TTDL-ZABTER-01-KA-058: Difference between revisions

From Dudjom Wiki
TTDL-ZABTER-01-KA-058
No edit summary

Revision as of 10:30, 2 August 2024

Wylie title TTDL-ZABTER-01-KA-057.pdf
Location bdud 'joms gling pa zab gter
Volume 1, Text 57, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཀྱི་སྒོ་ནས་དམག་བཟློག་ཕ་རོལ་དཔུང་འཇོམས་རྡོ་རྗེའི་མཚོན་ཆ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༥༦༡༔ བདག་ཉིད་ཆེན་པོ་པད་འབྱུང་ངས༔ འགྲོ་བ་གདུལ་བྱ་རྗེས་འཛིན་ཕྱིར༔ ཟབ་གཏེར་བསམ་མི་ཁྱབ་པར་སྦས༔ ཕ་རོལ་བདུད་ཀྱིས་རྒོལ་ངན་རྣམས༔ ཕྱིར་བཟློག་མན་ངག་ཟབ་མོ་བསྟན༔ བསྐུལ་བྱང་གནད་ཀྱི་མན་ངག་ནི༔ ཧཱུྃ་བྷྱོ༔ གིང་བཞི་བཟློག་བྱེད་ཁྲོ་བོའི་རྒྱལ༔ ཤིན་ཏུ་མ་རུངས་འཇིགས་པའི་གཟུགས༔ རྡོ་རྗེ་རལ་གཅིག་ལེགས་ལྡན་ནག༔ ཞིང་སྐྱོང་ཤན་དམར་གནོད་སྦྱིན་རྒྱལ༔ པད་འབྱུང་སྤྱན་སྔར་ཁས་བླངས་པའི༔ བཀའ་སྡོད་དྲེགས་པའི་ཚོགས་དང་བཅས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་མངོན་སྤྱོད་ལས་ལ་བཞེངས༔ མཛོད་ཅིག་བསྟན་པའི་དགྲ་བོ་སྒྲོལ༔ དུས་མཐའ་འགོང་ནག་བསྟན་པའི་དགྲ༔ མཐའ་བཞི་དམག་གི་མཚོན་རྩེ་ལྡང་༔ སྡེ་དཔོན་རྒྱབ་བརྟེན་སྡོང་ཟླ་བཅས༔ ཁ་རྗེ་དབང་ཐང་ཚེ་བསོད་ནམས༔ དམར་གཏོར་ཁྲག་སྐྱེམས་འདི་ལ་ཁུག༔ རྔམ་པའི་ང་རོ་བཅས་ཏེ་རོལ༔ རུ་དར་ཆོག་ལ་དབང་པོ་བསྣུབས༔ ལས་མཐའ་ཆུར་བསྒྱུར་བསོད་ནམས་སྣུབས༔ བྱ་བྱེད་རང་སྲོག་གཤེད་དུ་ཕོབ༔ རྒྱལ་བ་སྲས་བཅས་མཐུ་མ་གཡེལ༔ བཀའ་སྡོད་དམ་ཅན་ལས་མ་འགྱང་༔ མྱུར་དུ་ཕྲིན་ལས་ཐོགས་མེད་སྒྲུབས༔ མ་འདའ་བཛྲ་ས་མ་ཡ༔ སྔགས་བཅས་གཏོར་མ་དགྲ་ཕྱོགས་སུ་དོར་རོ༔ ས་མ་ཡ༔ ཟློག་བྱེད་གནད་ཀྱི་མན་ངག་ནི༔ དཀྱིལ་འཁོར་ལྷ་ཚོགས་མཐུ་མ་ཆུང་༔ འགུགས་པའི་ལས་ལ་རྩལ་མ་ཞན༔ རྦད་པའི་ལས་ལ་ལས་མ་རྡུག༔ བཅོལ་བའི་ལས་ལ་ལས་མ་འགྱང་༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ མཐའ་དམག་དུས་འཁྲུགས་གཡུལ་འགྱེད་མཁན༔ སྡེ་དཔོན་འབངས་བཅས་ཐལ་བར་རློག༔ ཀླ་ཀློའི་རྫས་སྦྱོར་རྦོད་གཏོང་བཅས༔ རྩྭ་སྐམ་དག་ལ་མེ་མཆེད་བཞིན༔ མིང་ཙམ་མེད་པར་བཟློག་པར་མཛོད༔ ལས་མཐའ་ཆུར་བསྒྱུར་རླུང་རྟ་སྣུབས༔ བསམ་ངན་སྦྱོར་བ་རང་གཤེད་ཕོབ༔ དུས་ལ་བབ་པོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ས་མ་ཡ༔ འཕང་བའི་གནད་ཀྱི་མན་ངག་ནི༔ དུས་མཐའ་འགོང་ནག་བསྟན་པའི་དགྲ༔ སྡེ་དཔོན་ཕྲ་མ་གཡུལ་འགྱེད་མཁན༔ རྫས་སྦྱར་རྦོད་གཏོང་བཅས་པ་ཀུན༔ ཐལ་བའི་རྡུལ་ཕྲན་བཞིན་དུ་རློག༔ དཀྱིལ་འཁོར་ལྷ་ཚོགས་མཐུ་མ་ཆུང་༔ རྣོ་མཚོན་ཐུན་ཆས་ངར་མ་ཞན༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ དྲག་སྔགས་ཐུན་སྔགས་བརྗོད༔ ས་མ་ཡ༔ བསྙེན་པ་སྔགས་ཀྱི་མན་ངག་ནི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཁྲོ་བོ་ལོད་མ་ཧ་རི་ནི་ས་ཧཱུྃ་ཕཊ༔ སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨེ་ཡ་ན་ཧ་ཏྲིག་མཱ་ར་ནི་བྷྱོ༔ རྦད་བྷྱོ༔ ཡ་མ་ར་ག་ནི་ར་མ་མོ་ཧཱུྃ་ཧཱུྃ༔ ཛ་ལཾ་བྷ་ར་ཧ་བྷྱོ༔ དུས་འཁྲུགས་ནད་མཚོན་འགོང་ནག་ཧ་ལ་མེ་འབར་སརྦ་ཛྭ་ལ་རཾ་རཾ༔ མཱ་ར་ཡ་བྷྱོ་ཛ་ཧཱུྃ་ཕཊ༔ ཅེས་ཁྲི་ཕྲག་གཅིག་བརྗོད་རྫས་ལ་རྣོ་ངར་བསྐྱེད༔ ཐལ་རྡེབས་གནམ་ས་ཁ་སྦྱོར་དམིགས་མཐའ་འབུངས༔ ས་མ་ཡ༔ མནན་པའི་གནད་ཀྱི་མན་ངག་ནི༔ ཨོཾ་བཛྲ་གུ་རུ་ཁྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ བཛྲ་སརྦ་དུཥྚན་ཨེ་ཛ་བྷྱོ་ཧཱུྃ་ཕཊ༔ ནག་པོ་དུབ་ཏ་དུས་མཐའི་འགོང་ནག་བསྟན་པའི་རཱུ་ཏྲ་ཊིཀ་ནན་དུ་ར་བྷྱོ༔ ཉེ་ར་བྷྱོ༔ ཧཾ་ཤཾ་ཏྲི་དུ་བྷེ་ཤ་ཧཱུྃ་ཧཱུྃ་ནན༔ ཡ་མ་ཡ་ནན༔ ནི་ར་ལམ་བྷྱོ་ནན༔ ཐང་ཤིང་ཏྲི་ཧུར་ཧོམ་ཛ་ནན༔ ཉག་དུ་ར་དམན་མོ་བྷྱོ་ནན༔ མ་མོ་ནག་མོ་ཧཱུྃ་རྦད་ནན་ཧུར་ཐུམ་སོད༔ ཏྲི་ཤཾ་ཀུ་རུ་མཱ་ར་ཡ་རྦད་ནན་ནན༔ ཨེ་ཧུར་ཐུམ་ཛ་མཱ་ར་ཡ་ཛ་ཛ་ནན༔ བླ་འགུགས་སྔགས་སྦྲེལ་སྟོང་རྩ་བརྗོད༔ ཚེར་ནག་ཕུར་པས་དྲག་ཏུ་གཟིར༔ དེས་ནི་ངན་སྔགས་ལས་མཐའ་ཀུན༔ བཟློག་བསྒྱུར་མན་ངག་གནད་དུ་ཟབ༔ བཀའ་སྲུང་ཞིང་སྐྱོང་རལ་གཅིག་མ༔ གཟའ་དང་དམ་ཅན་སྡེ་ལ་གཏད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་ཆོས་ཀྱི་བདག་པོ་པདྨ་འདུས་པ་རྩལ་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་པས་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།