TTDL-ZABTER-16-MA-017: Difference between revisions

From Dudjom Wiki
TTDL-ZABTER-16-MA-017
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 16: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|cycle=dag snang ye shes drwa ba
|cycletib=དག་སྣང་ཡེ་ཤེས་དྲྭ་བ་
|versonotes=bdud 'joms zab gter
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=༡༦
|volyigtib=མ
|volumenumber=16
|volumenumber=16
|volumeLetter=MA
|volumeLetter=MA

Revision as of 09:48, 9 August 2024

Wylie title TTDL-ZABTER-16-MA-017.pdf
Location bdud 'joms gling pa zab gter
Volume 16, Text 17, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 16: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
༠༠༠༠༠༠བརྡ་ཡིག༥༩དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྨོན་ལམ་རྣམ་དག་ཆོས་ཉིད་ལམ་བཟང་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༥༩དུས་རྣམ་ཀུན་ཏུ་སྨོན་ལམ་ནི༔ བརྩོན་པས་བར་ཆད་གེགས་ལས་གྲོལ༔ ན་མོ༔ དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་རྩ་གསུམ་སྐུ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ད་ལྟ་ཉིད་དུ་བདག་གི་རྒྱུད་ལ་འཕོ་བར་ཤོག་ཅིག༔ ཡོངས་སུ་རྫོགས་པར་ཤོག་ཅིག༔ བསྐྱེད་པ་མ་ཧཱ་ཡོ་གའི་སྒོ་རུ་ཞུགས་པ་ཙམ་གྱིས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་དག་ཅིང་སྨིན་ནས་གྲོལ་བར་ཤོག་ཅིག༔ ལུང་ཨ་ནུ་ཡོ་གའི་སྒོ་རུ་ཞུགས་པ་ཙམ་གྱིས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་དུ་གྲོལ་བར་ཤོག་ཅིག༔ གཞི་ཁྲེགས་ཆོད་ཀྱི་གདམས་པ་ཉམས་སུ་བླངས་པ་ཙམ་གྱིས་བདག་མེད་རྣམ་པ་གཉིས་ཀྱི་དོན་རྟོགས་ནས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བར་ཤོག་ཅིག༔ ཟབ་གསང་རྫོགས་པ་ཆེན་པོའི་ལྟ་སྒོམ་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག༔ རྟོགས་པར་ཤོག་ཅིག༔ གོལ་ས་དང་ནོར་ས་ཤོར་ས་ལ་སོགས་པའི་བར་ཆད་དང་རྐྱེན་ངན་ཐམས་ཅད་ཀྱི་དབང་དུ་སྐད་ཅིག་ཙམ་ཡང་མི་འགྱུར་བར༴རིག་པ་ལ་རང་དབང་ཐོབ་སྟེ་རྟོགས་པ་ནམ་མཁའ་དང་མཉམ་པར༴འོད་གསལ་ཐོད་རྒལ་ཆེན་པོའི་གསང་ལམ་ཟབ་མོའི་སྒོ་རུ་ཞུགས་པ་ཙམ་གྱིས་ཆོས་ཉིད་མངོན་སུམ་གྱི་ཉམས་རྟོགས་ཕྱིན་ཅི་མ་ལོག་པར་རྒྱུད་ལ་སྐྱེ་བར༴རྟོགས་ནས་མཐར་ཕྱིན་པར༴ས་ལམ་གྱི་ཡོན་ཏན་ནར་སོན་ཏེ་ཉམས་སྣང་གོང་འཕེལ་གྱི་ལམ་རྟགས་དང་ཡོན་ཏན་ཚང་ལ་མ་ནོར་བ་ཅི་བཞིན་དུ་བདག་གི་རྒྱུད་ལ་སྐྱེ་ཞིང་འབྱུང་བར༴སླར་ཡང་སྣང་རིག་བཅུད་དུ་སྨིན་ནས་རིག་པ་ཚད་ཕེབས་ཀྱི་སྣང་བའི་ཉམས་རྟགས་ཡོན་ཏན་ཐམས་ཅད་བདག་གི་རྒྱུད་ལ་འཁྲུངས་ཤིང་སྐྱེ་བར༴དེ་དུས་ཉམས་དང་རྟོགས་པ་ཕྱིན་ཅི་མ་ལོག་པ་རྒྱུད་ལུང་མན་ངག་ཐམས་ཅད་དང་མཐུན་པ་ཞིག་འབྱུང་བར༴སྐྱེ་བར༴རྟོགས་པར༴ལམ་གྱི་ཡོན་ཏན་ཡོངས་སུ་ཚང་བ་སྤྱན་དང་མངོན་ཤེས་རྫུ་འཕྲུལ་རླབས་པོ་ཆེ་ཐམས་ཅད་འབྱུང་བར༴ཐོབ་པར༴འགྲུབ་པར༴ཕྱི་ནང་གསང་བའི་བར་ཆད་དང་རྐྱེན་ངན་གྱི་དབང་དུ་མི་འགྱུར་བར༴བདག་མཐོང་བ་དང་ཐོས་པ་དང་དབང་ལུང་མན་ངག་གི་འབྲེལ་བ་དང་གཏམ་དང་ཚིག་གི་འབྲེལ་བ་ཡན་ཆད་ཀྱི་སྐྱེ་འགྲོ་ཕོ་མོ་ཐམས་ཅད་རྣམ་པར་གྲོལ་བའི་སྟོབས་དབང་ཡོན་ཏན་ཐམས་ཅད་དང་ལྡན་པར༴ཉམས་རྟོགས་ཡོན་ཏན་ཐམས་ཅད་མཐའ་རུ་ཕྱིན་ནས་འོད་ཟེར་གྱི་སྣང་བ་ཆེན་པོའི་དབང་ནོད་དེ་མཐར་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཟད་ནས་གྲོལ་བར༴སླར་ཡང་ཤེས་སྒྲིབ་ཕྲ་མོ་དབྱིངས་སུ་དག་ནས་ཡེ་ཤེས་ཀྱི་མཐོང་ཕྱེས་ཏེ༔ སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་ནས་གཞོན་ནུ་བུམ་པའི་སྐུ་རུ་གྲོལ་བར་ཤོག༴འཇའ་ལུས་འཕོ་བ་ཆེན་པོའི་སྐུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར༴ཆོས་ཉིད་ཀྱི་ཤུགས་དང་རླབས་ཆེན་པོས་ཁམས་གསུམ་གྱི་འཁོར་བ་དོང་ནས་སྤྲུགས་པར་ཤོག་ཅིག༔ དེ་མཐར་སྨོན་ལམ་འགྲུབ་པའི་སྔགས་དང་བདེན་ཚིག་ཅི་མང་བརྗོད་པ་གནད་དུ་གཅེས་སོ༔ ཡང་དག་ལམ་དུ་ཞུགས་པ་ཡི༔ རྣལ་འབྱོར་ཕོ་མོ་ཐམས་ཅད་ཀུན༔ རྟག་ཏུ་འདིར་བརྩོན་རྣམ་མཁྱེན་གྱི༔ ལམ་དུ་གྲོལ་བར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཅེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་མ་བདེ་ཆེན་མཚོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།