམ་ལ། །ལྟད་མོ་རང་བལྟས་པས་བསླུས་སོ། །ད་ཙམ་ནས་ཚུལ་བཞིན་རྟོགས་པའི། །ཡེ་ཤེས་ཀྱི་མཐོང་ཆེན་ཕྱེས་ནས། །ཆིང་གསུམ་དང་གནད་དྲུག་གཅིག་བསྣུན། །ཡུལ་མེད་ཀྱི་དབྱིངས་ལ་ཡན་པས། །མ་དག་པ་སྙིགས་མའི་སྣང་བ། །དག་དབྱིངས་དེ་དྭངས་མའི་མཁར་སངས། །སྣོད་བཅུད་ཀུན་དབྱིངས་ཐིག་རོལ་པར། །འཕོས་པ་ཡི་འཕོ་ཆེན་རེད་ན། །ལྷུན་གྲུབ་ཀྱི་སྐུ་དང་ཡེ་ཤེས། །མངོན་སུམ་དུ་ཤེས་རབ་མིག་གིས། །མཐོང་བ་རང་ལྟད་མོར་མངོན་བྱུང་། །འདི་དུས་ཀྱི་སྒོ་གསུམ་འདི་དག།མི་གཡོ་དང་མི་འགུལ་ངང་གནས། །བརྟན་ཐོབ་ཀྱི་ཡེ་ཤེས་སོ་མ། །ཐར་ལམ་ཞིག་ངེས་པར་ཟིན་བྱུང་། །ཤེས་རབ་དང་ཡེ་ཤེས་སྤྱན་ཚུད། །འོད་གསལ་གྱི་སྣང་བ་གོང་འཕེལ། །སྣང་སྲིད་ཀུན་འཇའ་ཐིག་རོལ་པར། །འཕེལ་སྨིན་གྱི་རྣལ་འབྱོར་དམ་པའི། །སྒོ་གསུམ་ལ་བདེ་སྡུག་ཟུག་རྔུ། །མ་ངེས་པར་ཆལ་མ་ཆོལ་མང་། །འབྱུང་སྲིད་དེ་མ་དག་བསྐལ་ངན། །དག་གྲོལ་གྱི་དབྱིངས་སུ་འཇིག་པའི། །ངང་ཚུལ་དེ་ཤེས་པ་གནད་མཆོག།ལྷུན་གྲུབ་ཀྱི་སྐུ་དང་ཡེ་ཤེས། །ལོངས་སྐུ་ཡི་བཀོད་པར་ཚད་ཕེབས། །ཟང་ཐལ་དང་འོད་ལུས་ངང་གྱུར། །གྲུབ་བརྒྱད་ཀྱི་རྩེ་འཇོ་ལ་རོལ་མཐར། །ཆོས་ཟད་ཀྱི་རྣལ་འབྱོར་ཆེན་པོ། །བློ་འདས་ཀྱི་རོལ་པ་འབྱམས་ཀླས། །ཤེས་སྒྲིབ་ཀྱི་དྲི་མ་སངས་ཚེ། །གཞོན་ནུ་ཡི་བུམ་སྐུ་མངོན་གྱུར། །འཇའ་ལུས་དང་འཕོ་ཆེན་ངོ་མ། །འཁོར་འདས་ཀུན་མཉམ་གྲོལ་སངས་རྒྱས། །ཁྱོད་རང་ལ་གཅེས་ནོར་མཆོག་ཏུ། །སྟེར་བ་ཡང་སྔོན་གྱི་ལས་སྨོན། །བཟང་པོ་ཡི་རྒྱུ་འབྲས་ངེས་པ། །ཚེ་འདི་རུ་འཇའ་ལུས་ཐོབ་པའི། །ལས་འཕྲོ་དང་སྨོན་ལམ་མཐུ་ཡོད། །རེམ་རེམ་དང་ཁམས་གསུམ་ཆོས་རྒྱལ། །དེ་རིང་ནས་སླེབ་འདུག་ཨེ་གོ། །གནས་འདི་ཡང་ས་སྤྱོད་འོག་མིན། །དཔའ་བོ་དང་མཁའ་འགྲོའི་འདུ་བ། །འགྲོ་དོན་གྱི་ཆེད་དུ་ཕེབས་འདུག།སྒྲུབ་ཚད་ཀྱིས་གྲུབ་པ་ཐོབ་འོང་། །མི་རྒན་པོ་བདུད་འཇོམས་རྡོ་རྗེས། །བློ་བདེ་བའི་མཚར་གླུ་བླངས་ཡོད། །ཁྱོད་སློབ་བུ་ཨོ་རྒྱན་རྡོ་རྗེའི། །རྒྱུད་སྨིན་ཅིང་གྲོལ་བར་སྨོན་ནོ། །དགེའོ། །། །}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:23, 4 June 2024

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=18 |volumeLetter=TSHA |textnuminvol=091 |pdflink=File:TTDL-ZABTER-18-TSHA-091.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA }}

[edit]
ཨོ་རྒྱན་ལ་གདམས་པའི་གླུ་དབྱངས་ཆོས་ཉིད་རང་སྒྲ་བཞུགས་སོ། །གཞི་ཁྱབ་བདག་གདོད་མའི་དབྱིངས་ལ་འདུད། །ཚུར་གསོན་དང་སྐལ་ལྡན་སྙིང་གི་བུ། །ང་རྒན་པོས་འཆོལ་བའི་རྒྱང་གླུ་འདོམས། །ཡུལ་ངོས་བཟུང་བྲལ་བ་ཡངས་པའི་མཁར། །ངས་ཆོས་ཉིད་ནམ་མཁའི་མཛོད་ཆེན་འཕྲུལ། །འདི་སྤྱོད་མཁན་ཨུ་དུམ་ཝ་ར་ཙམ། །ཁྱོད་སྤྱོད་དང་སྤྱོད་ལ་སྤྲོ་སྤྲོ་ཡང་། །བཅུད་སེང་ལྕམ་དཀར་མོའི་འོ་མ་བཞིན། །སྣོད་གང་རུང་བ་ཡིས་ཐུབ་པར་དཀའ། །ངའི་ཆོས་ནི་གཞན་ལས་ཁྱད་འཕགས་པའི། །དོན་ཆེ་བ་གསུམ་གྱི་བཅུད་དང་ལྡན། །ངེས་དང་པོ་ལྷ་ཡི་སྒོམ་སྒྲུབ་ལ། །ཚུལ་སྐྱོ་སུན་མེད་པའི་ཉམས་ལེན་བརྩོན། །སྒོ་གསུམ་པོ་རྡོ་རྗེ་གསུམ་དུ་སྨིན། །རྩལ་གང་ཤར་ལམ་གྱི་འཇུག་སྒོར་ཤར། །ཡང་རྩ་ཐིག་རླུང་གི་དག་སྦྱང་བརྩོན། །རྩ་ཨ་ཝ་དྷུ་ཏིའི་མདུད་རྒྱ་ཁྲོལ། །དབྱིངས་ཡེ་ཤེས་མཉམ་སྦྱོར་རླུང་མཛོད་རྡོལ། །རྩལ་གང་ཤར་གདམས་ངག་སྙིང་པོར་ཤར། །ངས་སྔོན་སྦྱངས་ལས་ཀྱི་འཕྲོ་སད་ནས། །དོན་ཆོས་ཉིད་བདེན་པ་མངོན་གསུམ་མཐོང་། །ལྷ་རིགས་ཀུན་རིག་པ་གཅིག་ཏུ་རྟོགས། །དཔེ་ཧྲུལ་དང་བསླབ་སྦྱངས་ལ་མ་ལྟོས། །གཞི་ཆོས་ཉིད་ནམ་མཁའི་ཀློང་མཛོད་རྡོལ། །ད་སྣང་བ་བརྡའ་དང་དཔེ་རུ་ཤར། །འདི་མཆོག་གི་གྲུབ་རྟགས་མ་ལགས་སམ། །ཕྱིའི་མིག་འཕྲུལ་བརྫུ་དང་ཅུང་མ་འདྲ། །གཞན་འགུགས་པའི་ཕོ་ཉ་བྲན་དུ་མེད། །སྔོན་རིག་འཛིན་བརྒྱུད་པའི་དགོངས་རྒྱུད་མཛོད། །མི་བདག་གི་བློ་ཡི་བུམ་པར་ཞུགས། །དེའི་མཐུས་ཀྱང་གདམས་པ་ཐེབས་པ་ཡིས། །ངའི་བུ་སློབ་དོན་གྱི་རིག་འཛིན་ཡིན། །ད་འཁོར་བར་མི་ལྡོག་གདིང་ཞིག་ཐོབ། །མི་ཕལ་པ་ཞིག་དང་ཅུང་མ་འདྲ། །ཡུལ་གཞན་གྱི་མགོ་སྐོར་བྱེད་དུ་མེད། །ངའི་འཁོར་འབངས་སྐལ་ལྡན་དམ་པ་རྣམས། །ཚེ་གཏན་གྱི་སོ་ནམ་ལྷུར་བླངས་ནས། །བློ་རྩེ་གཅིག་དམ་པའི་ཆོས་ལ་དྲིལ། །དོན་སྙིང་པོའི་སྒྲུབ་པ་ལྷུར་ལེན་བྱས། །མི་གཞན་གྱི་སྤྱོད་ཡུལ་དང་མི་མཐུན། །ཆེ་གྲགས་པ་མཐོ་རློམས་ཆེད་མི་གཉེར། །དེ་གཞན་ལས་འཕགས་པའི་ཁྱད་ཆོས་ཡིན། །ཆོས་དོན་གཉེར་བྱེད་པའི་སྒྲུབ་པ་པོས། །ཁ་ལག་པ་མི་དལ་ལས་སྤངས་ན། །ཆོས་ངེས་པའི་དོན་ཞིག་ཅིས་མི་རྟོགས། །མགོ་རལ་པའི་ཅོད་པན་བཅིངས་པ་ཡི། །ཁོང་རྣལ་འབྱོར་ཆས་སུ་ཞུགས་པ་དག།ཡུལ་ཀུན་ཏུ་དལ་མེད་རྒྱུ་ཉུལ་སྤངས། །གནས་གཅིག་ཏུ་སྡོད་ན་ཅི་མ་རུང་། །བུ་བུ་མོ་མོ་གྲོགས་མེད་པ་ཡི། །ཁོང་དགེ་བཙུན་བནྡེ་རྒན་གཞོན་ཀུན། །རང་གཅིག་ལས་ཆགས་ཞེན་ཡུལ་མེད་དེ། །རང་མགོ་འདོན་བསྒྲུབ་ན་ཅི་མ་རུང་། །ཡུལ་གྲྭ་སློབ་སྐྱོང་བའི་བླ་ཆེན་ཚོས། །རང་ཡོན་ཏན་རྒྱ་མཚོ་ཙམ་མཆིས་ཏེ། །ཡུལ་གཞན་ལ་གདམས་ངག་ཆུ་བདོ་བབ། །དེས་བདག་གཞན་འཚང་བ་ཚར་ཆེ་ཡང་། །རྨིག་རྗེས་ཆུ་ཙམ་གྱིས་སྐོམ་སེལ་མིན། །ཚུལ་རང་རྒྱུད་་འདི་ལ་བློས་གཞིག་ནས། །དེར་བསྟུན་པའི་བྱ་བྱེད་རན་ཤེས་ན། །མི་དེ་ལས་མཁས་པ་སུ་ཞིག་ཡོད། །ལས་རྒྱུ་འབྲས་སྤངས་བླངས་མཆོག་ཏུ་ངེས། །ཨ་ཧོ།རྨི་སྣང་དང་ཉིན་སྣང་མཆེད་སྡུད། །སྒྱུ་མ་དང་མིག་འཕྲུལ་མཚར་རེ། །སྣོད་བཅུད་དང་འདོད་ཡོན་ཡུལ་དྲུག།མིང་ཚུལ་དང་དངོས་པོའི་གཞི་རྩ། །མ་གྲུབ་པར་སྟོང་པར་ཧར་སངས། །རྒྱུ་འབྲས་དང་ལྷ་འདྲེ་འཁོར་འདས། །ཡུལ་མེད་དང་གཞི་མེད་རྩ་བྲལ། །ཡེ་སྟོང་དང་སྟོང་ཆེན་རོལ་པ། །གནས་ལུགས་ཀྱི་རང་བཞིན་གཞི་དབྱིངས། །ཀ་དག་དང་སྤྲོས་བྲལ་ངེས་པ། །སྐྱོན་ཡོན་གྱིས་བཅོས་བསྒྱུར་མ་སོང་། །རང་བྱུང་གི་ཆོས་སྐུ་འདི་ན། །ཐེག་པ་ཡི་འཇུག་སྒོ་མང་པོ། །ཆོས་ཉིད་ཀྱི་རྩལ་དུ་ཨེ་གོ། །ཚེ་རབས་ཀུན་རང་ས་འདི་ལས། །སྐྱེ་འཆི་དང་བསྒྲེས་རྒུད་མ་མྱོང་། །མ་རིག་པའི་བག་རྡུལ་ཕྲ་མོ། །སྣང་སེམས་ཀྱི་གཞི་རུ་ལངས་ནས། །ཚོགས་ཡུལ་གྱིས་སྒྱུ་འཕྲུལ་ངོམ་ལ། །ལྟད་མོ་རང་བལྟས་པས་བསླུས་སོ། །ད་ཙམ་ནས་ཚུལ་བཞིན་རྟོགས་པའི། །ཡེ་ཤེས་ཀྱི་མཐོང་ཆེན་ཕྱེས་ནས། །ཆིང་གསུམ་དང་གནད་དྲུག་གཅིག་བསྣུན། །ཡུལ་མེད་ཀྱི་དབྱིངས་ལ་ཡན་པས། །མ་དག་པ་སྙིགས་མའི་སྣང་བ། །དག་དབྱིངས་དེ་དྭངས་མའི་མཁར་སངས། །སྣོད་བཅུད་ཀུན་དབྱིངས་ཐིག་རོལ་པར། །འཕོས་པ་ཡི་འཕོ་ཆེན་རེད་ན། །ལྷུན་གྲུབ་ཀྱི་སྐུ་དང་ཡེ་ཤེས། །མངོན་སུམ་དུ་ཤེས་རབ་མིག་གིས། །མཐོང་བ་རང་ལྟད་མོར་མངོན་བྱུང་། །འདི་དུས་ཀྱི་སྒོ་གསུམ་འདི་དག།མི་གཡོ་དང་མི་འགུལ་ངང་གནས། །བརྟན་ཐོབ་ཀྱི་ཡེ་ཤེས་སོ་མ། །ཐར་ལམ་ཞིག་ངེས་པར་ཟིན་བྱུང་། །ཤེས་རབ་དང་ཡེ་ཤེས་སྤྱན་ཚུད། །འོད་གསལ་གྱི་སྣང་བ་གོང་འཕེལ། །སྣང་སྲིད་ཀུན་འཇའ་ཐིག་རོལ་པར། །འཕེལ་སྨིན་གྱི་རྣལ་འབྱོར་དམ་པའི། །སྒོ་གསུམ་ལ་བདེ་སྡུག་ཟུག་རྔུ། །མ་ངེས་པར་ཆལ་མ་ཆོལ་མང་། །འབྱུང་སྲིད་དེ་མ་དག་བསྐལ་ངན། །དག་གྲོལ་གྱི་དབྱིངས་སུ་འཇིག་པའི། །ངང་ཚུལ་དེ་ཤེས་པ་གནད་མཆོག།ལྷུན་གྲུབ་ཀྱི་སྐུ་དང་ཡེ་ཤེས། །ལོངས་སྐུ་ཡི་བཀོད་པར་ཚད་ཕེབས། །ཟང་ཐལ་དང་འོད་ལུས་ངང་གྱུར། །གྲུབ་བརྒྱད་ཀྱི་རྩེ་འཇོ་ལ་རོལ་མཐར། །ཆོས་ཟད་ཀྱི་རྣལ་འབྱོར་ཆེན་པོ། །བློ་འདས་ཀྱི་རོལ་པ་འབྱམས་ཀླས། །ཤེས་སྒྲིབ་ཀྱི་དྲི་མ་སངས་ཚེ། །གཞོན་ནུ་ཡི་བུམ་སྐུ་མངོན་གྱུར། །འཇའ་ལུས་དང་འཕོ་ཆེན་ངོ་མ། །འཁོར་འདས་ཀུན་མཉམ་གྲོལ་སངས་རྒྱས། །ཁྱོད་རང་ལ་གཅེས་ནོར་མཆོག་ཏུ། །སྟེར་བ་ཡང་སྔོན་གྱི་ལས་སྨོན། །བཟང་པོ་ཡི་རྒྱུ་འབྲས་ངེས་པ། །ཚེ་འདི་རུ་འཇའ་ལུས་ཐོབ་པའི། །ལས་འཕྲོ་དང་སྨོན་ལམ་མཐུ་ཡོད། །རེམ་རེམ་དང་ཁམས་གསུམ་ཆོས་རྒྱལ། །དེ་རིང་ནས་སླེབ་འདུག་ཨེ་གོ། །གནས་འདི་ཡང་ས་སྤྱོད་འོག་མིན། །དཔའ་བོ་དང་མཁའ་འགྲོའི་འདུ་བ། །འགྲོ་དོན་གྱི་ཆེད་དུ་ཕེབས་འདུག།སྒྲུབ་ཚད་ཀྱིས་གྲུབ་པ་ཐོབ་འོང་། །མི་རྒན་པོ་བདུད་འཇོམས་རྡོ་རྗེས། །བློ་བདེ་བའི་མཚར་གླུ་བླངས་ཡོད། །ཁྱོད་སློབ་བུ་ཨོ་རྒྱན་རྡོ་རྗེའི། །རྒྱུད་སྨིན་ཅིང་གྲོལ་བར་སྨོན་ནོ། །དགེའོ། །། །