TTDL-ZABTER-18-TSHA-106: Difference between revisions

From Dudjom Wiki
TTDL-ZABTER-18-TSHA-106
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 18: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|volnumtib=༡༨
|pagestatus=Temporary stub only
|volyigtib=
|tibgenre=Advice - zhal gdams
|rectonotes=zhal gdams
|versonotes=bdud 'joms gsung mgur skor
|volumenumber=18
|volumenumber=18
|volumeLetter=TSHA
|volumeLetter=TSHA

Revision as of 16:04, 6 September 2024

Wylie title TTDL-ZABTER-18-TSHA-106.pdf
Location bdud 'joms gling pa zab gter
Volume 18, Text 106, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
[edit]
ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་རྟག་པར་སྐྱོངས། །ཚེ་འདི་བློས་བཏང་ཕྱི་མ་དོན་གཉེར་ནས། །དལ་འབྱོར་རྙེད་པར་དཀའ་བའི་ཚུལ་དྲན་ཅིང་། །མི་ལུས་དོན་དང་ལྡན་པ་ཞིག་ལ་རེམ། །འདི་སྣང་ཆོས་ཀུན་མདང་གི་རྨི་ལམ་འདྲ། །རྟག་འཛིན་ཞེན་པ་ཆོད་ལ་ལྷ་ཆོས་བསྒྲུབ།དགེ་སྡིག་རྒྱུ་ལ་འབྲས་བུ་བདེ་སྡུག་སྣང་། །མཐའ་གཅིག་དཀར་བའི་སྒོ་གསུམ་དགེ་ལ་སྦྱོར། །འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་འོབས། །ཐར་ལམ་དོན་དུ་གཉེར་བ་ཞིག་ལ་རེམ། །ངེས་མེད་རི་སུལ་འཛིན་པ་གནས་ཀྱི་མཆོག།ཁ་ཟས་མཆོག་གྱུར་བསོད་སྙོམས་དག་ལ་མཛོད། །ཆོག་ཤེས་བརྟེན་ལ་ཆགས་སྡང་ཞེན་པ་སྤོངས། །དེ་དག་ལག་ལེན་བྱ་བ་གཞིར་བཞག་སྟེ། །འདོད་ཡོན་སྣང་བ་སྒྱུ་མའི་དགའ་སྟོན་འདྲ། །ཆགས་ཞེན་སྤོངས་ཤིག་རྣལ་འབྱོར་དབང་ཕྱུག་པ། །སྣ་ཚོགས་སྣང་བ་ནམ་མཁའི་འཇའ་ཚོན་འདྲ། །དངོས་འཛིན་བདེན་ཞེན་སྤོངས་ཤིག་དབང་ཕྱུག་པ། །ཕན་གནོད་བདེ་སྡུག་ལྷར་སྣང་འདྲེར་སྣང་ཀུན། །རྣམ་པར་རྟོག་པའི་ཆོ་འཕྲུལ་ལས་གཞན་མེད། །སངས་རྒྱས་དང་ནི་སེམས་ཅན་གནས་ཡུལ་ཀུན། །གཟུང་འཛིན་སེམས་ཀྱི་ཆོ་འཕྲུལ་མ་གཏོགས་པ། །གཞན་ན་མེད་དོ་ངང་ཚུལ་ཤེས་མཛོད་ཅིག།འཁོར་འདས་རྫོགས་པ་ཆེན་པོ་རང་གི་གཞི། །ལུང་མ་བསྟན་ལས་འཕགས་པའི་ཁྱད་ཆོས་ཞིག།ཇི་བཞིན་རྟོགས་པ་རྣལ་འབྱོར་དམ་པའི་ལམ། །མངོན་གྱུར་ངང་ནས་ནམ་མཁའ་རྣམ་དག་དབྱིངས། །མྱུར་བའི་ལམ་མཆོག་སྒྲོན་མ་རྣམ་པ་དྲུག།གནད་གཅིག་དྲིལ་བ་འོད་གསལ་འཕོ་ཆེན་ལམ། །སྣང་བཞི་མཐའ་རུ་ཕྱིན་པའི་ས་རུ་སྐྱོལ། །འཇའ་ལུས་འཕོ་ཆེན་འགྲུབ་པར་གདོན་མི་ཟ། །མི་རྒན་བདག་ལ་གདམས་ངག་དེ་ལས་མེད། །སྙིང་གི་མེ་ལོང་མཛོད་ཅིག་དབང་ཕྱུག་པ། །ཞེས་སློབ་བུ་དམ་པ་དབང་ཕྱུག་གིས་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་སྨྲས་པའོ། །དགེའོ། །། །