TTDL-ZABTER-18-TSHA-112: Difference between revisions

From Dudjom Wiki
TTDL-ZABTER-18-TSHA-112
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
འགྲོ་བའི་མགོན་པོ་པདྨ་འབྱུང་། །མཐོན་མཐིང་རལ་པའི་ཅོད་པན་དུ། །འབྲལ་མེད་རྟག་ཏུ་རྗེས་སུ་ཟུངས། །བློ་སྣ་ཆོས་ལ་འགྱུར་བར་ཤོག།ངེས་པར་དམ་ཆོས་གཤའ་མ་ཞིག།བསྒྲུབ་ནས་ཐར་ལམ་བགྲོད་འདོད་ན། །བརྗེད་མི་རུང་བའི་གནད་བཞི་ནི། །བླ་མ་མི་འབྲལ་གཙུག་ཏུ་བསྒོམས། །ཕྱི་ནང་གསང་བའི་བསྙེན་སྒྲུབ་འབད། །མཆེད་གྲོགས་ཀུན་ལ་བྱམས་བརྩེ་ཡིས།དམ་ཚིག་སྲོག་གི་གཏའ་རུ་ཟུངས། །སེམས་ཅན་ཀུན་ལ་སྙོམས་པ་ཡིས། །ཁྱབ་བརྡལ་སྙིང་རྗེ་ཆེན་པོ་བསྒོམ། །འདི་སྣང་སྒྱུ་མ་རྨི་ལམ་ལྟར། །བརྟན་གནས་མེད་པའི་ངང་ཚུལ་ལྟོས། །འཆི་བ་ཀུན་གྱི་ཆོས་ཉིད་ཡིན། །མི་རྟག་སྒོམ་པ་ཆོས་ཀྱི་གཞི། །དམ་ཚིག་སྡོམ་པ་སྲོག་ལྟར་བསྲུངས། །ལྷ་དང་སྲུང་མའི་བླ་རྡོ་ཡིན། །གདམས་ངག་ཆུད་ཟོས་མི་གཏོང་བ། །མཚན་ལྡན་བླ་མས་མི་ཁྲེལ་གནད། །ཚེ་དང་སྒྲུབ་པ་སྙོམས་པ་ནི། །རང་གིས་རང་ལ་མི་ཁྲེལ་གནད། །མི་ཁྲེལ་བ་ཡི་གནད་བཞི་བརྟེན། །འཁོར་འདས་སྟོང་ཉིད་ཆེན་པོ་ཡི། །རོལ་པ་རོ་གཅིག་རྟོགས་བྱས་ཏེ། །སྟོང་ཉིད་ཁྱབ་བརྡལ་རོལ་པར་རྟོགས། །ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ཏུ། །མངོན་གྱུར་རང་གནས་ཡེ་ཤེས་ནི། །ལྟ་བའི་རྒྱལ་པོ་ལྷུན་གྱིས་གྲུབ། །བརྩོན་འགྲུས་ཐང་ལྷོད་མེད་པ་ཡིས། །མཉམ་བཞག་རྗེས་ཐོབ་གནད་ལྡན་པ། །སྒོམ་པ་ཆོས་ཉིད་ཡོ་ལངས་ཡིན། །སྤྱོད་པ་ཞི་དུལ་བག་ཡོད་པའི། །ངང་ཚུལ་བརྟེན་པ་སྤྱོད་པའི་གནད། །ལྷུན་གྲུབ་སྒྲོན་མ་དྲུག་གི་དབྱིངས། །སྣང་བཞི་མཐའ་རུ་ཕྱིན་པ་དང་། །སྔོན་སྦྱངས་ཚད་ལ་མ་ཕེབས་བར། །ཐང་ལྷོད་མེད་པར་ཉམས་སུ་ལོངས། །བདེ་སྡུག་སྣང་བའི་རྫུན་རིས་ལ། །ཆགས་ཞེན་རེ་དོགས་སྤངས་པ་གནད། །ཅི་འབྱུང་ཅི་ཤར་ཅི་སྣང་བ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཐམས་ཅད་ཉམས་ཀྱི་རི་མོ་རུ། །ཤེས་པ་གནད་ཀྱི་ཆིངས་གཅིག་ཡིན། །ཞལ་གདམས་དེ་ལས་བཤད་རྒྱུ་མེད། །སེམས་ལ་ཞོག་ཅིག་སྐལ་ལྡན་བུ། །ཞེས་པ་རང་སློབ་དམ་པ་དགེ་འདུན་གྲགས་པས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ། །། །[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=18
|volumeLetter=TSHA
|textnuminvol=112
|pdflink=File:TTDL-ZABTER-18-TSHA-112.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA
}}
<h1>Tibetan Text</h1>
<onlyinclude>
{{TibP|འགྲོ་བའི་མགོན་པོ་པདྨ་འབྱུང་། །མཐོན་མཐིང་རལ་པའི་ཅོད་པན་དུ། །འབྲལ་མེད་རྟག་ཏུ་རྗེས་སུ་ཟུངས། །བློ་སྣ་ཆོས་ལ་འགྱུར་བར་ཤོག།ངེས་པར་དམ་ཆོས་གཤའ་མ་ཞིག།བསྒྲུབ་ནས་ཐར་ལམ་བགྲོད་འདོད་ན། །བརྗེད་མི་རུང་བའི་གནད་བཞི་ནི། །བླ་མ་མི་འབྲལ་གཙུག་ཏུ་བསྒོམས། །ཕྱི་ནང་གསང་བའི་བསྙེན་སྒྲུབ་འབད། །མཆེད་གྲོགས་ཀུན་ལ་བྱམས་བརྩེ་ཡིས།དམ་ཚིག་སྲོག་གི་གཏའ་རུ་ཟུངས། །སེམས་ཅན་ཀུན་ལ་སྙོམས་པ་ཡིས། །ཁྱབ་བརྡལ་སྙིང་རྗེ་ཆེན་པོ་བསྒོམ། །འདི་སྣང་སྒྱུ་མ་རྨི་ལམ་ལྟར། །བརྟན་གནས་མེད་པའི་ངང་ཚུལ་ལྟོས། །འཆི་བ་ཀུན་གྱི་ཆོས་ཉིད་ཡིན། །མི་རྟག་སྒོམ་པ་ཆོས་ཀྱི་གཞི། །དམ་ཚིག་སྡོམ་པ་སྲོག་ལྟར་བསྲུངས། །ལྷ་དང་སྲུང་མའི་བླ་རྡོ་ཡིན། །གདམས་ངག་ཆུད་ཟོས་མི་གཏོང་བ། །མཚན་ལྡན་བླ་མས་མི་ཁྲེལ་གནད། །ཚེ་དང་སྒྲུབ་པ་སྙོམས་པ་ནི། །རང་གིས་རང་ལ་མི་ཁྲེལ་གནད། །མི་ཁྲེལ་བ་ཡི་གནད་བཞི་བརྟེན། །འཁོར་འདས་སྟོང་ཉིད་ཆེན་པོ་ཡི། །རོལ་པ་རོ་གཅིག་རྟོགས་བྱས་ཏེ། །སྟོང་ཉིད་ཁྱབ་བརྡལ་རོལ་པར་རྟོགས། །ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ཏུ། །མངོན་གྱུར་རང་གནས་ཡེ་ཤེས་ནི། །ལྟ་བའི་རྒྱལ་པོ་ལྷུན་གྱིས་གྲུབ། །བརྩོན་འགྲུས་ཐང་ལྷོད་མེད་པ་ཡིས། །མཉམ་བཞག་རྗེས་ཐོབ་གནད་ལྡན་པ། །སྒོམ་པ་ཆོས་ཉིད་ཡོ་ལངས་ཡིན། །སྤྱོད་པ་ཞི་དུལ་བག་ཡོད་པའི། །ངང་ཚུལ་བརྟེན་པ་སྤྱོད་པའི་གནད། །ལྷུན་གྲུབ་སྒྲོན་མ་དྲུག་གི་དབྱིངས། །སྣང་བཞི་མཐའ་རུ་ཕྱིན་པ་དང་། །སྔོན་སྦྱངས་ཚད་ལ་མ་ཕེབས་བར། །ཐང་ལྷོད་མེད་པར་ཉམས་སུ་ལོངས། །བདེ་སྡུག་སྣང་བའི་རྫུན་རིས་ལ། །ཆགས་ཞེན་རེ་དོགས་སྤངས་པ་གནད། །ཅི་འབྱུང་ཅི་ཤར་ཅི་སྣང་བ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཐམས་ཅད་ཉམས་ཀྱི་རི་མོ་རུ། །ཤེས་པ་གནད་ཀྱི་ཆིངས་གཅིག་ཡིན། །ཞལ་གདམས་དེ་ལས་བཤད་རྒྱུ་མེད། །སེམས་ལ་ཞོག་ཅིག་སྐལ་ལྡན་བུ། །ཞེས་པ་རང་སློབ་དམ་པ་དགེ་འདུན་གྲགས་པས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ། །། །}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:23, 4 June 2024

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=18 |volumeLetter=TSHA |textnuminvol=112 |pdflink=File:TTDL-ZABTER-18-TSHA-112.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA }}

[edit]
འགྲོ་བའི་མགོན་པོ་པདྨ་འབྱུང་། །མཐོན་མཐིང་རལ་པའི་ཅོད་པན་དུ། །འབྲལ་མེད་རྟག་ཏུ་རྗེས་སུ་ཟུངས། །བློ་སྣ་ཆོས་ལ་འགྱུར་བར་ཤོག།ངེས་པར་དམ་ཆོས་གཤའ་མ་ཞིག།བསྒྲུབ་ནས་ཐར་ལམ་བགྲོད་འདོད་ན། །བརྗེད་མི་རུང་བའི་གནད་བཞི་ནི། །བླ་མ་མི་འབྲལ་གཙུག་ཏུ་བསྒོམས། །ཕྱི་ནང་གསང་བའི་བསྙེན་སྒྲུབ་འབད། །མཆེད་གྲོགས་ཀུན་ལ་བྱམས་བརྩེ་ཡིས།དམ་ཚིག་སྲོག་གི་གཏའ་རུ་ཟུངས། །སེམས་ཅན་ཀུན་ལ་སྙོམས་པ་ཡིས། །ཁྱབ་བརྡལ་སྙིང་རྗེ་ཆེན་པོ་བསྒོམ། །འདི་སྣང་སྒྱུ་མ་རྨི་ལམ་ལྟར། །བརྟན་གནས་མེད་པའི་ངང་ཚུལ་ལྟོས། །འཆི་བ་ཀུན་གྱི་ཆོས་ཉིད་ཡིན། །མི་རྟག་སྒོམ་པ་ཆོས་ཀྱི་གཞི། །དམ་ཚིག་སྡོམ་པ་སྲོག་ལྟར་བསྲུངས། །ལྷ་དང་སྲུང་མའི་བླ་རྡོ་ཡིན། །གདམས་ངག་ཆུད་ཟོས་མི་གཏོང་བ། །མཚན་ལྡན་བླ་མས་མི་ཁྲེལ་གནད། །ཚེ་དང་སྒྲུབ་པ་སྙོམས་པ་ནི། །རང་གིས་རང་ལ་མི་ཁྲེལ་གནད། །མི་ཁྲེལ་བ་ཡི་གནད་བཞི་བརྟེན། །འཁོར་འདས་སྟོང་ཉིད་ཆེན་པོ་ཡི། །རོལ་པ་རོ་གཅིག་རྟོགས་བྱས་ཏེ། །སྟོང་ཉིད་ཁྱབ་བརྡལ་རོལ་པར་རྟོགས། །ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ཏུ། །མངོན་གྱུར་རང་གནས་ཡེ་ཤེས་ནི། །ལྟ་བའི་རྒྱལ་པོ་ལྷུན་གྱིས་གྲུབ། །བརྩོན་འགྲུས་ཐང་ལྷོད་མེད་པ་ཡིས། །མཉམ་བཞག་རྗེས་ཐོབ་གནད་ལྡན་པ། །སྒོམ་པ་ཆོས་ཉིད་ཡོ་ལངས་ཡིན། །སྤྱོད་པ་ཞི་དུལ་བག་ཡོད་པའི། །ངང་ཚུལ་བརྟེན་པ་སྤྱོད་པའི་གནད། །ལྷུན་གྲུབ་སྒྲོན་མ་དྲུག་གི་དབྱིངས། །སྣང་བཞི་མཐའ་རུ་ཕྱིན་པ་དང་། །སྔོན་སྦྱངས་ཚད་ལ་མ་ཕེབས་བར། །ཐང་ལྷོད་མེད་པར་ཉམས་སུ་ལོངས། །བདེ་སྡུག་སྣང་བའི་རྫུན་རིས་ལ། །ཆགས་ཞེན་རེ་དོགས་སྤངས་པ་གནད། །ཅི་འབྱུང་ཅི་ཤར་ཅི་སྣང་བ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཐམས་ཅད་ཉམས་ཀྱི་རི་མོ་རུ། །ཤེས་པ་གནད་ཀྱི་ཆིངས་གཅིག་ཡིན། །ཞལ་གདམས་དེ་ལས་བཤད་རྒྱུ་མེད། །སེམས་ལ་ཞོག་ཅིག་སྐལ་ལྡན་བུ། །ཞེས་པ་རང་སློབ་དམ་པ་དགེ་འདུན་གྲགས་པས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ། །། །