TTDL-ZABTER-13-PA-014: Difference between revisions

From Dudjom Wiki
TTDL-ZABTER-13-PA-014
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|versonotes=bdud 'joms
|volnumtib=༡༣
|volyigtib=
|volumenumber=13
|volumenumber=13
|volumeLetter=PA
|volumeLetter=PA

Revision as of 10:31, 23 August 2024

Wylie title TTDL-ZABTER-13-PA-014.pdf
Location bdud 'joms gling pa zab gter
Volume 13, Text 14, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་བསྐུལ་བ་རྡོ་རྗེའི་ཐོག་མདའ་བཞུགས༔ ན་མོ་གུ་རུ་ཝེ༔ ༠༠༠༠བརྡ་ཡིག༤༡ཤ་ཁྲག་གཏོར་མ་བཤམས་བྱས་ནས༔ འགུགས་གཞུག་བྱ་ཞིང་འདོད་རྒུར་སྤེལ༔ ཡི་དམ་ལྷ་ཡི་ང་རྒྱལ་གྱིས༔ ཛཿབཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ དབྱིངས་ཀྱི་རྗེ་མོ་སྐུ་བཞེངས་ཤིག༔ བླ་རྐུན་ཆེན་མོ་སྐུ་བཞེངས་ཤིག༔ སྙིང་འབྱིན་ཆེན་མོ༴སྲོག་གཅོད་ཆེན་མོ༴དབུགས་ལེན་ཆེན་མོ༴ཤ་ཟ་ཆེན་མོ༴ཁྲག་འཐུང་ཆེན་མོ༴རུས་འཆའ་ཆེན་མོ༴རྐང་ལྡག་ཆེན་མོ༴ཐན་ལྟས་བདག་མོ༴བཀའ་སྲུང་རྒྱལ་མོ༴ཆོས་སྐྱོང་གཙོ་མོ༴ནད་བདག་ཆེན་མོ༴དལ་ཡམས་བདག་མོ༴འཇིགས་བྱེད་ཆེན་མོ༴ལྷ་མོ་ཆེན་མོ༴ལྷ་དམག་དང་བཅས་ལས་ལ་ཆོས༔ གཤིས་རྗེའི་གཙོ་མོ༴གཤིན་རྗེའི་དམག་ཚོགས་ལས་ལ་ཆོས༔ བདུད་རྒྱལ་མ་མོ་སྐུ༴བདུད་དམག་དང་བཅས་ལས་ལ་ཆོས༔ ཀླུ་ཡི་རྒྱལ་མོ་སྐུ༴ཀླུ་གཉན་དམག་ཚོགས་ལས་ལ་ཆོས༔ གཟའ་ཡི་རྒྱལ་མོ་སྐུ༴གཟའ་དམག་དང་བཅས་ལས་ལ་ཆོས༔ བཙན་གྱི་རྒྱལ་མོ་སྐུ༴བཙན་དམག་དང་བཅས་ལས་ལ་ཆོས༔ མ་བདུད་རྒྱལ་མོ་སྐུ༴མ་མོའི་དམག་ཚོགས་ལས་ལ་ཆོས༔ གནོད་སྦྱིན་གཙོ་མོ་སྐུ༴གནོད་སྦྱིན་དམག་ཚོགས་ལས་ལ་ཆོས༔ རྒྱལ་འགོང་གཙོ་མོ་སྐུ༴རྒྱལ་པོའི་དཔུང་བཅས་ལས་ལ་ཆོས༔ ལྷ་འདྲེའི་གཙོ་མོ་སྐུ༴སྣང་སྲིད་ལྷ་འདྲེ་ལས་ལ་ཆོས༔ བསྐུལ་ལོ་དམ་ཚིག་གཉན་གྱིས་བསྐུལ༔ དོན་དམ་ཆོས་ཉིད་བདེན་པས་བསྐུལ༔ ཀུན་རྫོབ་རྟེན་འབྲེལ་མཐུ་ཡིས་བསྐུལ༔ རྦད་དོ་དཀོན་མཆོག་བདེན་པས་རྦད༔ དོ་ནུབ་སྡང་བའི་དགྲ་ལ་རྦད༔ དོ་ནུབ་མ་ཆེན་ལས་ལ་བསྐུལ༔ སྡང་བའི་དགྲ་བོ་དམ་ཉམས་འདིས༔ སངས་རྒྱས་བསྟན་པ་གཉན་པོ་བཤིགས༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ མཚན་ལྡན་བླ་མའི་སྐུ་ལ་བསྡོས༔ དམ་ཚིག་གཉན་པོའི་ཆོས་ཁྲིམས་བཤིགས༔ དགེ་འདུན་སྔགས་པའི་ནོར་ཕྱུགས་འཕྲོག༔ བསྟན་འཛིན་སྐྱེས་བུའི་སྲོག་ལ་རྒོལ༔ མཐུ་དང་ནུས་པ་ཁྱད་དུ་བསད༔ བཀའ་སྲུང་གཉན་ལ་ཕོད་དུ་བཙུགས༔ ཆོས་དང་གང་ཟག་བརྙས་ཤིང་བསྣུབས༔ དེ་འདྲའི་དགྲ་བོའི་ལས་ངན་འདི༔ ལོ་ཟླར་བཞག་ན་བསྟན་པ་འཇིག༔ དོ་ནུབ་ཉིད་དུ་སོད་ལ་ཤོག༔ མ་འགྱང་སྲོག་གཅོད་ལས་ལ་རྒྱུག༔ ནམ་མཁར་སེར་སྤྲིན་སྔོ་དམར་བསྡུས༔ བར་སྣང་གློག་འཁྱུག་འབྲུག་སྒྲ་སྒྲོགས༔ ས་གཞིར་ཐོག་གི་ཆར་པ་ཕོབ༔ དགྲ་བོའི་བླ་ཚེ་སྲོག་དབུགས་བཅས༔ མེ་སྟག་ཆུ་ཡིས་བསད་བཞིན་ཐོངས༔ ལྟས་ངན་ཐན་གྱི་ཡོ་ལངས་དང་༔ ཆོ་འཕྲུལ་རྣམ་པ་སྣ་ཚོགས་སྟོན༔ དགྲ་མིན་གཞན་དུ་འབྱམས་མ་བྱེད༔ མཐུ་སྟོབས་ནུས་པ་རྩལ་མ་རྡུག༔ སྔགས་མཁན་བདག་ལ་སླར་མ་ལྡོག༔ སྡང་བའི་དགྲ་བོ་ཆེ་གེ་ཡི༔ མི་ཕྱུགས་ལོངས་སྤྱོད་འཁོར་དང་བཅས༔ རྩྭ་ཕུང་སྐམ་ལ་མེ་མཆེད་བཞིན༔ རྗེས་ཤུལ་མེད་པར་བརླག་པར་མཛོད༔ བླ་འཁྱམས་ལས་ཀྱི་ལིང་གར་ཕོབ༔ བསད་རྟགས་དོན་སྣོད་དངོས་སུ་སྟོན༔ སྙིང་ཁྲག་དམར་པོ་ཧུབ་ཀྱིས་འཐུང་༔ ཤ་ཁྲག་རུས་པ་སྲོག་དབུགས་དཀོར༔ གཏོར་མ་འདི་དང་མཉམ་དུ་བཞེས༔ སྡང་བའི་དགྲ་བོ་སྡིག་ཅན་འདིའི༔ མི་ནོར་ལོངས་སྤྱོད་འཁོར་དང་བཅས༔ མ་ཟད་བར་དུ་ཡིད་མ་མགུ༔ མ་སྟོངས་བར་དུ་ཚིམ་མ་བྱེད༔ ནུས་མཐུ་དྲག་ཁྲོས་ཕྱིར་མ་ལྡོག༔ སྡུག་ཡུས་ཕྱི་མིག་མ་ལྟ་བར༔ ང་ཡི་བསམ་པ་མྱུར་དུ་སྒྲུབས༔ དྲག་པོའི་མངོན་སྤྱོད་ཕྲིན་ལས་འདི༔ དོ་ནུབ་ཉིད་དུ་འགྲུབ་པར་མཛོད༔ དཀོན་མཆོག་བདེན་པ་དཔང་དུ་བཙུག༔ བཀའ་དམ་གཉན་པོ་གཏའ་རུ་བཞག༔ དམོད་དང་བསྐུལ་བའི་ཚིག་དེ་དག༔ མ་ལུས་མ་འགྱང་དོ་ནུབ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་ས་མ་ཡ་ཆཽ་རྒྱུག་རྒྱུག༔ བྷྱཽ་ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ༔ དགྲ་བོའི་སྲོག་ལ་རྦད་རྦད་བྷྱོ༔ དགྲ་བོའི་བླ་ལ་རྦད་རྦད་བྷྱོ༔ དགྲ་བོའི་ཚེ་ལ་རྦད་རྦད་བྷྱོ༔ མཱ་ར་ཡ་རྦད་རྦད་སོད་སོད༔ སྔགས་སྲུང་མ་མོའི་སྒྲུབ་པ་འདི༔ སྐལ་པ་བཟང་པོའི་སྐྱེས་བུ་ལ༔ མི་སྲུན་དགྲ་ཡིས་རྒོལ་བྱུང་ན༔ རྦད་བསྐུལ་འདི་ལ་ནན་ཆེར་འབད༔ དོ་གལ་ཆེན་པོ་མ་བྱུང་ན༔ འདི་ནི་ཤིན་ཏུ་གཉན་པས་བཤོལ༔ གང་ལ་བྱས་ཀྱང་ཐོག་དང་འདྲ༔ ཚངས་པའི་ཚེ་དང་ལྡན་ཡང་འཇིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་རང་སློབ་དམ་པ་བློ་གྲོས་དབང་པོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།།།