TTDL-ZABTER-18-TSHA-094: Difference between revisions
From Dudjom Wiki
TTDL-ZABTER-18-TSHA-094
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
རིགས་ལྡན་ལ་གདམས་པའི་གཏམ་རྣ་བའི་དབང་པོའི་བདུད་རྩི་ཞེས་བྱ་བ་བཞུགས། །མགོན་དུས་གསུམ་རྒྱལ་བ་འདུས་པའི་སྐུ། །དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་སྐྱོངས། །ཁྱོད་གྲོལ་འཁྲུལ་བར་གྱི་མཚམས་ཤེད་ན། །སེམས་བར་མ་དོ་རུ་འཁྱམས་པ་ཡི། །སྐྱོན་ཡུལ་བརྒྱད་དག་ལ་ཁ་འཁྱོལ་ཏེ། །ལས་ཆོས་བརྒྱད་ཡུལ་དུ་འཁྲུལ་ཞེན་ན། །དོན་རྣམ་མཁྱེན་བསྒྲུབ་པའི་དུས་ཚིགས་ཡོལ། །ཚུལ་དེ་ལྟར་བདུད་ཀྱི་འབངས་གྱུར་ན། །ཆོས་བཤད་པ་སྨྲ་བས་ཅི་ཞིག་བྱ། །རྐྱེན་བདུད་ཡུལ་མུན་པའི་གྲོང་ཁྱེར་དུ། །ཞེན་ཆགས་པའི་སྐྱེས་བུ་ཕལ་པ་ལ། །དོན་ལྟ་སྒོམ་སྤྱོད་པའི་ཚིག་ཙམ་གྱིས། །ཚིག་བཤད་པ་གོ་བས་ཅི་ལ་ཕན། །དོན་ལྟ་བ་ཟབ་མོ་ལྷུར་ལེན་ན། །སྤྱིར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །དཔེ་རྨི་ལམ་བར་དོའི་སྣང་བ་བཞིན། །གཞི་སྟོང་ཉིད་ཀྱི་ཆོ་འཕྲུལ་ངེས་པ་རུ། །འུབ་ཆུབ་པའི་རོལ་པར་རྟོགས་གྱུར་ན། །དེ་ལྟ་བའི་རྒྱལ་པོར་ལྷུན་གྱིས་གྲུབ། །ཆོས་ཤེས་ན་ལྟ་བ་ངེས་པ་ཡིན། །དེ་གཞན་དུ་བཟུང་ན་འཁྲུལ་པ་ཡིན། །དེ་མེད་དང་མ་གྲུབ་ངང་ཤེས་པའི། །དབྱིངས་ཉིད་ཀྱིས་འཇའ་ཚོན་ཤར་བ་དང་། །ཆུ་ཉིད་ཀྱིས་གཟའ་སྐར་སྣང་བ་བཞིན། །གཞི་ཉིད་ཀྱིས་འཁོར་འདས་ཀུན་སྣང་བ། །ཚུལ་བཞིན་དུ་ཤེས་ན་ལྟ་བ་ལགས། །དོན་སྟོང་ཉིད་ལྟ་བ་རིན་པོ་ཆེ། །མངོན་གྱུར་དུ་རིག་པ་རིག་པ་སྟེ། །རིག་པ་ལས་བསྒོམ་པ་གཞན་ན་མེད། །ད་ཆོས་བརྒྱད་ཀྱི་བློ་ལ་མ་ཞེན་པས། །ནམ་མཁའ་དང་འཇའ་ཚོན་ཇི་བཞིན་དུ། །སྣང་སྲིད་ཀྱི་སྣང་བ་སྒྱུ་མ་བཞིན། །བདེན་ཞེན་དང་བྲལ་བའི་ངང་གནས་ཀྱི། །ཡེ་ཤེས་དེ་མངོན་གྱུར་སྒོམ་པ་ཡིན། །ཡེ་ཤེས་ཀྱི་ངང་ལས་མི་འདའ་བར། །ངང་མངོན་གྱུར་བྱེད་པ་སྤྱོད་པ་སྟེ། །ཚུལ་དེ་ལྟར་མངོན་གྱུར་རྣལ་འབྱོར་ལམ། །ཚེ་འདི་ཡི་ཉི་ཞུར་མ་ནུབ་བར། །ཚེ་བསྒྲུབ་པ་མཉམ་པ་བྱེད་ནུས་པའི། །སྐལ་ལྡན་ན་ཚེ་འདིར་རྣམ་པར་གྲོལ། །ཡིད་མི་བདེ་སྲིད་པའི་འདམ་རྫབ་ལས། །དབྱུང་འདོད་ན་དབེན་པའི་རི་ལ་སྙོགས། །ཡུལ་འཁོར་བར་ཕྱིར་ཆགས་མ་བྱེད་ཅིག།གདམས་ངག་གི་རྩ་བ་དེ་ཙམ་ཡིན། །ཚིག་མང་པོའི་དགོས་པ་དེ་ལས་མེད། །དེ་སེམས་ལ་ཞོག་ཅིག་རིགས་ལྡན་པ། །བདུད་འཇོམས་པས་སོ། །། ། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=18 | |||
|volumeLetter=TSHA | |||
|textnuminvol=094 | |||
|pdflink=File:TTDL-ZABTER-18-TSHA-094.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|རིགས་ལྡན་ལ་གདམས་པའི་གཏམ་རྣ་བའི་དབང་པོའི་བདུད་རྩི་ཞེས་བྱ་བ་བཞུགས། །མགོན་དུས་གསུམ་རྒྱལ་བ་འདུས་པའི་སྐུ། །དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་སྐྱོངས། །ཁྱོད་གྲོལ་འཁྲུལ་བར་གྱི་མཚམས་ཤེད་ན། །སེམས་བར་མ་དོ་རུ་འཁྱམས་པ་ཡི། །སྐྱོན་ཡུལ་བརྒྱད་དག་ལ་ཁ་འཁྱོལ་ཏེ། །ལས་ཆོས་བརྒྱད་ཡུལ་དུ་འཁྲུལ་ཞེན་ན། །དོན་རྣམ་མཁྱེན་བསྒྲུབ་པའི་དུས་ཚིགས་ཡོལ། །ཚུལ་དེ་ལྟར་བདུད་ཀྱི་འབངས་གྱུར་ན། །ཆོས་བཤད་པ་སྨྲ་བས་ཅི་ཞིག་བྱ། །རྐྱེན་བདུད་ཡུལ་མུན་པའི་གྲོང་ཁྱེར་དུ། །ཞེན་ཆགས་པའི་སྐྱེས་བུ་ཕལ་པ་ལ། །དོན་ལྟ་སྒོམ་སྤྱོད་པའི་ཚིག་ཙམ་གྱིས། །ཚིག་བཤད་པ་གོ་བས་ཅི་ལ་ཕན། །དོན་ལྟ་བ་ཟབ་མོ་ལྷུར་ལེན་ན། །སྤྱིར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །དཔེ་རྨི་ལམ་བར་དོའི་སྣང་བ་བཞིན། །གཞི་སྟོང་ཉིད་ཀྱི་ཆོ་འཕྲུལ་ངེས་པ་རུ། །འུབ་ཆུབ་པའི་རོལ་པར་རྟོགས་གྱུར་ན། །དེ་ལྟ་བའི་རྒྱལ་པོར་ལྷུན་གྱིས་གྲུབ། །ཆོས་ཤེས་ན་ལྟ་བ་ངེས་པ་ཡིན། །དེ་གཞན་དུ་བཟུང་ན་འཁྲུལ་པ་ཡིན། །དེ་མེད་དང་མ་གྲུབ་ངང་ཤེས་པའི། །དབྱིངས་ཉིད་ཀྱིས་འཇའ་ཚོན་ཤར་བ་དང་། །ཆུ་ཉིད་ཀྱིས་གཟའ་སྐར་སྣང་བ་བཞིན། །གཞི་ཉིད་ཀྱིས་འཁོར་འདས་ཀུན་སྣང་བ། །ཚུལ་བཞིན་དུ་ཤེས་ན་ལྟ་བ་ལགས། །དོན་སྟོང་ཉིད་ལྟ་བ་རིན་པོ་ཆེ། །མངོན་གྱུར་དུ་རིག་པ་རིག་པ་སྟེ། །རིག་པ་ལས་བསྒོམ་པ་གཞན་ན་མེད། །ད་ཆོས་བརྒྱད་ཀྱི་བློ་ལ་མ་ཞེན་པས། །ནམ་མཁའ་དང་འཇའ་ཚོན་ཇི་བཞིན་དུ། །སྣང་སྲིད་ཀྱི་སྣང་བ་སྒྱུ་མ་བཞིན། །བདེན་ཞེན་དང་བྲལ་བའི་ངང་གནས་ཀྱི། །ཡེ་ཤེས་དེ་མངོན་གྱུར་སྒོམ་པ་ཡིན། །ཡེ་ཤེས་ཀྱི་ངང་ལས་མི་འདའ་བར། །ངང་མངོན་གྱུར་བྱེད་པ་སྤྱོད་པ་སྟེ། །ཚུལ་དེ་ལྟར་མངོན་གྱུར་རྣལ་འབྱོར་ལམ། །ཚེ་འདི་ཡི་ཉི་ཞུར་མ་ནུབ་བར། །ཚེ་བསྒྲུབ་པ་མཉམ་པ་བྱེད་ནུས་པའི། །སྐལ་ལྡན་ན་ཚེ་འདིར་རྣམ་པར་གྲོལ། །ཡིད་མི་བདེ་སྲིད་པའི་འདམ་རྫབ་ལས། །དབྱུང་འདོད་ན་དབེན་པའི་རི་ལ་སྙོགས། །ཡུལ་འཁོར་བར་ཕྱིར་ཆགས་མ་བྱེད་ཅིག།གདམས་ངག་གི་རྩ་བ་དེ་ཙམ་ཡིན། །ཚིག་མང་པོའི་དགོས་པ་དེ་ལས་མེད། །དེ་སེམས་ལ་ཞོག་ཅིག་རིགས་ལྡན་པ། །བདུད་འཇོམས་པས་སོ། །། །}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:43, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 18, Text 94, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||