TTDL-ZABTER-02-KHA-051: Difference between revisions

From Dudjom Wiki
TTDL-ZABTER-02-KHA-051
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:36, 4 June 2024

Wylie title TTDL-ZABTER-02-KHA-051.pdf
Location bdud 'joms gling pa zab gter
Volume 2, Text 51, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིགསྣང་སྲིད་མདོས་ཀྱི་བསྐང་བ་ཆོས་ཉིད་སྤྲིན་དཔུང་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དོན་ལ་མི་ཤིགས་གཞི་གྲོལ་རྫོགས་པ་ཆེ༔ མཐའ་བརྒྱད་བྲལ་བའི་ཡེ་ཤེས་ཆེན་པོ་ལས༔ རང་བཞིན་མ་འགགས་ལྷུན་གྲུབ་སྒོ་བརྒྱད་དུ༔ ཡོངས་ཤར་ཕྱི་ནང་འབྲེལ་བའི་རྟེན་འབྱུང་ཁམས༔ སྣང་སྲིད་མདོས་ཀྱི་ཕྱག་རྒྱར་བཞེངས་པ་ལས༔ སྐྱེ་འགྲོ་ཕོ་མོའི་གཟུང་འཛིན་འཕྲལ་སྣང་རྐྱེན༔ བཟློག་བསྒྱུར་ཕྲིན་ལས་ཐོགས་མེད་འགྲུབ་པའི་ཕྱིར༔ མེ་ལོང་ཡེ་ཤེས་མདོས་རུས་དཀར་པོར་གྲུབ༔ སོར་རྟོག་ཡེ་ཤེས་མདོས་ཁྲག་དམར་བའི་མདངས༔ མཉམ་ཉིད་ཡེ་ཤེས་མདོས་ལྤགས་སེར་གསལ་འབར༔ བྱ་གྲུབ་ཡེ་ཤེས་མདོས་ཀྱི་བཀྲག་མདངས་ལྗང་༔ ཆོས་དབྱིངས་ཡེ་ཤེས་མཐིང་གསལ་ནམ་མཁའི་དབྱིངས༔ མདའ་འཕང་རྒྱང་བུ་ཕོ་ཏིང་མོ་ཏིང་དང་༔ ཤིང་རིས་བལ་རྒྱང་སྟག་གཟིག་ལྤགས་པས་བརྒྱན༔ དབང་ལྔའི་སྲིད་དུ་འཕྲོ་བའི་འདོད་ཡོན་དཔལ༔ མི་ཟད་རྒྱན་གྱི་འཁོར་ལོ་ཆེན་པོ་འདིས༔ རྩ་གསུམ་སྐུ་གསུམ་མཆོག་གསུམ་སྲུང་མར་མཆོད༔ ཐུགས་དམ་བསྐང་ངོ་ཉམས་ཆག་བར་ཆད་བྱང་༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་བཞིན་ཕོབ༔ ཚེ་ལྷ་རིགས་ལྔ་ཚེ་བདག་མགྱོགས་མ་ལྔ༔ ཚད་མེད་སྒོ་སྐྱོང་ལས་སྒྲུབ་ཆོས་སྐྱོང་ཚོགས༔ སྣང་སྲིད་མདོས་ཀྱི་མཆོད་པས་ཐུགས་དམ་བསྐང་༔ ཚེ་གེགས་རྐྱེན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ གནོད་སྦྱིན་ཤན་དམར་དམ་ཅན་རྡོར་ལེགས་དང་༔ བཙན་རྒོད་འབར་བ་ཀུན་དགའ་གཞོན་ནུ་སོགས༔ བསྙེན་སྒྲུབ་བརྟེན་བསྐང་སྲུང་མ་འཁོར་དང་བཅས༔ ཐུགས་དམ་གཉན་པོ་སྣང་སྲིད་མདོས་ཀྱིས་བསྐང་༔ ཕྲིན་ལས་རབ་འབྱམས་ཐོགས་པ་མེད་པར་སྒྲུབ༔ ཡུལ་ལྷ་གཞི་བདག་བགེགས་རིགས་ལན་ཆགས་མགྲོན༔ རིགས་དྲུག་ཕ་མ་བར་དོའི་སེམས་ཅན་གྱི༔ དབང་ལྔར་མཐུན་པའི་སྣང་སྲིད་མདོས་ཀྱིས་བསྐང་༔ བུ་ལོན་ལན་ཆགས་བྱང་ཞིང་ཚོགས་རྫོགས་ཤིང་༔ གདོད་མའི་གཞི་ལ་འོད་སྐུར་གྲོལ་བར་ཤོག༔ མཆོད་སྦྱིན་ཡུལ་གྱི་དགྱེས་པ་བསྐང་བའི་མཐུས༔ ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པ་དང་༔ རྒྱུ་སྦྱོར་ཡོན་བདག་མི་ནོར་འཁོར་བཅས་ཀྱི༔ མི་ཡི་ན་ཚ་ཕྱུགས་ཀྱི་གོད་ཁ་དང་༔ ཚེ་སྲོག་བསོད་ནམས་དབང་ཐང་ལ་གནོད་པའི༔ གཟུགས་ཅན་གཟུགས་མེད་དགྲ་གདོན་བགེགས་ཚོགས་རྣམས༔ རིག་པ་ཡེ་ཤེས་ཆེན་པོར་ཞི་བར་མཛོད༔ ལོ་ཀེག་ཟླ་ཀེག་ཞག་ཀེག་ཟ་མའི་ཀེག༔ མདོར་ན་མི་མཐུན་མི་འདོད་ཕྱོགས་རྣམས་ཀུན༔ གཞོམ་གཞིག་བརླག་དང་མེད་པར་མཛད་དུ་གསོལ༔ མཐོ་རིས་བདུན་དང་སྡེ་བཞིའི་དཔལ་གྱིས་ཕྱུག༔ སྙན་གྲགས་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད༔ ཐུགས་དམ་མ་འདོར་བཛྲ་ས་མ་ཡ༔ ཚོགས་དང་མདོས་བཞིའི་མཇུག་ཏུ་བྱ༔ འདིས་ནི་རྐྱེན་བྱང་དངོས་གྲུབ་འཐོབ༔ ས་མ་ཡ༔ བདུད་འཇོམས་པས་སོ།།དགེའོ།།དགེའོ།།དགེའོ།།།།