TTDL-ZABTER-07-JA-032: Difference between revisions

From Dudjom Wiki
TTDL-ZABTER-07-JA-032
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:37, 4 June 2024

Wylie title TTDL-ZABTER-07-JA-032.pdf
Location bdud 'joms gling pa zab gter
Volume 7, Text 32, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༤༥༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོ་གསང་བ་

ཡེ་ཤེས་ཀྱི༔ ནང་སྒྲུབ་སེང་གེ་གདོང་ཅན་མའི༔ འཛབ་དགོངས་ དམིགས་པའི་འཁོར་ལོ་བཞུགས༔

༠༠༠༠བརྡ་ཡིག༤༥༤མཚོ་སྐྱེས་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ༔ ༠༠༠༠བརྡ་ཡིག༤༥༤བདག་འདྲ་རྗེ་བཙུན་པདྨ་འགྲོ་འདུལ་ངས༔ མ་འོངས་ལས་ཅན་སྐལ་བར་གསང་མཛོད་གདམས༔ འདི་ཉིད་ཉམས་སུ་ལེན་པའི་རིམ་པ་ནི༔ བདག་མདུན་ལྷར་གསལ་ནོར་བ་ཐམས་ཅད་སྤང་༔ དེ་ནས་ཡུལ་ཞེན་འཁྲི་བ་ཀུན་བཅད་དེ༔ སྒོ་གསུམ་གསང་བ་གསུམ་གྱི་དཀྱིལ་འཁོར་དང་༔ སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཆོས་ཉིད་དུ༔ ལམ་ཁྱེར་བྱ་ཞིང་ཐུགས་རྗེའི་ཐབས་མང་གིས༔ འགྲོ་ཀུན་རྣམ་མཁྱེན་སངས་རྒྱས་ལམ་འགོད་ཀྱི༔ བྱམས་དང་སྙིང་རྗེའི་ཐུགས་བསྐྱེད་དཔའ་བོའི་གདིང་༔ རྒྱལ་བའི་སྲས་ཀྱི་མཛད་སྤྱོད་བླ་མེད་ཡིན༔ དེ་མིན་དེ་ཚུལ་རྗེས་སུ་འཛིན་པས་ཀྱང་༔ ཕ་ཡི་རྒྱལ་ཁྲིམས་བུ་ཡིས་སྐྱོང་བའི་དཔེས༔ མཚོན་པའི་འགྲོ་རྣམས་སྙིང་རྗེའི་སེམས་ཀྱིས་ནི༔ སྡུག་བསྔལ་གསུམ་གྱིས་བཅིངས་པ་གྲོལ་བའི་ཕྱིར༔ བུ་བཙོན་ཚུད་པ་མ་ཡིས་སྙིང་རྗེས་སེམས༔ ཐར་བར་འདོད་ཕྱིར་ཐབས་ལ་སེམས་པ་ལྟར༔ མའམ་བུ་རྣམས་ངན་སོང་འོབས་སུ་མནར༔ རང་ལ་རྒོལ་བ་སྤུ་ཙམ་མི་བཟོད་ན༔ བཟོད་མེད་སྡུག་བསྔལ་ཆུ་བོའི་གཞུང་བཞིན་དུ༔ བར་མཚམས་མེད་པར་མནར་བ་འདི་རྣམས་ཀུན༔ ཐར་བའི་ཕྱིར་ན་བདག་ཀྱང་དེའི་ཚབས་འཇུག༔ དེ་ལྟར་སྙིང་ནས་དྲན་པའི་དཔའ་བོའི་གདིང་༔ ལུས་ཀྱི་གྲུར་ཞོན་དཀའ་བ་དང་དུ་ལེན༔ ལུས་འདིའི་རིང་ལ་འགྲོ་རྣམས་བརྒལ་བའི་གྲུ༔ སྲིད་མཚོ་ཁོང་ཡངས་གཏིང་ཟབ་འདི་ཉིད་ལ༔ ད་ལྟ་ཉིད་དུ་འདོར་བསམ་སྐམ་སར་འདོད༔ སྙིང་སྟོབས་ཆེ་ཞིང་བསམ་རྒྱ་མཐའ་ཡས་ཀྱིས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་འཇུག་པར་བྱ༔ ཧཱུྃ་ཧྲཱིཿསྒོ་གསུམ་གནས་དག་ཡེ་ཤེས་མཁའ་འགྲོ་རུ༔ རྣམ་པར་སྨིན་པའི་ཡེ་ཤེས་མཁའ་འགྲོ་མ༔ ལྗང་གསལ་གྲི་ཐོད་འཛིན་མའི་ཐུགས་ཀློང་དུ༔ ཀུན་ཏུ་བཟང་མོ་མཐིང་ནག་སྐྱིལ་ཀྲུང་བཞུགས༔ གཅེར་བུ་རྒྱན་མེད་མཉམ་བཞག་འོད་ཕུང་འབར༔ དེ་ཡི་ཐུགས་ཀར་ཉི་ཟླའི་གའུ་རུ༔ དྭངས་མ་ལྔ་ལྡན་ཐིག་ལེ་གསལ་འཚེར་ཀློང་༔ ཧཱུྃ་ཡིག་ལྗང་གསལ་མཐའ་མར་སྔགས་གཡོན་འཁོར༔ འོད་ཟེར་ཡར་འཕྲོས་རྒྱལ་བ་མཆོད་པས་མཉེས༔ མཁྱེན་བརྩེ་ནུས་པའི་ཐུགས་རྗེ་བྱིན་རླབས་དང་༔ དབང་དང་དངོས་གྲུབ་འོད་ཟེར་ཚུར་འདུས་ཏེ༔ རང་ཉིད་ཡེ་ཤེས་མཁའ་འགྲོའི་ཐུགས་ཀར་བསྟིམ༔ མར་འཕྲོས་འགྲོ་བའི་རྒྱུད་སྦྱངས་ཚེ་བསོད་ནམས༔ འོད་ཀྱི་རྣམ་པར་བསྡུས་ཏེ་རང་ལ་བསྟིམ༔ གཟི་བྱིན་རབ་འབར་ནུས་པ་རྩལ་ལྡན་གྱིས༔ འཁོར་འདས་ཡོངས་ལ་དབང་བསྒྱུར་དབང་ཐོབ་ཅིང་༔ སྐུ་གསུམ་ཡེ་ཤེས་མཉམ་སྦྱོར་བདེ་ཆེན་ཀློང་༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཧཱུྃ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཅེས་པ་ཆུ་བོའི་རྒྱུན་བཞིན་བཟླ༔ དེ་ནས་སྒྲུབ་པ་བྱ་བ་ལ༔ ཧཱུྃ་ཧྲཱིཿགཞི་དབྱིངས་རང་ངོར་སངས་པའི་ཆོས་སྐུར་འཕོས༔ དབྱིངས་ལས་མ་གཡོས་གཟུགས་ཀྱི་སྐུར་བཞེངས་པ༔ ལོངས་སྤྱོད་རྫོགས་སྐུ་སེང་གེའི་གདོང་ཅན་མའི༔ རོལ་བའི་གར་གྱི་རྩལ་སྣང་སྒྱུ་མའི་འཕྲུལ༔ སོ་སོའི་ཐུགས་ཀར་རང་རང་སྲོག་ཡིག་ལ༔ སྔགས་ཕྲེང་གཡོན་དུ་འཁོར་བའི་འོད་ཟེར་གྱིས༔ རིགས་དང་དཀྱིལ་འཁོར་རྒྱལ་བ་སྲས་བཅས་པ༔ མ་ལུས་ཡེ་ཤེས་མཁའ་འགྲོའི་རྣམ་པ་རུ༔ མཚོ་ལ་ཁ་ཆར་བབས་པ་ཇི་བཞིན་དུ༔ དབྱིངས་ལས་སྐུར་བཞེངས་བདག་མདུན་རྣམས་ལ་ཐིམ༔ སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་ཉིད་དང་༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཧཿརིཿནིཿསཿཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་ལས་ལ་སྦྱོར་བ་ལས༔ བདག་ཉིད་གཟི་བྱིན་བསྐྱེད་ཅིང་ནུས་པ་བརྟན་པར་བྱ་བ་ལ༔ རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འབུམ་ཕྲག་ཡངས་པའི་མཁའ་འགྲོ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་ཐུགས་ཀར་ཕོག༔ དེ་དག་གི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པ་གཟི་བརྗིད་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པས༔ ཕྲིན་ལས་རབ་འབྱམས་ཐམས་ཅད་ལ་མངའ་དབང་རྫོགས་པའི་མཐུ་དང་ནུས་པའི་དབང་བསྐུར་ཞིང་རྒྱས་གདབ་པར་བསམ་ལ༔ རྩ་སྔགས་ཅུང་ཟད་བཟླའོ༔ དེ་ནས་བདག་བསྲུང་བ་ལ༔ བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་དང་འོད་ཕུང་ཆབ་གཅིག་ཏུ་འཕྲོས་ཏེ་སྲུང་བའི་འཁོར་ལོ་ཡེ་ཤེས་ལྔའི་རང་བཞིན་ཕྱི་འཁོར་ལོ་རྩིབས་སྟོང་གི་རྣམ་པ་ལ༔ ནང་གཞལ་ཡས་ཁང་ཚད་དང་མཚན་ཉིད་རྫོགས་པའི་དབུས་སུ་བདག་དང་བསྲུང་བྱ་ཐམས་ཅད་སྐུ་གསུམ་ཡེ་ཤེས་ཀྱི་མཁའ་འགྲོའི་རོལ་པར་དམིགས་ལ༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེདྷ་མུ་ཁ་ཧ་རི་ནི་ས་ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ བཛྲ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ ཞེས་པ་ཅི་མང་བཟླས་མཐར༔ བཟློག་པ་བྱ་བ་ལ༔ དེའི་ཕྱི་རོལ་དུ་ཟློག་པའི་འཁོར་ལོ་ནང་འོག་ཐམས་ཅད་རྡོ་རྗེའི་ས་གཞི༔ ཕྱི་ཁྱམས་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་གཡོན་དུ་འཁོར་བས་སྲུང་ཟློག་གི་འཁོར་ལོ་སོ་འཐབ་བའི་བར་ནས་གནོད་བྱེད་ཕོ་གདོན་མོ་གདོན་ཀླུ་གདོན་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་ཐམས་ཅད་དམར་ཉི་ལི་ལི་གཏུབ་ཅིང་འཐག་སྟེ༔ ལས་མཁན་ཤ་ཟ་སྲིན་མོ་རྣམས་ཀྱིས་ཧབ་ཧབ་ཟ་ཞིང༔ མེ་དཔུང་འབར་བས་བསྲེགས༔ མཚོན་ཆ་དང་ཐུན་རྫས་སྣ་ཚོགས་ཀྱིས་གཏུབས༔ སྤུ་གྲིའི་རླུང་གིས་གཏོར་ཏེ་མཐའ་ཡི་རྒྱ་མཚོའི་ཕ་མཐར་ལྕགས་རི་ནག་པོའི་རྒྱབ་ཏུ་བསྐྲད་ནས་རྗེས་ལྷག་ཙམ་ཡང་མེད་པར་བསྒོམ་ལ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་བྷྱོ་ཟློག༔ ཅི་མང་བཟླས་མཐར༔ བདག་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་ཐུགས་ཀ་ནས་ལས་བྱེད་ཀྱི་ཁྲོ་མོ་ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ་བྱེ་བ་འབུམ་སྡེ༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར་མོ་བྱེ་བ་འབུམ་སྡེ༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ་བྱེ་བ་འབུམ་སྡེ༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་མོ་བྱེ་བ་འབུམ་སྡེ༔ སྟེང་འོག་དང་མཚམས་བཞིར་སངས་རྒྱས་མཁའ་འགྲོ་མཐིང་ནག་བྱེ་བ་འབུམ་སྡེ་སྤྲོས་ཏེ༔ ཀུན་ཀྱང་སྐུ་རྔམས་བརྗིད་འཇིགས་པའི་ཆ་ལུགས་ཅན་མི་ལྤགས་ཀྱི་གཡང་གཞི་སྟོད་དུ་བཀླུབས་པ༔ གླང་ཆེན་གྱི་ཀོ་རློན་སྐེད་པར་བགོ་བ༔ སྟག་ལྤགས་རློན་པའི་ཤམ་ཐབས་སྨད་དུ་གསོལ་བ༔ ཞལ་ཐམས་ཅད་སེང་གེའི་གདོང་པ་ཅན་སེང་སྐད་ཀྱིས་ས་གསུམ་གཡོ་བ༔ མི་མགོ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ༔ མེ་དཔུང་དང་ཐུན་མཚོན་གྱི་ཚྭ་ཚྭ་འཕྲོ་བ་ཤ་སྟག་གི་ལག་གཡས་ཟླ་བའི་དཀྱིལ་འཁོར་ངང་སྒ་ར་ར་གཡས་སུ་འཁོར་བ༔ གཡོན་ཉི་མའི་དཀྱིལ་འཁོར་དམར་སྒ་ར་ར་གཡོན་དུ་འཁོར་བའི་ཐལ་མོ་གཉིས་གནམ་ས་ཁེབས་པ་ཙམ་ཁ་བརྡབ་པའི་བར་གནོད་བྱེད་ཐམས་ཅད་ཐལ་རྡུལ་འཐག་པ་བཞིན་དུ་རྗེས་ཤུལ་མེད་པར་བརླག་པར་གྱུར༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེངྷ་མུ་ཁ་ཧ་རི་ནི་ས་ཨཿཀཿསཿམཿརཿཙཿཤཿདཿརཿསཿགནོད་བྱེད་དགྲ་བགེགས་བྱད་མ་རྦོད་གཏོང་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཿརཿཡཿརྦད་སོད་ནན་ཕཊ༔ ན་མོ༔ རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ༴ཆོས་ཀྱི་བཀའ༴དགེ་འདུན་གྱི་བཀའ༴བདག་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས༴གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་རྣམས་ཀྱི༴དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་ཅིང་༔ ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་བྱད་ཁ་ཕུར་ཁ་ཟོར་ཁ་མནན་གཏད་འཁོར་ལོ་སྦྱིན་སྲེག་ངན་སྔགས་རྒོལ་བ་ངན་པ་ཐམས་ཅད་དང་༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་བྱད་མ་ལས་སྦྱོར་མཁན་དང་སྡང་དགྲ་གནོད་བྱེད་ཀྱི་སྟེང་དུ་བསྒྱུར་ཅིག༔ བཟློག་པར་གྱུར་ཅིག༔ བརླག་པར་གྱུར་ཅིག༔ བསྣུབ་པར་གྱུར་ཅིག༔ མཱ་ར་ཡ་བྷྱོ་བྷྱོ༔ མཱ་ར་ཡ་ཟློག་ཟློག༔ ཨེ་ས་མ་ཡ་བྷྱོ་ཟློག་རྦད་ནན༔ ཞེས་བརྗོད་ཅིང་ཐལ་མོ་བརྡབ༔ རིག་པའི་གདིང་བསྐྱེད་ལ༔ ལན་དགུའམ་གསུམ་བསྐྱར་རོ༔ དེ་ལྟར་སྲུང་ཟློག་དམིགས་པ་དང་༔ སྔགས་དང་དམོད་ཟློག་བརྗོད་པ་ཡིས༔ མི་བཟློག་བྱ་བ་གཅིག་ཀྱང་མེད༔ གནོད་བྱེད་ཐམས་ཅད་ཙར་གཅོད་ཅིང་༔ མངོན་སྤྱོད་ཕྲིན་ལས་ཡོངས་འགྲུབ་འགྱུར༔ སྔགས་མཁན་སྲིད་ལས་རྣམ་པར་རྒྱལ༔ བཀའ་འདི་གཟའ་བཙན་མ་མོས་སྲུངས༔ དམ་ལྡན་སྐྱེས་བུའི་འདོད་དོན་སྒྲུབས༔ དམ་ཉམས་ལོག་ལྟའི་དབང་པོ་སྣུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གསང་རྒྱ༔ ཨ་ཐམ་རྒྱ༔ ཞེས་པ་འདི་རང་སློབ་ཀློང་ཆེན་ཞེས་བྱ་བ་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ཡང་ངག་དབང་ཕྲིན་ལས་ཀྱིས་བྱས་པའི་དགེ་བས་བསྟན་འགྲོ་ཡོངས་ལ་ཕན་པའི་རྒྱུར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།