TTDL-ZABTER-18-TSHA-120: Difference between revisions

From Dudjom Wiki
TTDL-ZABTER-18-TSHA-120
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:40, 4 June 2024

Wylie title TTDL-ZABTER-18-TSHA-120.pdf
Location bdud 'joms gling pa zab gter
Volume 18, Text 120, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག།ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་སྐྱོངས། །ཁྱེད་རྩེ་གཅིག་དམ་ཆོས་སྤྱོད་འདོད་ཀྱང་། །ལས་རླུང་དབང་གིས་ལག་ལེན་པའི། །གནད་དང་འཛོལ་བའི་སྐྱེས་བུ་ཁྱོད། །ཚེ་འདིའི་སྣང་བ་ཐམས་ཅད་ཀུན། །སྒྱུ་མ་དང་ནི་རྨི་ལམ་ལྟར། །མི་རྟག་འགྱུར་བའི་ཆོས་ཅན་ཏེ། །ལོངས་སྤྱོད་འབྱོར་པ་ཕུན་ཚོགས་དང་། །ཆེ་མཐོ་གྲགས་པ་དང་ལྡན་ཀྱང་། །འཇིག་རྟེན་ཕ་རོལ་འགྲོ་བའི་ཚེ། །མདང་སུམ་རྨི་ལམ་ཇི་བཞིན་དུ། །མདོ་མེད་སྙིང་པོ་མེད་ལ་ལྟོས། །འཁོར་བའི་བྱ་བཞག་ཐམས་ཅད་ཀུན། །སྤོས་རྒྱའི་རི་མོ་ཇི་བཞིན་དུ། །གྲུབ་ཟིན་མཐར་ཐུག་མེད་ལ་ལྟོས། །ཁ་ཙམ་ཚིག་ཙམ་མ་ཡིན་པའི། །ཐར་པའི་ལམ་སྣ་ཟིན་འདོད་ན། །སང་བྱེད་གནང་བྱེད་ཕྱི་བཤོལ་གྱི། །བློ་ངན་བློ་རིང་སྤྱོད་པ་སྤོངས། །སྲིད་པ་སྡུག་བསྔལ་རྒྱ་མཚོ་ལས། །ཐར་བར་འདོད་ན་ཐར་པའི་ཐབས། །སྒོམ་པ་ཟབ་མོ་ལྷུར་ལེན་དགོས། །དེ་ཡི་ལག་ལེན་རིམ་པ་ལ། །སྣང་སྲིད་འཁོར་འདས་ཆོས་སོ་ཅོག།རྒྱ་མཚོའི་ནང་གི་གཟའ་སྐར་ལྟར། །རང་སྣང་ཉིད་ལས་མི་གཞན་པར། །རྨི་ལམ་སྣང་བ་ཇི་བཞིན་དུ། །ངོ་བོ་ཉིད་དུ་རོ་གཅིག་སྟེ། །ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ཏུ། །ཚུལ་བཞིན་རྟོགས་པ་ལྟ་བ་སྟེ། །དུས་གསུམ་བདེ་བར་གཤེགས་པ་དངོས། །ཁྱབ་བརྡལ་སྟོང་ཉིད་ཆེན་པོའི་ངང་། །མངོན་གྱུར་ཆེན་པོ་སྒོམ་པ་སྟེ། །རང་དབང་རྒྱལ་པོའི་བཙན་ས་ཉིད། །རང་ཐོག་རང་ས་འཛིན་པ་ལ། །སྤྱོད་པ་བྱར་མེད་བྱ་བ་ཡིན། །སྒོ་གསུམ་བྱ་བ་དགུ་ཕྲུགས་སུ། །མཉམ་པར་བཞག་པ་མཉམ་བཞག་སྟེ། །ལྟ་བའི་སྟངས་དང་སྒོམ་པའི་གདིང་། །སྤྱོད་པ་བག་མེད་མ་ཤོར་བའི། །གནད་དང་ལྡན་པ་རྗེས་ཐོབ་སྟེ། །འདི་ནི་ཐེག་པ་མཆོག་གི་ལམ། །ཁྱོད་ཀྱི་གཏན་བདེ་འདོད་སྲིད་ན། །ཚེ་འདིའི་བྱ་བཞག་ཀུན་སྤངས་ཏེ། །སྙིང་པོའི་བསྒྲུབ་ལ་བརྩོན་པ་གནད། །སྙིང་པོའི་བསྒྲུབ་ལ་མ་བརྩོན་ན། །ཉམས་རྟོགས་ཡོན་ཏན་འབྱུང་མི་སྲིད། །ཉམས་རྟོགས་ཡོན་ཏན་མ་བྱུང་ན། །བརྟན་འཐས་སྲིད་པ་འཇིག་མི་སྲིད། །བརྟན་འཐས་སྲིད་པ་མ་ཞིག་ན། །རྣམ་གྲོལ་འབྲས་བུ་ཐོབ་མི་འགྱུར། །དེ་ཕྱིར་གཏན་བདེ་འདོད་གྱུར་ན། །འཆི་བ་ནམ་འོང་མི་ཤེས་པས། །མྱུར་དུ་ཆོས་ལམ་ལ་འུར་ཐོངས། །ངས་ནི་ཞལ་གདམས་འཆད་མི་ཤེས། །འཆད་ཀྱང་ཁྱོད་དོན་མ་གཉེར་ན། །ངས་བཤད་པ་ཡང་དོན་མེད་འགྱུར། །གདམས་ངག་གསོན་པོ་མ་གོ་ན། །ཡིག་བྲིས་གདམས་ངག་ཤི་བའི་རོ། །རྒྱུད་ལ་ཕན་ཐོགས་འགྱུར་རེ་དཀའ། །ཡང་ཡང་འདི་བཞིན་དགོས་ཞེས་པས། །སྐད་ཕྲིན་མང་པོ་བསྐུར་བའི་ངོར། །མ་ལྡོག་ཙམ་དུ་བྲིས་པ་ཡིན། །གདམས་ངག་རྒྱུད་ལ་སྦྱོར་བར་ངེས། །སྙིང་ལ་འཆོངས་ཤིག་སྐལ་ལྡན་བུ། །བདུད་འཇོམས་རྡོ་རྗེས་སྨྲས་པ་དགེ། །།