TTDL-ZABTER-03-GA-001: Difference between revisions
From Dudjom Wiki
TTDL-ZABTER-03-GA-001
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.") |
No edit summary |
||
| Line 7: | Line 7: | ||
|author=bdud 'joms gling pa | |author=bdud 'joms gling pa | ||
|authortib=བདུད་འཇོམས་གླིང་པ་ | |authortib=བདུད་འཇོམས་གླིང་པ་ | ||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 3: . Thimphu, Bhutan: Lama Kuenzang Wangdue, 2004. | ||
|sourcerevealer=bdud 'joms gling pa | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|terma=Yes | |||
|deity=thugs rje chen po | |||
|cycle='phags mchog thugs rje chen po | |||
|cycletib=འཕགས་མཆོག་ཐུགས་རྗེ་ཆེན་པོ་ | |||
|parentcycle=zab gsang mkha' 'gro'i snying thig | |||
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ | |||
|versonotes=bdud 'joms thugs chen | |||
|language=Tibetan | |language=Tibetan | ||
| | |volnumtib=༣ | ||
|volyigtib=ག | |||
|volumenumber=03 | |volumenumber=03 | ||
|volumeLetter=GA | |volumeLetter=GA | ||
| Line 18: | Line 28: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབང་ཆོག་ཡིད་བཞིན་འཁོར་ལོ་བཞུགས་སོ༔ | ||
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ | |||
ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢འཕགས་མཆོག་པད་དཀར་འཆང་བ་ཡི༔ དབང་མཆོག་ཟབ་མོ་བསྐུར་བ་ལ༔ དང་པོ་དབང་ཆས་ལེགས་བསྒྲུབ་སྟེ༔ སྒྲུབ་པའི་གཞུང་བསྲང་བསྙེན་བསྒྲུབ་ནས༔ དད་དམ་ལྡན་པའི་སློབ་མ་ལ༔ བསྐྱེད་རྫོགས་གདིང་ལྡན་སློབ་དཔོན་གྱིས༔ དབང་གི་ཆོ་ག་བྱེད་པ་ལ༔ དང་པོ་སྒོ་བ་ཁྲོ་བོ་ལ༔ སྒོ་དབྱེ་ཕྱིར་ན་གསོལ་འདེབས་ནི༔ ཀྱཻ༔ འཁོར་འདས་སྤྱི་དཔལ་ཁྲོ་བོའི་རྒྱལ༔ ཡེ་ཤེས་རོལ་པའི་མཚོན་ཆ་ཅན༔ ཁྱོད་ལ་ཕྱག་འཚལ་སྐྱབས་སུ་མཆི༔ སྒོ་ཕྱེས་ཐར་པའི་གྲོང་བསྟན་གསོལ༔ ཅེས་ལན་གསུམ་གྱི་མཐར༔ བླ་མས༔ ཀྱཻ༔ ཁྱོད་ཅག་སུ་ཡིན་ཅི་ལ་དགའ༔ སྒྲིབ་གཉིས་དྲི་མ་དང་བྲལ་ཞིང༔ ཐར་པའི་གྲོང་དུ་འཇུག་པས་ན༔ སྒོ་ཕྱེས་སྨིན་གྲོལ་ལམ་སྟོན་བགྱི༔ ཞེས་གསུངས༔ དེ་ནས་སློབ་མས༔ ལྷ་དང་བླ་མ་དཀྱིལ་འཁོར་རྣམས༔ སྤངས་ན་སྐྱོབ་པ་གཞན་མེད་པས༔ སྒོ་བ་ཆེན་པོས་སྒོ་ཕྱེས་ལ༔ ཐར་པའི་ལམ་དང་གྲོང་བསྟན་གསོལ༔ ཞེས་ལན་གསུམ་མཐར༔ བླ་མས་གནང་བ་སྦྱིན་པ་ལ༔ ཀྱེ་ཧོཿཚོགས་སྨོན་ལས་འཕྲོ་འཛོམ་པ་ཡི༔ སྐལ་བར་ལྡན་པའི་སློབ་བུ་རྣམས༔ ནང་དུ་གཤེགས་ལ་གུས་ཕྱག་འཚལ༔ ཐར་དང་རྣམ་མཁྱེན་ལམ་བསྟན་བྱ༔ ཞེས་གནང་བ་བྱིན་ཏེ་ནང་དུ་ཕྱིན་ནས་ཕྱག་འཚལ་ཞིང་གྲལ་དུ་འཁོད༔ དེ་ནས་ཁྲུས་བྱས་བགེགས་བསྐྲད་སྲུང་བའི་འཁོར་ལོ་བསྒོམ་མོ༔ དེ་ནས་མཎྜལ་ཕུལ་ཏེ་གསོལ་བ་གདབ་པ་ནི༔ ཀྱཻ༔ དཀྱིལ་འཁོར་དབང་ཕྱུག་བླ་མ་རྗེ༔ བདག་ཅག་སྐལ་ལྡན་སློབ་བུ་རྣམས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ དབང་གིས་སྨིན་པར་མཛད་དུ་གསོལ༔ ཞེས་ལན་གསུམ༔ དེ་ནས་བླ་མས༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཐར་པ་དོན་དུ་གཉེར་བ་ཡིས༔ སྙིང་པོའི་སྒྲུབ་ལ་བརྩོན་ནུས་ན༔ སྨིན་བྱེད་དབང་མཆོག་བསྐུར་བགྱིའོ༔ ཞེས་གསུངས་སོ༔ དེ་ནས་སྐྱབས་སུ་འགྲོ་བ་ལ༔ ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་ཇོ་བོ་ཐུགས་རྗེ་ཆེན་པོ་དབྱེར་མ་མཆིས་པ་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་བསྐོར་བར་བསྒོམ་ལ་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད༔ ཅེས་སྐྱབས་སུ་འགྲོ་ཞིང༔ ཡང་བླ་མས༔ ཀྱཻ་སྐལ་ལྡན་རིགས་ཀྱི་བུ་ཁྱེད་རང་རྣམས་ཀྱིས་དམིགས་པ་འདི་བཞིན་དུ་མཛོད་ཅིག༔ རང་རེ་རྣམས་ཀྱིས་སྨིན་བྱེད་ཀྱི་དབང་ཞུས་ཏེ་གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་བླངས་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་ལ་འགོད་པར་བྱའོ་བསམ་ཞིང་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད༔ ཅེས་སེམས་བསྐྱེད་རྗེས་ཟློས་ལན་གསུམ་བྱའོ༔ དེ་ནས་དམ་ཚིག་བཟུང་བ་ལ༔ བྱང་ཆུབ་སེམས་ནི་མི་སྤང་ཞིང་༔ རྣམ་དག་ཚུལ་ཁྲིམས་གསུམ་ལ་བསླབ༔ དེ་བཞིན་རིགས་ཀྱི་དམ་ཚིག་འཛིན༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ རྡོ་རྗེ་སློབ་དཔོན་མི་སྤང་ང་ོ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་འཛིན༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་དམ་ཚིག་འཛིན༔ ཕྱི་ནང་གསང་བའི་ཐེག་པར་འཇུག༔ པདྨ་རིགས་ཀྱི་དམ་ཚིག་འཛིན༔ སྒྲུབ་མཆོད་འགྲོ་བའི་དོན་བྱེད་པའི༔ ལས་ཀྱི་རིགས་ཀྱི་དམ་ཚིག་འཛིན༔ ལྷ་དང་སྲུང་མས་ལམ་དུ་ཚུད༔ ཚུལ་བཞིན་འབྱུང་བར་བྱིན་གྱིས་རློབས༔ ཞེས་རྗེས་ཟློས་ལན་གསུམ་བྱའོ༔ དེ་ནས་དམ་ཆུ་སྦྱིན་པ་ལ༔ ཧོཿརྡོ་རྗེ་ཁྲོ་བོ་གནོད་སྦྱིན་དང༔ ཕྱག་ན་རྡོ་རྗེས་བྱིན་བརླབས་པའི༔ གསང་བ་ཆེན་པོའི་ཆུ་འདི་འཐུང་༔ དམ་ཚིག་སྲོག་གི་གཏའ་རུ་ཟུངས༔ ཞེས་ལྕེ་ལ་བཞག༔ ས་མ་ཡ་ན་ར་ཀན༔ ཞེས་བྲོ་བསྐྱལ་བཅུག་གོ༔ དེ་ནས་མིག་དར་བཀབ་ལ༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ མེ་ཏོག་སྦྱིན་ལ༔ ཨ་ཁཾ་ཝི་ར་ཧཱུྃ༔ ཞེས་བརྗོད་དོ༔ དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད༔ ཀྱཻ༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་དང༔ སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས༔ ཡེ་ཤེས་བཞི་ཡི་སྒོ་ཕྱེས་ལ༔ སྐུ་དང་ཡེ་ཤེས་རང་ཞལ་སྤྲོད༔ ཅེས་ལན་གསུམ་བརྗོད༔ དཀྱིལ་འཁོར་ཆེན་པོའི་སྒོ་ཤག་གིས་ཕྱེས་ནས་ཕྱག་འཚལ་བར་བསམ་ལ༔ ཨོཾ་ན་མོ་ལོ་ཀི་ཤྭ་ར་ཧཱུྃ༔ ལྷོ་སྒོ་ནས་ཕྱག་འཚལ་བའི་མོས་པ་བྱེད་ཅིང༔ ཨོཾ་ན་མོ་ལོ་ཀི་ཤྭ་ར་ཏྲཱཾཿནུབ་སྒོ་ནས་ཕྱག་འཚལ་བའི་མོས་པ་བྱས་ཏེ༔ ཨོཾ་ན་མོ་ལོ་ཀི་ཤྭ་ར་ཧྲཱིཿབྱང་སྒོ་ནས་ཕྱག་འཚལ་བའི་མོས་པ་བྱས་ཏེ༔ ཨོཾ་ན་མོ་ལོ་ཀི་ཤྭ་ར་ཨཱཿསླར་ཡང་མདུན་ངོས་ནས་ཕྱག་འཚལ་བའི་མོས་པ་བྱས་ཏེ༔ ཨོཾ་ན་མོ་ན་མ་ཨོཾ༔ ཞེས་ཕྱག་འཚལ་བས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་རྣམ་པར་ཤེས་པ་མེ་སྟག་ཡར་བ་ལྟར་གཙོ་བོའི་ཞལ་དུ་ཞུགས་སྐུ་ཡི་དབྱིབས་བརྒྱུད་ཡུམ་གྱི་པདྨོ་ནས་ཞུགས་ཏེ་རྩིབ་ལོགས་གཡོན་ནས་ཐོན་སྲས་ཀྱི་རྣམ་པར་འཕགས་མཆོག་ཐུགས་རྗེ་ཆེན་པོ་གཙོ་བོ་དང་ཚུལ་མཐུན་པ་ཞིག་ཏུ་གྱུར་ཏེ་དཀྱིལ་འཁོར་གྱི་ཤར་སྒོར་པདྨ་དང་ཟླ་བའི་གདན་ལ་འཁོད་པར་བསམ༔ སྤྲོ་ན་ལྷ་བསྐྱེད་གཞུང་བཞིན་བྱ༔ སྤྱན་འདྲེན་དང་སྔགས་ལན་གསུམ་གྱིས་ཡེ་ཤེས་དབབ་བསྟིམ་བྱས་མཐར༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ༔ དེ་ནས་ལྷག་པའི་ལྷ་ངོས་བཟུང་བའི་ཕྱིར་མེ་ཏོག་འདོར་བ་འདིའི་རྗེས་ཟློས་མཛོད༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ བདག་གི་རིག་པའི་མེ་ཏོག་འདི༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ལྷག་པའི་ལྷ་ལ་དབབ་གྱུར་ཅིག༔ ཅེས་འདོར་ཏེ་རིགས་གང་ཡིན་པ་བརྟག་པར་བྱའོ༔ དེ་ནས་མིག་རས་བསལ་བ་ནི༔ ཧཱུྃ༔ རང་སྣང་སྐུ་དང་ཡེ་ཤེས་ཀྱི༔ རང་ཞལ་བསྒྲིབ་བྱེད་མ་རིག་པའི༔ སྒྲིབ་གཉིས་བག་ཆགས་ལིང་ཏོག་ཀུན༔ ཡེ་ཤེས་གསེར་གྱི་ཐུར་མས་བསལ༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཞེས་བརྗོད་དོ༔ རང་སྣང་སྐུ་གསུམ་གྱི་རང་ཞལ་མངོན་སུམ་དུ་མཐོང་བར་བསམ་ལ་མཎྜལ་ཕུལ༔ སླར་ཡང་དབང་བསྐུར་གྱི་ལྷ་དབྱིངས་ནས་སྤྱན་དྲངས་པ་ལ༔ རང་ཉིད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁའི་གནས་སུ་སྤྱན་དྲངས་པར་བསམ་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཕྱི་ནང་གསང་མཆོད་ཀྱི་སྔགས་རྣམས་བརྗོད་ཅིང་མཆོད༔ བསྟོད་པ་ནི༔ ཧཱུྃ༔ ཆོས་སྐུ་ཀུན་ཁྱབ་བརྡལ་བ་སྤྲོས་མཐའ་བྲལ༔ ལོངས་སྤྱོད་སྐུ་དང་ཡེ་ཤེས་རོལ་པར་རྫོགས༔ ཐུགས་རྗེ་འགྲོ་ཁམས་སྒྲོལ་བའི་དཔལ་དུ་ཤར༔ སྐུ་གསུམ་ཡེ་རྫོགས་ཆེན་པོར་ཕྱག་འཚལ་བསྟོད༔ ཅེས་བསྟོད༔ ་དེ༔ ཧཱུྃ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས༔ རྡོ་རྗེའི་སློབ་མ་འདི་རྣམས་ལ༔ ཕྱི་ནང་གསང་བའི་དབང་རྣམས་ཀུན༔ ཡོངས་རྫོགས་དམ་པ་སྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད༔ གཤེགས་མ་རྣམས་ཀྱིས་དབང་བསྐུར༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད༔ སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར༔ ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད༔ ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར༔ སློབ་མ་རྣམས་རྡོ་རྗེ་མི་བསྐྱོད་མཐིང་ནག་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་རེ་བསྒོམ་ལ༔ དེ་ནས་བུམ་ཆུ་སྤྱི་བོར་བླུག་ལ༔ ཧཱུྃ༔ དག་བྱེད་ཡེ་ཤེས་བདུད་རྩིའི་ཆུ༔ ཁྱོད་ཀྱི་སྤྱི་བོར་བླུག་པ་ཡིས༔ མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི༔ དཔལ་ལྡན་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་མ་རྣམས་རིན་ཆེན་འབྱུང་ལྡན་སེར་པོ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་རེ་བསྒོམ་ལ༔ དེ་ནས་དབུ་རྒྱན་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིན་ཆེན་དབུ་རྒྱན་འདི་བསྐོན་པས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི༔ དཔལ་ལྡན་ཡོན་ཏན་དབང་ཐོབ་ཤོག༔ ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾཿསློབ་མ་རྣམས་སྣང་བ་མཐའ་ཡས་དམར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་ལ༔ དེ་ནས་རྡོ་རྗེ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གསེར་གྱི་རྡོ་རྗེ་འདི་གཏད་པས༔ སོ་སོར་རྟོག་པའི་ཡེ་ཤེས་ཀྱི༔ དཔལ་ལྡན་གསུང་གི་དབང་ཐོབ་ཤོག༔ ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱི༔ སློབ་མ་རྣམས་དོན་ཡོད་གྲུབ་པ་ལྗང་གུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཞིག་ཏུ་བསྒོམ་ལ༔ དེ་ནས་དྲིལ་བུ་གཏད་ལ༔ ་ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིན་ཆེན་དྲིལ་བུ་འདི་གཏད་པས༔ བྱ་བ་གྲུབ་པའི་ཡེ་ཤེས་ཀྱི༔ དཔལ་ལྡན་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿསློབ་མ་རྣམས་རྣམ་པར་སྣང་མཛད་དཀར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་བསྐྱེད་ལ༔ དེ་ནས་མིང་དབང་བསྐུར་བ་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྣམ་པར་སྣང་མཛད་མིང་གི་དབང་༔ བསྐུར་བས་ཆོས་དབྱིངས་ཡེ་ཤེས་ཀྱི༔ དཔལ་ལྡན་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གདན་ཁྲི་དང་རྡོ་རྗེ་དྲིལ་བུ་བཅས་གཏད་ལ༔ ཧཱུྃ༔ སྲིད་ལས་འཕགས་པའི་རིན་ཆེན་ཁྲི༔ ཐབས་ཤེས་རྡོ་རྗེ་དྲིལ་བུ་བཅས༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཡི༔ གོ་འཕང་མཆོག་ལ་དབང་བསྒྱུར་ཏེ༔ འགྲོ་ཀུན་སྨིན་གྲོལ་དབང་ཐོབ་ཤོག༔ ཨོཾ་སརྦ་དྷརྨ་རཱ་ཛ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དུང་དང་ཕྱག་ཤིང་འཁོར་ལོ་པུསྟི་རྣམས་གཏད་ལ༔ ཧཱུྃ༔ ཆོས་དུང་དཀར་པོ་གཡས་འཁྱིལ་དང་༔ གསེག་ཤང་འཁོར་ལོ་ཆོས་པུསྟི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ རྒྱལ་བ་རྣམས་ཀྱི་རྒྱལ་ཚབས་སུ༔ མངའ་གསོལ་གང་འདུལ་ཐབས་མང་གིས༔ འགྲོ་དོན་རྒྱ་ཆེར་དབང་ཐོབ་ཤོག༔ ཨོཾ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དབང་དངོས་གཞི་བསྐུར་བ་ལ༔ དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་དབང་རྫས་རྣམས་རིམ་པ་བཞིན་དུ་བྱུང་བར་བསམ་ལ༔ དེ་ནས་བུམ་པ་ཐོགས་ཏེ༔ ཧཱུྃ༔ བུམ་པ་སྟོང་གསལ་གཞལ་ཡས་སུ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བུམ་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་གྱི་ལྷ་ལས་དེ་འདྲ་བ་རེ་འཕྲོས་ནས་སློབ་མ་ལ་ཐིམ་པས་ལྷ་སོ་སོའི་དཔལ་དང་ཡེ་ཤེས་ཡོན་ཏན་ཡོངས་སུ་རྫོགས་པའི་དབང་ཐོབ་པར་བསམ་ལ༔ གཙོ་བོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ ཐུགས་རྗེ་ཆེན་པོས་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྡོ་རྗེ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིགས་བདག་སྣང་མཐའ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱིས་གསུང་བདག་ཉིད༔ སྣང་མཐའ་ཡབ་ཡུམ་དབང་བསྐུར་རོ༔ འདུ་ཤེས་ཕུང་པོ་གནས་དག་ནས༔ པདྨ་རིགས་ཀྱི་སྐུ་ཐོབ་ཤོག༔ ཨོཾ་པདྨ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མི་བསྐྱོད་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་བདག་ཉིད༔ མི་བསྐྱོད་ཡབ་ཡུམ་དབང་བསྐུར་རོ༔ རྣམ་ཤེས་ཕུང་པོ་གནས་དག་ནས༔ རྡོ་རྗེ་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ༔ བཛྲ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིན་འབྱུང་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡོན་ཏན་དཔལ༔ རིན་འབྱུང་ཡབ་ཡུམ་དབང་བསྐུར་རོ༔ ཚོར་བའི་ཕུང་པོ་གནས་དག་ནས༔ རིན་ཆེན་རིགས་ཀྱི་སྐུ་ཐོབ་ཤོག༔ སྭཱ་རཏྣ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྣམ་སྣང་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ རྣམ་སྣང་ཡབ་ཡུམ་དབང་བསྐུར་རོ༔ གཟུགས་ཀྱི་ཕུང་པོ་གནས་དག་ནས༔ དེ་བཞིན་རིགས་ཀྱི་སྐུ་ཐོབ་ཤོག༔ ཨོཾ་བུདྡྷ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དོན་གྲུབ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་དཔལ༔ དོན་གྲུབ་ཡབ་ཡུམ་དབང་བསྐུར་རོ༔ འདུ་བྱེད་ཕུང་པོ་གནས་དག་ནས༔ ཀརྨ་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱ་ཀརྨ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐུབ་པ་དྲུག་གི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གདུལ་དཀའ་འདུལ་བྱེད་སྤྲུལ་པའི་སྐུ༔ ཐུབ་པ་དྲུག་གི་དབང་བསྐུར་རོ༔ སྤྲུལ་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་སརྦ་ནིརྨཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དབང་ཆེན་རིགས་བཞིའི་སྐུ་གཏད་ལ༔ ཧཱུྃ་ཡེ་ཤེས་བཞི་ཡི་ངོ་བོ་ལ༔ ཚད་མེད་རྣམ་བཞིའི་རོལ་པ་སྟེ༔ དབང་ཆེན་རིགས་བཞིས་དབང་བསྐུར་རོ༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཧྱ་གྲཱི་ཝ་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཡང་ཕྱག་སྟོང་སྤྱན་སྟོང་གི་སྐུ་གཏད་ལ༔ ཧྲཱིཿབཅུ་གཅིག་དབུ་ལ་རིགས་དང་དཀྱིལ་འཁོར་རྫོགས༔ ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང༔ སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང༔ ཞབས་ཀྱིས་སྐྱེ་བ་རྣམ་བཞིའི་སྒོ་འཕར་གནོན༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པ༔ འཕགས་པ་ནམ་མཁའི་རྒྱལ་པོའི་དབང་ཐོབ་ཤོག༔ ན་མོ་ཨཱརྱལོ་ཀི་ཤྭ་ར་ག་ག་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྤྲོ་ན་སངས་རྒྱས་སྟོང་དབང་གཞན་བཞིན་བྱ་བ་དང་༔ ཡང་ན༔ ཧཱུྃ་ཧྲཱིཿགདོད་ནས་ཀུན་ཏུ་བཟང་པོའི་རོལ་པ་ལས༔ གདུལ་དཀའ་འདུལ་མཛད་སྤྲུལ་པའི་སྐུར་སྟོན་པ༔ རྫོགས་པའི་སངས་རྒྱས་སྟོང་གི་དབང་བསྐུར་རོ༔ འཁོར་བ་དོང་སྤྲུགས་ནུས་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱཿཨ་བྷི་ཥིཉྩ་ཧཱུྃ༔ དེས་ལུས་ཀྱི་ལས་དང་རྩ་ཡི་སྒྲིབ་པ་དག༔ བུམ་པའི་དབང་ཐོབ༔ ལུས་ལྷ་སྐུ་བསྒོམ་པ་ལ་དབང་བ་ཡིན་ནོ༔ དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ ཆོས་ཉིད་དབྱིངས་ཀྱི་བྷནྡྷ་རུ༔ ལྷུན་གྲུབ་འགགས་མེད་གསུང་གསང་བཅུད༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ གསང་བ་གསུང་གི་དབང་ཐོབ་སྟེ༔ ལོངས་སྤྱོད་རྫོགས་སྐུ་ཐོབ་པར་ཤོག༔ རྩ་སྔགས་དང༔ ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཡི་གེ་དྲུག་པ་གཏད་ལ༔ ཧཱུྃ༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང༔ སྙིང་པོ་འདུས་པས་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་དང༔ ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕྲེང་བ་གཏད་ལ༔ ཧཱུྃ༔ རིན་ཆེན་ཕྲེང་བ་བརྒྱ་རྩ་འདི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང༔ སྙིང་པོ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ངག་དང་རླུང་གི་སྒྲིབ་པ་དག༔ གསུང་གསང་བའི་དབང་ཐོབ༔ ངག་སྔགས་བཟླ་བ་ལ་དབང་འབྱོར་བ་ཡིན་ནོ༔ དེ་ནས་ཤེར་དབང་བསྐུར་བ་ལ༔ དང་པོ་རིག་མ་གཏད་ལ༔ ཧཱུྃ༔ ལོངས་སྐུ་མཁའ་སྤྱོད་དབང་མོ་དངོས༔ ཟག་མེད་བདེ་སྟོང་སྦྱོར་བའི་ཡུམ༔ སྐལ་ལྡན་ཁྱོད་ལ་གཏད་ཅིང་སྦྱིན༔ ཤེས་རབ་ཡེ་ཤེས་ཆེན་པོ་ཡིས༔ འཁོར་འདས་སྟོང་ཆེན་ཡུམ་གྱི་མཁར༔ བདེ་ཆེན་སྦྱོར་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིལ་བུ་ཐོགས་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་པའི་བཅུད་འདུས་པ༔ མྱོང་གྲོལ་རིལ་བུ་འདི་གཏད་པས༔ འགྲོ་དོན་རྒྱ་ཆེར་འབྱུང་བར་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕྱག་མཚན་ལྔ་གཏད་ལ༔ ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རྒྱལ་ཀུན་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡིད་དང་ཐིག་ལེའི་སྒྲིབ་པ་དག༔ ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་བ་ཡིན་ནོ༔ དེ་ནས་ཚིག་དབང་བསྐུར་བ་ལ༔ མེ་ལོང་དང་ཤེལ་རྡོ་གཏད་ལ༔ ཧཱུྃ༔ མེ་ལོང་ཆོས་ཉིད་གཏིང་གསལ་ཏེ༔ འཇའ་ཤེལ་ཡེ་ཤེས་ལྔ་ཡི་རྟགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཚིག་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་འོད་ལྔའི་ཐིག་ལེ་གཏད་ལ༔ ཧཱུྃ༔ ཉག་གཅིག་ཐིག་ལེ་འདི་གཏད་པས༔ སྣང་བ་བཞི་ཡི་ཉམས་རྟོགས་པ༔ མཐར་ཕྱིན་གཞོན་ནུ་བུམ་པའི་སྐུར༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཨ་ཨ་ཨ༔ ཕཊ༔ དེས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སངས་ཀྱིས་དག༔ ཚིག་དབང་རིན་པོ་ཆེ་ཐོབ༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ལ་དབང་བསྒྱུར་བར་ནུས་པ་ཡིན་ནོ༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ ཆོས་ཉིད་བརྡལ་ཁྱབ་གཏོར་གཞོང་དུ༔ ལྷུན་གྲུབ་རོལ་པའི་གཏོར་མ་བཤམས༔ རིག་རྩལ་སྣ་ཚོགས་གཏོར་རྒྱན་སྤྲས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ལ༔ དབང་བསྒྱུར་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་མཐར༔ བ་ལིཾ་ཏ་མཎྜ་ལ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བཀྲ་ཤིས་རྟགས་བརྒྱད་འདི་གཏད་པས༔ མཚན་དཔེས་བརྒྱན་པའི་སྐུ་ཐོབ་ནས༔ འགྲོ་དོན་ཕྱོགས་མེད་འབྱུང་གྱུར་ཅིག༔ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀྲ་ཤིས་རྫས་བརྒྱད་གཏད་ལ༔ ཧཱུྃ༔ བཀྲ་ཤིས་རྫས་བརྒྱད་འདི་གཏད་པས༔ ཡོན་ཏན་ཕུན་སུམ་ཚོགས་པ་ཡིས༔ འགྲོ་ཁམས་དབང་དུ་བྱེད་པ་དང༔ བསྟན་པ་མཐའ་རྒྱས་དབང་ཐོབ་ཤོག༔ ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྣ་བདུན་གཏད་ལ༔ ཧཱུྃ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སྲིད༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ གང་ལ་གང་འདུལ་ཐབས་དུ་མས༔ འགྲོ་རྣམས་སངས་རྒྱས་སར་འགོད་ཤོག༔ མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དམ་ཚིག་གི་རྣམ་གྲངས་ཁས་བླང་བ་དང་༔ བཀའ་དྲིན་གཏང་རག་གི་མཎྜལ་འབུལ་བ་དང་༔ ལུས་ལོངས་སྤྱོད་འབུལ་བ་དང་༔ ཤིས་བརྗོད་དང་དགེ་བ་བསྔོ་བ་རྣམས་སྤྱི་དང་མཐུན་པར་བྱའོ༔ དེ་ལྟར་དབང་བསྐུར་ཐོབ་ནས་སླར༔ བསྐྱེད་རིམ་གནད་དང་ལྡན་པ་ཡིས༔ ལོ་གསུམ་སྒྲུབ་པ་བྱས་གྱུར་ན༔ རིག་པ་ཡེ་ཤེས་མངོན་དུ་གྱུར༔ སྣང་བ་ཞིང་ཁམས་རྣམ་དག་ཏུ༔ འཕོས་ཏེ་ནམ་ཞིག་འཆི་བའི་ཚེ༔ ཐུགས་རྗེ་ཆེན་པོའི་ཞལ་མཐོང་ཞིང་༔ སྣང་བ་ཐམས་ཅད་པོ་ཊ་ལའི༔ ཞིང་ཁམས་རྣམ་དག་ཉིད་དུ་འཕོ༔ མ་འོངས་བདེ་ཆེན་ཞིང་ཁམས་སུ༔ མངོན་སངས་རྒྱས་འགྱུར་ཐེ་ཚོམ་མེད༔ ནོར་བདག་ཨ་པར་དཀར་པོས་སྲུངས༔ སྒྲུབ་པ་པོ་ཡི་མཐུན་རྐྱེན་སྒྲུབས༔ ལོངས་སྤྱོད་གཏེར་གྱི་དངོས་གྲུབ་སྩོལ༔ བསྟན་པའི་དགྲ་བོའི་སྲོག་ལ་ཡ༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་དང་༔ མཛད་ཕྲིན་ནམ་མཁའ་མཉམ་པར་སྤེལ༔ སྣོད་མིན་རྣམས་ལ་གསང་རྒྱས་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་གཉིས་བར་དུ་བཀའ་རྒྱ་བྱས་ཏེ་མཐར་རྟེན་འབྲེལ་དུས་ལ་བབས་ཚེ་ཆོས་ཀྱི་བདག་པོ་དགེ་ལེགས་དཔལ་བཟང་པོས་ནན་དུ་བསྐུལ་ངོར་གསེར་སྟོད་བླ་མ་རོང་དུ་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}} | ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢འཕགས་མཆོག་པད་དཀར་འཆང་བ་ཡི༔ དབང་མཆོག་ཟབ་མོ་བསྐུར་བ་ལ༔ དང་པོ་དབང་ཆས་ལེགས་བསྒྲུབ་སྟེ༔ སྒྲུབ་པའི་གཞུང་བསྲང་བསྙེན་བསྒྲུབ་ནས༔ དད་དམ་ལྡན་པའི་སློབ་མ་ལ༔ བསྐྱེད་རྫོགས་གདིང་ལྡན་སློབ་དཔོན་གྱིས༔ དབང་གི་ཆོ་ག་བྱེད་པ་ལ༔ དང་པོ་སྒོ་བ་ཁྲོ་བོ་ལ༔ སྒོ་དབྱེ་ཕྱིར་ན་གསོལ་འདེབས་ནི༔ ཀྱཻ༔ འཁོར་འདས་སྤྱི་དཔལ་ཁྲོ་བོའི་རྒྱལ༔ ཡེ་ཤེས་རོལ་པའི་མཚོན་ཆ་ཅན༔ ཁྱོད་ལ་ཕྱག་འཚལ་སྐྱབས་སུ་མཆི༔ སྒོ་ཕྱེས་ཐར་པའི་གྲོང་བསྟན་གསོལ༔ ཅེས་ལན་གསུམ་གྱི་མཐར༔ བླ་མས༔ ཀྱཻ༔ ཁྱོད་ཅག་སུ་ཡིན་ཅི་ལ་དགའ༔ སྒྲིབ་གཉིས་དྲི་མ་དང་བྲལ་ཞིང༔ ཐར་པའི་གྲོང་དུ་འཇུག་པས་ན༔ སྒོ་ཕྱེས་སྨིན་གྲོལ་ལམ་སྟོན་བགྱི༔ ཞེས་གསུངས༔ དེ་ནས་སློབ་མས༔ ལྷ་དང་བླ་མ་དཀྱིལ་འཁོར་རྣམས༔ སྤངས་ན་སྐྱོབ་པ་གཞན་མེད་པས༔ སྒོ་བ་ཆེན་པོས་སྒོ་ཕྱེས་ལ༔ ཐར་པའི་ལམ་དང་གྲོང་བསྟན་གསོལ༔ ཞེས་ལན་གསུམ་མཐར༔ བླ་མས་གནང་བ་སྦྱིན་པ་ལ༔ ཀྱེ་ཧོཿཚོགས་སྨོན་ལས་འཕྲོ་འཛོམ་པ་ཡི༔ སྐལ་བར་ལྡན་པའི་སློབ་བུ་རྣམས༔ ནང་དུ་གཤེགས་ལ་གུས་ཕྱག་འཚལ༔ ཐར་དང་རྣམ་མཁྱེན་ལམ་བསྟན་བྱ༔ ཞེས་གནང་བ་བྱིན་ཏེ་ནང་དུ་ཕྱིན་ནས་ཕྱག་འཚལ་ཞིང་གྲལ་དུ་འཁོད༔ དེ་ནས་ཁྲུས་བྱས་བགེགས་བསྐྲད་སྲུང་བའི་འཁོར་ལོ་བསྒོམ་མོ༔ དེ་ནས་མཎྜལ་ཕུལ་ཏེ་གསོལ་བ་གདབ་པ་ནི༔ ཀྱཻ༔ དཀྱིལ་འཁོར་དབང་ཕྱུག་བླ་མ་རྗེ༔ བདག་ཅག་སྐལ་ལྡན་སློབ་བུ་རྣམས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ དབང་གིས་སྨིན་པར་མཛད་དུ་གསོལ༔ ཞེས་ལན་གསུམ༔ དེ་ནས་བླ་མས༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཐར་པ་དོན་དུ་གཉེར་བ་ཡིས༔ སྙིང་པོའི་སྒྲུབ་ལ་བརྩོན་ནུས་ན༔ སྨིན་བྱེད་དབང་མཆོག་བསྐུར་བགྱིའོ༔ ཞེས་གསུངས་སོ༔ དེ་ནས་སྐྱབས་སུ་འགྲོ་བ་ལ༔ ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་ཇོ་བོ་ཐུགས་རྗེ་ཆེན་པོ་དབྱེར་མ་མཆིས་པ་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་བསྐོར་བར་བསྒོམ་ལ་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད༔ ཅེས་སྐྱབས་སུ་འགྲོ་ཞིང༔ ཡང་བླ་མས༔ ཀྱཻ་སྐལ་ལྡན་རིགས་ཀྱི་བུ་ཁྱེད་རང་རྣམས་ཀྱིས་དམིགས་པ་འདི་བཞིན་དུ་མཛོད་ཅིག༔ རང་རེ་རྣམས་ཀྱིས་སྨིན་བྱེད་ཀྱི་དབང་ཞུས་ཏེ་གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་བླངས་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་ལ་འགོད་པར་བྱའོ་བསམ་ཞིང་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད༔ ཅེས་སེམས་བསྐྱེད་རྗེས་ཟློས་ལན་གསུམ་བྱའོ༔ དེ་ནས་དམ་ཚིག་བཟུང་བ་ལ༔ བྱང་ཆུབ་སེམས་ནི་མི་སྤང་ཞིང་༔ རྣམ་དག་ཚུལ་ཁྲིམས་གསུམ་ལ་བསླབ༔ དེ་བཞིན་རིགས་ཀྱི་དམ་ཚིག་འཛིན༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ རྡོ་རྗེ་སློབ་དཔོན་མི་སྤང་ང་ོ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་འཛིན༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་དམ་ཚིག་འཛིན༔ ཕྱི་ནང་གསང་བའི་ཐེག་པར་འཇུག༔ པདྨ་རིགས་ཀྱི་དམ་ཚིག་འཛིན༔ སྒྲུབ་མཆོད་འགྲོ་བའི་དོན་བྱེད་པའི༔ ལས་ཀྱི་རིགས་ཀྱི་དམ་ཚིག་འཛིན༔ ལྷ་དང་སྲུང་མས་ལམ་དུ་ཚུད༔ ཚུལ་བཞིན་འབྱུང་བར་བྱིན་གྱིས་རློབས༔ ཞེས་རྗེས་ཟློས་ལན་གསུམ་བྱའོ༔ དེ་ནས་དམ་ཆུ་སྦྱིན་པ་ལ༔ ཧོཿརྡོ་རྗེ་ཁྲོ་བོ་གནོད་སྦྱིན་དང༔ ཕྱག་ན་རྡོ་རྗེས་བྱིན་བརླབས་པའི༔ གསང་བ་ཆེན་པོའི་ཆུ་འདི་འཐུང་༔ དམ་ཚིག་སྲོག་གི་གཏའ་རུ་ཟུངས༔ ཞེས་ལྕེ་ལ་བཞག༔ ས་མ་ཡ་ན་ར་ཀན༔ ཞེས་བྲོ་བསྐྱལ་བཅུག་གོ༔ དེ་ནས་མིག་དར་བཀབ་ལ༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ མེ་ཏོག་སྦྱིན་ལ༔ ཨ་ཁཾ་ཝི་ར་ཧཱུྃ༔ ཞེས་བརྗོད་དོ༔ དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད༔ ཀྱཻ༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་དང༔ སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས༔ ཡེ་ཤེས་བཞི་ཡི་སྒོ་ཕྱེས་ལ༔ སྐུ་དང་ཡེ་ཤེས་རང་ཞལ་སྤྲོད༔ ཅེས་ལན་གསུམ་བརྗོད༔ དཀྱིལ་འཁོར་ཆེན་པོའི་སྒོ་ཤག་གིས་ཕྱེས་ནས་ཕྱག་འཚལ་བར་བསམ་ལ༔ ཨོཾ་ན་མོ་ལོ་ཀི་ཤྭ་ར་ཧཱུྃ༔ ལྷོ་སྒོ་ནས་ཕྱག་འཚལ་བའི་མོས་པ་བྱེད་ཅིང༔ ཨོཾ་ན་མོ་ལོ་ཀི་ཤྭ་ར་ཏྲཱཾཿནུབ་སྒོ་ནས་ཕྱག་འཚལ་བའི་མོས་པ་བྱས་ཏེ༔ ཨོཾ་ན་མོ་ལོ་ཀི་ཤྭ་ར་ཧྲཱིཿབྱང་སྒོ་ནས་ཕྱག་འཚལ་བའི་མོས་པ་བྱས་ཏེ༔ ཨོཾ་ན་མོ་ལོ་ཀི་ཤྭ་ར་ཨཱཿསླར་ཡང་མདུན་ངོས་ནས་ཕྱག་འཚལ་བའི་མོས་པ་བྱས་ཏེ༔ ཨོཾ་ན་མོ་ན་མ་ཨོཾ༔ ཞེས་ཕྱག་འཚལ་བས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་རྣམ་པར་ཤེས་པ་མེ་སྟག་ཡར་བ་ལྟར་གཙོ་བོའི་ཞལ་དུ་ཞུགས་སྐུ་ཡི་དབྱིབས་བརྒྱུད་ཡུམ་གྱི་པདྨོ་ནས་ཞུགས་ཏེ་རྩིབ་ལོགས་གཡོན་ནས་ཐོན་སྲས་ཀྱི་རྣམ་པར་འཕགས་མཆོག་ཐུགས་རྗེ་ཆེན་པོ་གཙོ་བོ་དང་ཚུལ་མཐུན་པ་ཞིག་ཏུ་གྱུར་ཏེ་དཀྱིལ་འཁོར་གྱི་ཤར་སྒོར་པདྨ་དང་ཟླ་བའི་གདན་ལ་འཁོད་པར་བསམ༔ སྤྲོ་ན་ལྷ་བསྐྱེད་གཞུང་བཞིན་བྱ༔ སྤྱན་འདྲེན་དང་སྔགས་ལན་གསུམ་གྱིས་ཡེ་ཤེས་དབབ་བསྟིམ་བྱས་མཐར༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ༔ དེ་ནས་ལྷག་པའི་ལྷ་ངོས་བཟུང་བའི་ཕྱིར་མེ་ཏོག་འདོར་བ་འདིའི་རྗེས་ཟློས་མཛོད༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ བདག་གི་རིག་པའི་མེ་ཏོག་འདི༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ལྷག་པའི་ལྷ་ལ་དབབ་གྱུར་ཅིག༔ ཅེས་འདོར་ཏེ་རིགས་གང་ཡིན་པ་བརྟག་པར་བྱའོ༔ དེ་ནས་མིག་རས་བསལ་བ་ནི༔ ཧཱུྃ༔ རང་སྣང་སྐུ་དང་ཡེ་ཤེས་ཀྱི༔ རང་ཞལ་བསྒྲིབ་བྱེད་མ་རིག་པའི༔ སྒྲིབ་གཉིས་བག་ཆགས་ལིང་ཏོག་ཀུན༔ ཡེ་ཤེས་གསེར་གྱི་ཐུར་མས་བསལ༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཞེས་བརྗོད་དོ༔ རང་སྣང་སྐུ་གསུམ་གྱི་རང་ཞལ་མངོན་སུམ་དུ་མཐོང་བར་བསམ་ལ་མཎྜལ་ཕུལ༔ སླར་ཡང་དབང་བསྐུར་གྱི་ལྷ་དབྱིངས་ནས་སྤྱན་དྲངས་པ་ལ༔ རང་ཉིད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁའི་གནས་སུ་སྤྱན་དྲངས་པར་བསམ་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཕྱི་ནང་གསང་མཆོད་ཀྱི་སྔགས་རྣམས་བརྗོད་ཅིང་མཆོད༔ བསྟོད་པ་ནི༔ ཧཱུྃ༔ ཆོས་སྐུ་ཀུན་ཁྱབ་བརྡལ་བ་སྤྲོས་མཐའ་བྲལ༔ ལོངས་སྤྱོད་སྐུ་དང་ཡེ་ཤེས་རོལ་པར་རྫོགས༔ ཐུགས་རྗེ་འགྲོ་ཁམས་སྒྲོལ་བའི་དཔལ་དུ་ཤར༔ སྐུ་གསུམ་ཡེ་རྫོགས་ཆེན་པོར་ཕྱག་འཚལ་བསྟོད༔ ཅེས་བསྟོད༔ ་དེ༔ ཧཱུྃ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས༔ རྡོ་རྗེའི་སློབ་མ་འདི་རྣམས་ལ༔ ཕྱི་ནང་གསང་བའི་དབང་རྣམས་ཀུན༔ ཡོངས་རྫོགས་དམ་པ་སྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད༔ གཤེགས་མ་རྣམས་ཀྱིས་དབང་བསྐུར༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད༔ སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར༔ ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད༔ ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར༔ སློབ་མ་རྣམས་རྡོ་རྗེ་མི་བསྐྱོད་མཐིང་ནག་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་རེ་བསྒོམ་ལ༔ དེ་ནས་བུམ་ཆུ་སྤྱི་བོར་བླུག་ལ༔ ཧཱུྃ༔ དག་བྱེད་ཡེ་ཤེས་བདུད་རྩིའི་ཆུ༔ ཁྱོད་ཀྱི་སྤྱི་བོར་བླུག་པ་ཡིས༔ མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི༔ དཔལ་ལྡན་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་མ་རྣམས་རིན་ཆེན་འབྱུང་ལྡན་སེར་པོ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་རེ་བསྒོམ་ལ༔ དེ་ནས་དབུ་རྒྱན་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིན་ཆེན་དབུ་རྒྱན་འདི་བསྐོན་པས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི༔ དཔལ་ལྡན་ཡོན་ཏན་དབང་ཐོབ་ཤོག༔ ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾཿསློབ་མ་རྣམས་སྣང་བ་མཐའ་ཡས་དམར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གསལ་ལ༔ དེ་ནས་རྡོ་རྗེ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གསེར་གྱི་རྡོ་རྗེ་འདི་གཏད་པས༔ སོ་སོར་རྟོག་པའི་ཡེ་ཤེས་ཀྱི༔ དཔལ་ལྡན་གསུང་གི་དབང་ཐོབ་ཤོག༔ ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱི༔ སློབ་མ་རྣམས་དོན་ཡོད་གྲུབ་པ་ལྗང་གུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཞིག་ཏུ་བསྒོམ་ལ༔ དེ་ནས་དྲིལ་བུ་གཏད་ལ༔ ་ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིན་ཆེན་དྲིལ་བུ་འདི་གཏད་པས༔ བྱ་བ་གྲུབ་པའི་ཡེ་ཤེས་ཀྱི༔ དཔལ་ལྡན་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿསློབ་མ་རྣམས་རྣམ་པར་སྣང་མཛད་དཀར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་བསྐྱེད་ལ༔ དེ་ནས་མིང་དབང་བསྐུར་བ་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྣམ་པར་སྣང་མཛད་མིང་གི་དབང་༔ བསྐུར་བས་ཆོས་དབྱིངས་ཡེ་ཤེས་ཀྱི༔ དཔལ་ལྡན་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གདན་ཁྲི་དང་རྡོ་རྗེ་དྲིལ་བུ་བཅས་གཏད་ལ༔ ཧཱུྃ༔ སྲིད་ལས་འཕགས་པའི་རིན་ཆེན་ཁྲི༔ ཐབས་ཤེས་རྡོ་རྗེ་དྲིལ་བུ་བཅས༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཡི༔ གོ་འཕང་མཆོག་ལ་དབང་བསྒྱུར་ཏེ༔ འགྲོ་ཀུན་སྨིན་གྲོལ་དབང་ཐོབ་ཤོག༔ ཨོཾ་སརྦ་དྷརྨ་རཱ་ཛ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དུང་དང་ཕྱག་ཤིང་འཁོར་ལོ་པུསྟི་རྣམས་གཏད་ལ༔ ཧཱུྃ༔ ཆོས་དུང་དཀར་པོ་གཡས་འཁྱིལ་དང་༔ གསེག་ཤང་འཁོར་ལོ་ཆོས་པུསྟི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ རྒྱལ་བ་རྣམས་ཀྱི་རྒྱལ་ཚབས་སུ༔ མངའ་གསོལ་གང་འདུལ་ཐབས་མང་གིས༔ འགྲོ་དོན་རྒྱ་ཆེར་དབང་ཐོབ་ཤོག༔ ཨོཾ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དབང་དངོས་གཞི་བསྐུར་བ་ལ༔ དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་དབང་རྫས་རྣམས་རིམ་པ་བཞིན་དུ་བྱུང་བར་བསམ་ལ༔ དེ་ནས་བུམ་པ་ཐོགས་ཏེ༔ ཧཱུྃ༔ བུམ་པ་སྟོང་གསལ་གཞལ་ཡས་སུ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བུམ་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་གྱི་ལྷ་ལས་དེ་འདྲ་བ་རེ་འཕྲོས་ནས་སློབ་མ་ལ་ཐིམ་པས་ལྷ་སོ་སོའི་དཔལ་དང་ཡེ་ཤེས་ཡོན་ཏན་ཡོངས་སུ་རྫོགས་པའི་དབང་ཐོབ་པར་བསམ་ལ༔ གཙོ་བོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ ཐུགས་རྗེ་ཆེན་པོས་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྡོ་རྗེ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིགས་བདག་སྣང་མཐའ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱིས་གསུང་བདག་ཉིད༔ སྣང་མཐའ་ཡབ་ཡུམ་དབང་བསྐུར་རོ༔ འདུ་ཤེས་ཕུང་པོ་གནས་དག་ནས༔ པདྨ་རིགས་ཀྱི་སྐུ་ཐོབ་ཤོག༔ ཨོཾ་པདྨ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མི་བསྐྱོད་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་བདག་ཉིད༔ མི་བསྐྱོད་ཡབ་ཡུམ་དབང་བསྐུར་རོ༔ རྣམ་ཤེས་ཕུང་པོ་གནས་དག་ནས༔ རྡོ་རྗེ་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ༔ བཛྲ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིན་འབྱུང་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡོན་ཏན་དཔལ༔ རིན་འབྱུང་ཡབ་ཡུམ་དབང་བསྐུར་རོ༔ ཚོར་བའི་ཕུང་པོ་གནས་དག་ནས༔ རིན་ཆེན་རིགས་ཀྱི་སྐུ་ཐོབ་ཤོག༔ སྭཱ་རཏྣ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྣམ་སྣང་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ རྣམ་སྣང་ཡབ་ཡུམ་དབང་བསྐུར་རོ༔ གཟུགས་ཀྱི་ཕུང་པོ་གནས་དག་ནས༔ དེ་བཞིན་རིགས་ཀྱི་སྐུ་ཐོབ་ཤོག༔ ཨོཾ་བུདྡྷ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དོན་གྲུབ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་དཔལ༔ དོན་གྲུབ་ཡབ་ཡུམ་དབང་བསྐུར་རོ༔ འདུ་བྱེད་ཕུང་པོ་གནས་དག་ནས༔ ཀརྨ་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱ་ཀརྨ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐུབ་པ་དྲུག་གི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གདུལ་དཀའ་འདུལ་བྱེད་སྤྲུལ་པའི་སྐུ༔ ཐུབ་པ་དྲུག་གི་དབང་བསྐུར་རོ༔ སྤྲུལ་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་སརྦ་ནིརྨཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དབང་ཆེན་རིགས་བཞིའི་སྐུ་གཏད་ལ༔ ཧཱུྃ་ཡེ་ཤེས་བཞི་ཡི་ངོ་བོ་ལ༔ ཚད་མེད་རྣམ་བཞིའི་རོལ་པ་སྟེ༔ དབང་ཆེན་རིགས་བཞིས་དབང་བསྐུར་རོ༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཧྱ་གྲཱི་ཝ་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཡང་ཕྱག་སྟོང་སྤྱན་སྟོང་གི་སྐུ་གཏད་ལ༔ ཧྲཱིཿབཅུ་གཅིག་དབུ་ལ་རིགས་དང་དཀྱིལ་འཁོར་རྫོགས༔ ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང༔ སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང༔ ཞབས་ཀྱིས་སྐྱེ་བ་རྣམ་བཞིའི་སྒོ་འཕར་གནོན༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པ༔ འཕགས་པ་ནམ་མཁའི་རྒྱལ་པོའི་དབང་ཐོབ་ཤོག༔ ན་མོ་ཨཱརྱལོ་ཀི་ཤྭ་ར་ག་ག་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྤྲོ་ན་སངས་རྒྱས་སྟོང་དབང་གཞན་བཞིན་བྱ་བ་དང་༔ ཡང་ན༔ ཧཱུྃ་ཧྲཱིཿགདོད་ནས་ཀུན་ཏུ་བཟང་པོའི་རོལ་པ་ལས༔ གདུལ་དཀའ་འདུལ་མཛད་སྤྲུལ་པའི་སྐུར་སྟོན་པ༔ རྫོགས་པའི་སངས་རྒྱས་སྟོང་གི་དབང་བསྐུར་རོ༔ འཁོར་བ་དོང་སྤྲུགས་ནུས་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱཿཨ་བྷི་ཥིཉྩ་ཧཱུྃ༔ དེས་ལུས་ཀྱི་ལས་དང་རྩ་ཡི་སྒྲིབ་པ་དག༔ བུམ་པའི་དབང་ཐོབ༔ ལུས་ལྷ་སྐུ་བསྒོམ་པ་ལ་དབང་བ་ཡིན་ནོ༔ དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ ཆོས་ཉིད་དབྱིངས་ཀྱི་བྷནྡྷ་རུ༔ ལྷུན་གྲུབ་འགགས་མེད་གསུང་གསང་བཅུད༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ གསང་བ་གསུང་གི་དབང་ཐོབ་སྟེ༔ ལོངས་སྤྱོད་རྫོགས་སྐུ་ཐོབ་པར་ཤོག༔ རྩ་སྔགས་དང༔ ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཡི་གེ་དྲུག་པ་གཏད་ལ༔ ཧཱུྃ༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང༔ སྙིང་པོ་འདུས་པས་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་དང༔ ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕྲེང་བ་གཏད་ལ༔ ཧཱུྃ༔ རིན་ཆེན་ཕྲེང་བ་བརྒྱ་རྩ་འདི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང༔ སྙིང་པོ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ངག་དང་རླུང་གི་སྒྲིབ་པ་དག༔ གསུང་གསང་བའི་དབང་ཐོབ༔ ངག་སྔགས་བཟླ་བ་ལ་དབང་འབྱོར་བ་ཡིན་ནོ༔ དེ་ནས་ཤེར་དབང་བསྐུར་བ་ལ༔ དང་པོ་རིག་མ་གཏད་ལ༔ ཧཱུྃ༔ ལོངས་སྐུ་མཁའ་སྤྱོད་དབང་མོ་དངོས༔ ཟག་མེད་བདེ་སྟོང་སྦྱོར་བའི་ཡུམ༔ སྐལ་ལྡན་ཁྱོད་ལ་གཏད་ཅིང་སྦྱིན༔ ཤེས་རབ་ཡེ་ཤེས་ཆེན་པོ་ཡིས༔ འཁོར་འདས་སྟོང་ཆེན་ཡུམ་གྱི་མཁར༔ བདེ་ཆེན་སྦྱོར་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིལ་བུ་ཐོགས་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་པའི་བཅུད་འདུས་པ༔ མྱོང་གྲོལ་རིལ་བུ་འདི་གཏད་པས༔ འགྲོ་དོན་རྒྱ་ཆེར་འབྱུང་བར་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕྱག་མཚན་ལྔ་གཏད་ལ༔ ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རྒྱལ་ཀུན་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡིད་དང་ཐིག་ལེའི་སྒྲིབ་པ་དག༔ ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་བ་ཡིན་ནོ༔ དེ་ནས་ཚིག་དབང་བསྐུར་བ་ལ༔ མེ་ལོང་དང་ཤེལ་རྡོ་གཏད་ལ༔ ཧཱུྃ༔ མེ་ལོང་ཆོས་ཉིད་གཏིང་གསལ་ཏེ༔ འཇའ་ཤེལ་ཡེ་ཤེས་ལྔ་ཡི་རྟགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཚིག་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་འོད་ལྔའི་ཐིག་ལེ་གཏད་ལ༔ ཧཱུྃ༔ ཉག་གཅིག་ཐིག་ལེ་འདི་གཏད་པས༔ སྣང་བ་བཞི་ཡི་ཉམས་རྟོགས་པ༔ མཐར་ཕྱིན་གཞོན་ནུ་བུམ་པའི་སྐུར༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཨ་ཨ་ཨ༔ ཕཊ༔ དེས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སངས་ཀྱིས་དག༔ ཚིག་དབང་རིན་པོ་ཆེ་ཐོབ༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ལ་དབང་བསྒྱུར་བར་ནུས་པ་ཡིན་ནོ༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ ཆོས་ཉིད་བརྡལ་ཁྱབ་གཏོར་གཞོང་དུ༔ ལྷུན་གྲུབ་རོལ་པའི་གཏོར་མ་བཤམས༔ རིག་རྩལ་སྣ་ཚོགས་གཏོར་རྒྱན་སྤྲས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ལ༔ དབང་བསྒྱུར་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་མཐར༔ བ་ལིཾ་ཏ་མཎྜ་ལ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བཀྲ་ཤིས་རྟགས་བརྒྱད་འདི་གཏད་པས༔ མཚན་དཔེས་བརྒྱན་པའི་སྐུ་ཐོབ་ནས༔ འགྲོ་དོན་ཕྱོགས་མེད་འབྱུང་གྱུར་ཅིག༔ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀྲ་ཤིས་རྫས་བརྒྱད་གཏད་ལ༔ ཧཱུྃ༔ བཀྲ་ཤིས་རྫས་བརྒྱད་འདི་གཏད་པས༔ ཡོན་ཏན་ཕུན་སུམ་ཚོགས་པ་ཡིས༔ འགྲོ་ཁམས་དབང་དུ་བྱེད་པ་དང༔ བསྟན་པ་མཐའ་རྒྱས་དབང་ཐོབ་ཤོག༔ ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྣ་བདུན་གཏད་ལ༔ ཧཱུྃ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སྲིད༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ གང་ལ་གང་འདུལ་ཐབས་དུ་མས༔ འགྲོ་རྣམས་སངས་རྒྱས་སར་འགོད་ཤོག༔ མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དམ་ཚིག་གི་རྣམ་གྲངས་ཁས་བླང་བ་དང་༔ བཀའ་དྲིན་གཏང་རག་གི་མཎྜལ་འབུལ་བ་དང་༔ ལུས་ལོངས་སྤྱོད་འབུལ་བ་དང་༔ ཤིས་བརྗོད་དང་དགེ་བ་བསྔོ་བ་རྣམས་སྤྱི་དང་མཐུན་པར་བྱའོ༔ དེ་ལྟར་དབང་བསྐུར་ཐོབ་ནས་སླར༔ བསྐྱེད་རིམ་གནད་དང་ལྡན་པ་ཡིས༔ ལོ་གསུམ་སྒྲུབ་པ་བྱས་གྱུར་ན༔ རིག་པ་ཡེ་ཤེས་མངོན་དུ་གྱུར༔ སྣང་བ་ཞིང་ཁམས་རྣམ་དག་ཏུ༔ འཕོས་ཏེ་ནམ་ཞིག་འཆི་བའི་ཚེ༔ ཐུགས་རྗེ་ཆེན་པོའི་ཞལ་མཐོང་ཞིང་༔ སྣང་བ་ཐམས་ཅད་པོ་ཊ་ལའི༔ ཞིང་ཁམས་རྣམ་དག་ཉིད་དུ་འཕོ༔ མ་འོངས་བདེ་ཆེན་ཞིང་ཁམས་སུ༔ མངོན་སངས་རྒྱས་འགྱུར་ཐེ་ཚོམ་མེད༔ ནོར་བདག་ཨ་པར་དཀར་པོས་སྲུངས༔ སྒྲུབ་པ་པོ་ཡི་མཐུན་རྐྱེན་སྒྲུབས༔ ལོངས་སྤྱོད་གཏེར་གྱི་དངོས་གྲུབ་སྩོལ༔ བསྟན་པའི་དགྲ་བོའི་སྲོག་ལ་ཡ༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་དང་༔ མཛད་ཕྲིན་ནམ་མཁའ་མཉམ་པར་སྤེལ༔ སྣོད་མིན་རྣམས་ལ་གསང་རྒྱས་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་གཉིས་བར་དུ་བཀའ་རྒྱ་བྱས་ཏེ་མཐར་རྟེན་འབྲེལ་དུས་ལ་བབས་ཚེ་ཆོས་ཀྱི་བདག་པོ་དགེ་ལེགས་དཔལ་བཟང་པོས་ནན་དུ་བསྐུལ་ངོར་གསེར་སྟོད་བླ་མ་རོང་དུ་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 13:26, 6 August 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 3, Text 1, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Verso: bdud 'joms thugs chen | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | ||
| Cycle | འཕགས་མཆོག་ཐུགས་རྗེ་ཆེན་པོ་ ('phags mchog thugs rje chen po) | |
| Parent Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Deity | thugs rje chen po | |