TTDL-ZABTER-12-NA-063: Difference between revisions

From Dudjom Wiki
TTDL-ZABTER-12-NA-063
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|versonotes=bdud 'joms
|volnumtib=༡༢
|volyigtib=
|volumenumber=12
|volumenumber=12
|volumeLetter=NA
|volumeLetter=NA

Revision as of 08:05, 19 August 2024

Wylie title TTDL-ZABTER-12-NA-063.pdf
Location bdud 'joms gling pa zab gter
Volume 12, Text 63, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
༠༠༠༠༠བརྡ་ཡིག༣༧༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རང་སྣང་དབང་བསྒྱུར་བའི་ལྷ་མཆོག་འཇིག་རྟེན་དབང་ཕྱུག་མངོན་དུ་བྱེད་པའི་གདམས་པ་རང་བྱུང་སངས་རྒྱས་བཞུགས་སོ༔ ༠༠༠༠༠བརྡ་ཡིག༣༧༦ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༣༧༦སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ རང་སྣང་ཉིད་ལ་དབང་བསྒྱུར་ཕྱིར༔ རང་སྣང་ཡེ་ཤེས་ལྷ་འཕོ་བ༔ གདམས་པ་འདི་ནི་བླ་ན་མེད༔ རང་རིག་རང་ལ་དབང་བསྒྱུར་ན༔ ལྷུན་གྲུབ་སྣང་བ་མངོན་བྱེད་ལས༔ ལྷར་སྣང་གཞན་ལ་གྲུབ་པ་མེད༔ ཐོ་དང་ཐོ་ཅོའི་སྤྱོད་པ་ཡི༔ གཞན་གོལ་ཞིང་དང་ལྷ་སྐུའི་ཚོགས༔ ལྟ་བ་མ་རྟོགས་ཡིད་འཕྲུལ་གྱི༔ བསྐྱེད་པ་གཞན་དང་འདི་མི་འདྲ༔ ལྟ་བ་སྟོང་ཉིད་རྟོགས་པ་ཡི༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ སྣ་ཚོགས་སྣང་བ་ལྷའི་ཞིང་ཁམས༔ སྤྲུལ་བསྒྱུར་སྐད་ཅིག་ཏིང་འཛིན་འཕྲུལ༔ ལྷ་དང་དཀྱིལ་འཁོར་ཞིང་བཀོད་པ༔ མངོན་བྱེད་འདི་ནི་ཏིང་འཛིན་ལ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ ན་མོ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སྤྱན་རས་གཟིགས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་རྣམ་གྲོལ་སར་འགོད་པའི༔ ནུས་པ་རྫོགས་ཕྱིར་སེམས་བསྐྱེད་དོ༔ དེ་ནས་བགེས་བསྐྲད་མཚམས་གཅོད་ལ༔ ཧཱུྃ༔ ང་ནི་དབང་ཆེན་ཁྲོས་པའི་སྐུ༔ ལོག་འདྲེན་བགེགས་ཚོགས་དབྱིངས་སུ་བསྐྲད༔ ཕྱོགས་མཚམས་སྟེང་འོག་བར་མེད་དུ༔ ཡེ་ཤེས་འཁོར་ལོ་ལྷུན་གྱིས་གྲུབ༔ སརྦ་བིགྷྣཱན་ཨུ་ཙ་ཏ་ཡ་ཕཊ༔ ཛྙཱ་ན་བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་བྱིན་དབབ་པ་ལ༔ ཧཱུྃ༔ བདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུའི༔ སྐུ་དང་ཡེ་ཤེས་བྱིན་ཆེན་ཕོབ༔ སརྦ་པྲཛྙཱ་ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཱཿདེ་ནས་མཆོད་རྫས་བྱིན་བརླབ་ལ༔ ཨོཾ་ཨཱཿཧཱུྃ༔ རང་བྱུང་ཡེ་ཤེས་རོལ་པའི་རྩལ༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ༔ མ་ཧཱ་སརྦ་ག་ན་པྲ་ཏཱིཙྪ་པཱུ་ཛ་ཧོཿདེ་ནས་ཏིང་འཛིན་རྣམ་གསུམ་ལ༔ ཨཱཿསྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས༔ མ་རྟོགས་འཁྲུལ་བ་སྙིང་རེ་རྗེ༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ རང་རིག་ཡི་གེ་ཧྲཱིཿདཀར་པོ༔ དེ་ནས་ལྷ་བསྐྱེད་རིམ་པ་ལ༔ འོད་ཟེར་ཡར་འཕྲོས་རྒྱལ་བ་མཆོད༔ མར་འཕྲོས་འགྲོ་བའི་སྒྲིབ་གཉིས་སྦྱངས༔ ཚུར་འདུས་འོད་ཟེར་རབ་འཕྲོས་པས༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་སུ༔ པདྨ་དང་ནི་ཟླ་གདན་ལ༔ རང་རིག་ཧྲཱིཿདཀར་ཡོངས་གྱུར་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྐུ༔ དཀར་གསལ་གངས་རིར་ཉི་ཤར་མདངས༔ ཞི་འཛུམ་གཞོན་ཚུལ་མཚན་དཔེས་སྤྲས༔ དང་པོའི་ཕྱག་གཉིས་ཐལ་མོ་སྦྱར༔ འོག་གཉིས་ཤེལ་ཕྲེང་པད་དཀར་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན༔ མཁའ་སྤྱོད་དབང་མོ་ཡུམ་དང་སྦྱོར༔ དམར་གསལ་གྲི་གུག་བྷན་ཐོད་བསྣམས༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ གཅེར་བུ་རྒྱན་མེད་ཆགས་པའི་ཉམས༔ འཇའ་ལུས་སྒྱུ་མའི་ཕུང་པོར་གསལ༔ རྒྱ་མཚོ་དང་ནི་གཟའ་སྐར་བཞིན༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་རྫོགས༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ པོ་ཊ་ལ་ནས་ཡེ་ཤེས་པ༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧྲཱིཿབདེ་བ་ཅན་དང་པོ་ཊ་ལ༔ རང་བཞིན་དག་པའི་གནས་མཆོག་ནས༔ འཕགས་པ་འཇིག་རྟེན་དབང་ཕྱུག་མཆོག༔ ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་གསོལ་ཕྱག་འཚལ་ནི༔ ཧྲཱིཿགདན་གསུམ་ཚང་བའི་དཀྱིལ་འཁོར་དང་༔ དུ་མ་རོ་གཅིག་ཉིད་དུ་བཞུགས༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ མངོན་གྱུར་རིག་པས་ཕྱག་འཚལ་ལོ༔ ས་མ་ཡ་སྟྭཾ༔ ན་མོ་ན་མ་ཧོཿདེ་ནས་མཆོད་པ་འབུལ་བ་ལ༔ ཧྲཱིཿགཟུང་དང་འཛིན་པས་བསྡུས་པ་ཡི༔ ཕྱི་ནང་གསང་མཆོད་ནམ་མཁའ་མཛོད༔ མི་ཟད་རྒྱན་གྱི་འཁོར་ལོའི་ཚོགས༔ ཡི་དམ་དཀྱིལ་འཁོར་མཉེས་ཕྱིར་འབུལ༔ མཉམ་པ་ཉིད་དུ་དག་མཉམ་རོལ༔ མ་ཧཱ་ག་ན་པཱུ་ཛ་ཧོཿསྤྲོ་ན་མཆོད་པའི་སྔགས་རྣམས་བརྗོད༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧྲཱིཿམ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་སྤྱན་རས་གཟིགས༔ ཐུགས་རྗེ་ཀུན་ཁྱབ་ནམ་མཁའི་རྒྱལ་པོའི་སྐུ༔ སྐུ་གསུམ་ལྷུན་གྲུབ་དཔལ་ལ་ཕྱག་འཚལ་བསྟོད༔ དེ་ནས་འཛབ་དམིགས་ལ༔ ཧྲཱིཿབདག་ཉིད་ཐུགས་རྗེ་ཆེན་པོ་ཡི༔ ཐུགས་ཀར་པདྨ་འདབ་དྲུག་གི༔ ལྟེ་བར་ཧྲཱིཿཡིག་དཀར་པོ་གསལ༔ འདབ་མ་དྲུག་ལ་ཡིག་འབྲུ་དྲུག༔ འོད་དང་འོད་ཟེར་འབར་བ་ལས༔ སྣོད་བཅུད་དཀྱིལ་འཁོར་གསུམ་ལྡན་གྱིས༔ རོལ་པ་ཆེན་པོར་རྫོགས་སངས་རྒྱས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དེ་ནས་སྒྲུབ་པ་བྱ་བ་ལ༔ འཕགས་པའི་ཐུགས་ལས་འོད་འཕྲོས་པས༔ དག་པའི་ཞིང་ཁམས་རྟེན་བརྟེན་པ༔ མ་ལུས་སྤྱན་དྲངས་རང་ལ་ཐིམ༔ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ པུནྱཻ་ཨ་ཡུ་ཛྙཱ་ན་སིདྡྷི་ཧཱུྃ༔ དེ་ནས་ལས་ལ་སྦྱོར་བ་ལ༔ འཕགས་པའི་ཐུགས་ལས་འོད་འཕྲོས་པས༔ ཁམས་གསུམ་འཁོར་བའི་གཞི་དང་བཅས༔ ཡུལ་མེད་ཟང་ཐལ་ངང་དུ་བཤིགས༔ འཁྲུལ་མི་ཤེས་པའི་དབྱིངས་སུ་བསྒྲལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཕཊ༔ ཚོགས་རྫོགས་སྒྲིབ་པ་སྦྱང་བ་དང༔ བསོད་ནམས་རྒྱ་ཆེར་བསྐྱེད་པའི་ཕྱིར༔ ཚོགས་ཀྱི་འཁོར་ལོའི་རིམ་པ་ལ༔ ཤ་ཆང་བཟའ་གཏུང་ལོངས་སྤྱོད་བཤམས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ གཉིས་འཛིན་བག་ཆགས་དྲི་མ་སྦྱངས༔ འདོད་ཡོན་མི་ཟད་ནམ་མཁའ་མཛོད༔ ཕྱི་ནང་གསང་མཆོད་དཔག་ཏུ་མེད༔ དཔག་ཡས་རྒྱལ་བའི་ཞིང་ཁྱབ་གྱུར༔ དེ་ནས་སྤྱན་དྲངས་པ་ལ༔ ཧྲཱིཿརང་སྣང་འོད་གསལ་སྤྲུལ་པའི་ཞིང་༔ བཀོད་པ་ལྷུན་གྲུབ་གཞལ་ཡས་ནས༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔ སྒྱུ་འཕྲུལ་རོལ་པའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་ཚོགས་ཕུད་འབུལ་བ་དང་༔ བསྐང་དང་བཤགས་པའི་རིམ་པ་ལ༔ ཧྲཱི༔ རོ་བརྒྱ་ནུས་པ་སྟོང་ལྡན་ཟས༔ དཀྱིལ་འཁོར་ལྷ་ལ་འབུལ་གྱིས་བཞེས༔ སྒོ་གསུམ་ཉེས་པའི་སྒྲིབ་ཚོགས་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ མ་ཧཱ་ག་ན་པཱུ་ཛ་ཧོ༔ གཟུང་དང་འཛིན་པས་བསྡུས་པ་ཡི༔ ཕྱི་ནང་གསང་མཆོད་སྣ་ཚོགས་དང་༔ སྒོ་གསུམ་བསགས་པའི་དགེ་བ་དང་༔ ཁོ་ན་ཉིད་ཀྱི་ངང་གྱུར་པའི༔ སྣ་ཚོགས་མཆོད་སྤྲིན་རྒྱ་མཚོ་ཡིས༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ དམ་ཚིག་ཉམས་ཆགས་འགལ་འཁྲུལ་ཀུན༔ ཚེ་རབས་སྡིག་དང་བསྡོམས་ཏེ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ བཛྲ་སཏྭ་ས་མ་ཡ༔ སོགས༔ དེ་ནས་བསྒྲལ་བསྟབ་རིམ་པ་ནི༔ ཧཱུྃ༔ མ་རིག་བདག་རྟོག་རཱུ་དྲ་ཀུན༔ བདག་མེད་ཆོས་ཉིད་ཆེན་པོར་བསྒྲལ༔ ཀ་དག་སྟོང་ཉིད་མཁའ་རུ་བསྟབས༔ འཁྲུལ་མི་ཤེས་པའི་དབྱིངས་ཐོབ་ཤོག༔ ཧ་ལ་པཉྩ་རཱུ་དྲ་ཁཱ་ཧི༔ ཚོགས་ཀྱི་དངོས་གྲུབ་ལ་རོལ་ནི༔ གཙང་རྨེ་གཉིས་འཛིན་བྲལ་བ་ཡི༔ ཟག་མེད་བདེ་ཆེན་བཅུད་ལ་རོལ༔ ཨ་ལ་ལ་སྟེ་བདེ་བ་ཆེ༔ ཛྙཱ་ན་པཉྩ་སིདྡྷི་ཧོ༔ དེ་ནས་ལྷག་མ་བཏང་བ་ལ༔ ཧོཿསྔོན་ཚེ་སྤྱི་དཔལ་ཧེ་རུ་ཀའི༔ སྤྱན་སྔར་ཁས་བླངས་ལྷག་སྐྱོང་ཚོགས༔ ཆད་དོན་ལྷག་མ་འདི་ལོངས་ལ༔ རྣམ་བཞིའི་ཕྲིན་ལས་ཡོངས་གྲུབ་མཛོད༔ ས་མ་ཡ་ཨུཙྪིཥྚ་ཁ་དེ་ཁཱ་ཧི༔ དེ་ནས་བསྐུལ་བ་བྱ་བ་ལ༔ ཧོཿདབྱིངས་བཞུགས་ཡེ་ཤེས་དབྱིངས་ནས་བཞེངས༔ མ་དག་འཁྲུལ་པའི་ཆོས་སོ་ཅོག༔ དག་དབྱིངས་དྭངས་མ་ཆེན་པོར་སྒྲོལ༔ དུས་གསུམ་ཐོག་མཐའ་བྲལ་བ་ཡི༔ དགའ་བདེའི་ལོངས་སྤྱོད་དཔལ་ཏུ་སྩོལ༔ དེ་ནས་ཆད་མདོ་བརྟན་སྐྱོང་ལ༔ ཧོཿརྒྱལ་དང་རྒྱལ་སྲས་བཅས་རྣམས་ཀྱི༔ རང་རྩལ་ཚོགས་བརྒྱད་སྒྱུ་འཕྲུལ་གྱི༔ ལྷ་དང་སྲུང་མ་ཕོ་མོའི་ཚོགས༔ གཏོར་མ་ལོངས་ལ་བསྟན་པ་སྲུངས༔ ན་དེ་དྷ་ར་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ལ༔ ཧཱུྃ༔ གཟུང་འཛིན་སྟོང་ཉིད་ཆེན་པོར་བྲུབ༔ ཞེན་མེད་ལམ་གྱི་བྲོ་ར་འཁྲབ༔ མཉམ་ཉིད་བདེ་བ་ཆེན་པོའི་ངང་༔ རྟོག་མེད་ཡེ་ཤེས་མངོན་དུ་བྱ༔ སྟྭཾ་བྷ་ཡ་ནན༔ དེ་ནས་རྗེས་ཀྱི་རིམ་པ་ལ༔ དང་པོ་དངོས་གྲུབ་ལེན་པ་ནི༔ ཧཱུྃ༔ དབྱིངས་དང་ཡེ་ཤེས་གཉིས་མེད་པས༔ འཕགས་མཆོག་ཀུན་ཁྱབ་ཐུགས་རྗེའི་གཏེར༔ མི་གནས་ཡེ་ཤེས་གསང་བ་མཆོག༔ དངོས་གྲུབ་མ་ལུས་དེང་འདིར་སྩོལ༔ སརྦ་སིདྡྷི་ཕ་ལ་ཧོ༔ དེ་ནས་བཤགས་པ་བྱ་བ་ལ༔ གཉེན་པོ་སྟོབས་བཞིའི་གནད་ལྡན་པས༔ ཧོ༔ མ་རིག་གཉིས་འཛིན་འཁྲུལ་པ་ཡི༔ ཁམས་གསུམ་འཁོར་བའི་རྒྱུར་གྱུར་པའི༔ དུས་གསུམ་བསགས་པའི་སྡིག་ལྟུང་ཀུན༔ བཤགས་སོ་དག་ཅིང་ཚངས་པར་སྩོལ༔ ཅེས་དང་ཡིག་བརྒྱ་ཅི་མང་བརྗོད༔ རྟེན་འབྲེལ་སྙིང་པོས་མཐའ་ཡང་བརྟན༔ དེ་ནས་བསྔོ་བ་སྨོན་ལམ་ལ༔ ཧོཿའདི་དང་དུས་གསུམ་དགེ་ཚོགས་ཀུན༔ ཟག་མེད་ཆོས་ཀྱི་དབྱིངས་སུ་བསྔོ༔ མེད་དང་མ་གྲུབ་ཁམས་གསུམ་འཁོར༔ མཉམ་ཉིད་དབྱིངས་སུ་འཚང་རྒྱ་ཤོག༔ དེ་ནས་བསྡུ་བའི་རིམ་པ་ལ༔ ཧོཿཁྱབ་བརྡལ་ནམ་མཁའི་འཁོར་ཡུག་ཀུན༔ ཀུན་ཏུ་བཟང་པོ་ཡེ་སངས་རྒྱས༔ ཨ་ཨཱཿདེ་ནས་བཀྲ་ཤིས་བརྗོད་པ་ལ༔ ཧོཿམ་དག་འཁོར་བའི་སྣང་ཉམས་ཀུན༔ དག་མཉམ་རོལ་པའི་བཀྲ་ཤིས་ཤོག༔ གཟུང་འཛིན་དབྱིངས་སུ་ཞིག་པ་ཡིས༔ སྤྲོས་བྲལ་ཆོས་སྐུའི་བཀྲ་ཤིས་ཤོག༔ འཁོར་འདས་ཀ་དག་ཀུན་བཟང་ཀློང་༔ མངོན་གྱུར་གདིང་ཐོབ་བཀྲ་ཤིས་ཤོག༔ འདི་ལྟར་བསྐྱེད་དང་རྫོགས་པའི་གནད༔ ཇི་བཞིན་ཁོང་ཆུད་རྣལ་འབྱོར་གྱིས༔ སློབ་པའི་ལམ་རྣམས་གཅིག་ཆར་རྫོགས༔ མི་སློབ་ལམ་གྱི་འབྲས་བུ་རུ༔ གྲོལ་འགྱུར་རྡོ་རྗེ་ཐེག་པ་ཡིས༔ ཁྱད་ཆོས་འདི་ནི་བླ་ན་མེད༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ སྒྲུབ་པ་ལྷུར་ལེན་སྐྱེས་བུ་ཡིས༔ འདོད་དོན་སྒྲུབ་ལ་འགལ་རྐྱེན་བཟློག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་སྔོན་སྨོན་ལམ་གྱིས་འབྲེལ་བའི་སྐྱེས་བུ་སྡོང་གི་བནྡེ་བདེ་ལེགས་ཞེས་བྱ་བས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་བརྩེའི་མྱུ་གུས་བགྱིས་པ་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག།དགེའོ།།ལེགས་སོ།།