TTDL-ZABTER-15-BA-124: Difference between revisions

From Dudjom Wiki
TTDL-ZABTER-15-BA-124
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:39, 4 June 2024

Wylie title TTDL-ZABTER-15-BA-124.pdf
Location bdud 'joms gling pa zab gter
Volume 15, Text 124, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྙི་ནང་རོལ་མཚོ་དཀར་མོའི་བསང་མཆོད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མཆོད་རྫས་དངོས་སུ་འབྱོར་པ་ལ༔ ཡིད་ཀྱི་ནམ་མཁའ་མཛོད་དུ་སྤེལ༔ རང་ཉིད་ཡི་དམ་ལྷར་གསལ་བའི༔ སྒྱུ་འཕྲུལ་རོལ་པའི་ཏིང་འཛིན་གྱིས༔ ནམ་མཁའ་མཛོད་སྔགས་དང་བསྒྲིལ་ཏེ༔ ཀྱཻ༔ ཡུལ་ནི་སྙི་སྟོད་ས་ཡི་ཆར༔ བདུད་རྩི་འོ་མཚོ་རོལ་པའི་ཀློང་༔ རིན་ཆེན་དངུལ་གྱི་སྐུ་མཁར་མཛེས༔ བ་གམ་གནམ་དུ་ཟངས་སེ་ཟང་༔ འོད་དང་འཇའ་ཚོན་ལམས་སེ་ལམ༔ འདོད་རྒུའི་དཔལ་ཡོན་ལྷུན་རེ་འཐུག༔ དེ་དབུས་སྣང་སྲིད་མངའ་བདག་མོ༔ སྲིད་རྒྱལ་རྡོ་རྗེ་ཕག་བྱིན་མ༔ མཐིང་ནག་གཡུ་ཡི་རལ་པ་ཅན༔ ལན་ཚར་གནམ་ལྕགས་ཕུར་པས་བརྒྱན༔ ཕུར་པའི་ཚྭ་ཚྭ་སྐར་ལྟར་འཁྲིགས༔ ཕྱག་གཡས་གཡུ་ཡི་ཞགས་པ་འཕེན༔ གཡོན་པས་གནམ་ལྕགས་ཕུར་པ་འདེབས༔ ཆིབས་སུ་ཆུ་རྟ་སྔོ་ནག་ཆིབས༔ གོས་སུ་དར་ནག་འཇོལ་བེར་གསོལ༔ འཁོར་དུ་བསྭེ་མོ་བཅུ་བཞི་དང་༔ གཉན་ཆེན་ས་བདག་ཀླུ་བཙན་བདུད༔ གསོལ་མཆོད་མགྲོན་དུ་སྤྱན་འདྲེན་ནོ༔ མ་ཐོགས་གནས་འདིར་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ ཁྱེད་ལ་མཆོད་རྫས་འབུལ་བ་ནི༔ བཟང་ཤིང་ཕྱེ་མར་འབྲུ་སྨན་རིགས༔ དཀར་གསུམ་མངར་གསུམ་བཟའ་བཏུང་དང་༔ ཤ་ཁྲག་བཤོས་སྐྱེམས་སྣ་ཚོགས་དང་༔ ལྷབ་ལྷུབ་དར་ཟབ་གོས་ཀྱི་རིགས༔ གོ་མཚོན་སྣ་ཚོགས་རྒྱན་ཆའི་ཚོགས༔ གཟུགས་འགྲོས་ཆ་མ་ཆོ་དགུ་སོགས༔ འདོད་འཇོའི་བདུད་རྩིའི་བསང་མཆོད་འབུལ༔ དཀར་མོ་ཟླ་བཟང་མ་མོ་བསང་༔ སེར་མོ་དཔལ་བསྐྱེད་མ་མོ་བསང་༔ དམར་མོ་དབང་སྡུད་མ་ཚོགས་བསང་༔ ལྗང་མོ་མངོན་སྤྱོད་མ་ཚོགས་བསང་༔ སྣ་ཚོགས་འཕྲུལ་གྱི་མ་མོ་བསང་༔ ཀླུ་གཉན་ས་བདག་བཙན་སྡེ་བསང་༔ ཀུན་བྱེད་རྡོ་རྗེ་ཕག་བྱིན་མ༔ ཁྱེད་ནི་ཕུར་པའི་སྲུང་མ་སྟེ༔ རྡོ་རྗེ་ཕུར་པའི་གཉེར་འཛིན་པས༔ ཡུལ་གཞིའི་བདག་མོ་མཛད་པ་རུ༔ ཐུགས་ལ་བཞེད་པ་མི་མངའ་ཡང་༔ ད་དུས་ལྔ་བརྒྱའི་སྙིགས་དུས་འདིར༔ བསྟན་འགྲོའི་བདེ་བསྐྱིད་དཔལ་ཉམས་པས༔ རེ་ས་སྐྱབས་གནས་གཞན་མ་མཆིས༔ ཨོ་རྒྱན་ཆེན་པོ་གཙུག་ཏུ་ཁུར༔ དམ་ཚིག་གཉན་པོ་གཏའ་རུ་བཞག༔ སྲིད་པའི་མ་ཆེན་ཁྱེད་ལ་བརྟེན༔ ཐུགས་བརྩེ་ཐུགས་རྗེས་བདག་སྐྱོངས་ལ༔ འདོད་རྒུའི་ལོངས་སྤྱོད་ཆར་དུ་ཕོབ༔ མི་མཐུན་འགལ་རྐྱེན་བར་ཆད་སོལ༔ མི་ནད་ནོར་གྱི་གོད་ཁ་ཆོད༔ སད་སེར་བཙའ་ཐན་མུ་གེ་བཟློག༔ དགྲ་བགེགས་གནོད་བྱེད་ཆོམ་ལ་ཕོབ༔ སྲིད་པའི་ལེགས་ཉེས་ཁྱོད་ཀྱི་དབང་༔ བདག་ཅག་བདེ་ལེགས་མཛད་དུ་གསོལ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཀྱིས༔ བཀའ་བསྒོ་ཡིན་གྱི་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཅོལ་བའི་ལས་རྣམས་ཡོངས་གྲུབ་མཛོད༔ ཅེས་པ་འདི་སློབ་བུ་ཚེ་རིང་རྡོ་རྗེས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།