TTDL-ZABTER-08-NYA-064: Difference between revisions

From Dudjom Wiki
TTDL-ZABTER-08-NYA-064
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=zab gsang mkha' 'gro'i snying thig
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms srung ma
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཉ
|volumenumber=08
|volumenumber=08
|volumeLetter=NYA
|volumeLetter=NYA

Revision as of 15:47, 12 August 2024

Wylie title TTDL-ZABTER-08-NYA-064.pdf
Location bdud 'joms gling pa zab gter
Volume 8, Text 64, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༄༅།།གནོད་སྦྱིན་ཤན་པ་དམར་ནག་གི་བསྙེན་སྒྲུབ་མན་ངག་ཡིག་ཆུང་བཀའ་རྒྱ་ཅན་ཡོད།དཔལ་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ།།ཡི་དམ་གྱི་བསྙེན་སྒྲུབ་ཚད་དུ་འཁྱོལ་བའི་སྔགས་པས་གནོད་སྦྱིན་ཆེན་པོ་སྒྲུབ་པར་འདོད་པས།དུར་ཁྲོད་སོགས་དབེན་པའི་སྒྲུབ་ཁང་དུ་སྟེགས་བུ་མདའ་གང་བྲུབ་ཁུང་དང་བཅས་པའི་ཟུར་བཞིར་འོམ་བུའི་མདའ་བཞི་ལ་བྱ་རྒོད་ཀྱི་སྒྲོ་སྒྲོན།ཟ་འོགདར་སྣ།རིན་པོ་ཆེ་སྣ་ཚོགས་པ་མགུལ་དུ་བཏགས་པ་གཟུག།མཎྜལ་སྟེང་གི་མཉྫིར་སྤོད་དང་ཟས་སྣ་རིན་པོ་ཆེ་བསྲེས་པའི་ཟན་ལས་ཟངས་སམ་བྷནྡྷའི་སྣོད་དུ་དམར་གྱི་གཏོར་མ་བརྗིད་ལྡན་འཁོར་གྱི་བཤོས་བུ་ལྷ་གྲངས་དང་མཉམ་པ་ལ་ཤ་ཁྲག་སྣ་ཚོགས་པས་བརྒྱན་པའི་ནང་དུ།གནོད་སྦྱིན་ཆེན་པོས་བདག་སྒྲུབ་པོ་ལ་མི་འབྲལ་བར་འགོ་ཞིང་སྡོང་གྲོགས་མཛོད་ལ་འཁོར་དང་འབྱོར་པ་སྤེལ།བགེགས་དང་བར་ཆད་སྲུངས།འགལ་བྱེད་ཆམ་ལ་ཕོབ།མདོར་ན་ཅི་བཅོལ་བའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་མཛོད་ཅིགཅེས་གསེར་གྱིས་བྲིས་ཏེ་གཞུགརྩེ་མོར་སྐུ་ཙཀ་དར་དམར་གྱི་འཕུར་ལྡིང་གཡོ་བ་བཙུགས་ལ་རྒྱུན་དུ་མི་གཤེགས་པར་བཞགམཐར་འཕྲལ་གྱི་མཆོད་གཏོར་དང་སྨན་རཀ་ཉེར་སྤྱོད་སོགས་མཐུན་རྫས་སུ་འོས་པས་བསྐོར།དངོས་གཞི་མཚམས་དམ་པར་བཅད་དེ་རང་ཉིད་པདྨ་དྲག་པོའི་ཏིང་ངེ་འཛིན་གྱིས་མཆོད་གཏོར་རྣམས་བྱིན་བརླབས།མདུན་རྟེན་གསལ་བ་བཏབ་ལ་སྤྱན་འདྲེན་མཆོད་གཏོར་རྣམས་ལས་གཞུང་ལྟར་བྱས་མཐར་དམིགས་གནད་དང་བཅས་རྩ་བའི་སྲོག་སྔགས་ཉིད་བཟླས་པའི་མན་ངག་དང་ལྡན་པས་དྲག་པོར་བཟླ།ཐུན་མཚམས་སུ་བསྐང་གསོལ་ལ་ནན་ཏན་དུ་འབད་ཅིང་སྒྲུབ་པའི་དམ་ཚིག་རབ་ཏུ་གསང་།དེ་ལྟར་ཞག་ཉེར་གཅིག་ཏུ་བསྒྲུབས་པས་དངོས་ཉམས་རྨི་ལམ་གང་རུང་དུ་རོལ་མོའི་སྒྲ་དང་།འོད་དང་།སྐྱེ་བོ་མང་པོ་འདུ་བ་དང་།སྡེ་དཔོན།ཞང་བློན།དགེ་བཤེས།བན་བོན་གྱི་ཚོགས་རྣམས་འདུ་བ་དང་།ནོར་དང་འབྲུའི་གཏེར་རྙེད་པ་སོགས་འགྲུབ་པའི་རྟགས་ངེས་པར་འབྱུང་།དེའི་ཚེ་ལས་ལ་སྦྱར་བར་འདོད་ན།བྲུབ་ཁུང་དུ་ལིངྒ་མན་ངག་ལྟར་བྲིས་པ་བཅུག་ལ་འགུགས་གཞུག་དྲག་ཏུ་བྱ།བདག་དང་གནོད་སྦྱིན་གྱི་བསྒོམ་བཟླས་སྔར་དང་འདྲ་བ་ལས་རྦད་བསད་ཆིག་དྲིལ་གྱི་སྔགས་ནི།ཨེ་ཧེ་རྨ་རུ་ཙེ་གུ་ཎ་ཧྲཱི་ཏྲི་གྷྲཾ་བྷྱོ༔ ཤ་རཾ་བྷྱོ༔ པུ་རུ་ཛ༔ གྷྲིག་ཧ་ལ༔ འགྲན་ཏ་ཡ༔ གྱིན་ཏ་ཡ་རྦད་སོད༔ པུ་རུ་སྙིང་རྩེ༔ ཨ་པ་ལཾ་ཆེ་གེ་མོ་མཱ་ར་ཡ་སོད༔ རང་རྒྱུག་སྲོག་ལ་རྒྱུག༔ ཤ་ལ་རྔམས༔ དབུགས་ལ་རྔུབས༔ ཁྲག་ལ་འཇིབ༔ ཙིག་ཙིག༔ དགྲ་བོའི་སྲོག་ལ་ཡཾ་ཡཾ༔ ཞེས་མན་ངག་བཅས་དྲག་ཏུ་བཟླ་ཞིང་།ཐུན་མཚམས་སུ་བསྟོད་པའི་རྗེས་ལ།གནོད་སྦྱིན་ཆེན་པོ་མ་རུངས་པ༔ ཤ་ཟ་ཁྲག་འཐུང་སྟོང་གིས་བསྐོར༔ ལྷ་སྲིན་སྡེ་བརྒྱད་དམག་དཔུང་བཅས༔ དགྲ་བོའི་སྟེང་དུ་ད་རྒྱུག་ཅིག༔ རྦད་ཀྱང་ཕྲིན་ལས་མི་བྱེད་ན༔ དམ་ཚིག་ཉམས་པར་མི་འགྱུར་རམ༔ ད་དུང་དགྲ་བོ་མི་གསོད་ན༔ གནོད་སྦྱིན་ཁྱོད་ལ་ཅི་བྱུང་གི༔ ད་ལྟ་ཉིད་དུ་སོད་ལ་ཤོག༔ ཤ་ཟོ་ཁྲག་འཐུང་སྙིང་རྩ་ཕྱུང་༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ ཅེས་རྦད་ཅིང་།གོང་གི་སྔགས་དེས།ལྕགས་ཕྱེ།ཟངས་ཕྱེ།རྡོ་ཕྱེ།ཉུང་ནགདུག་སྣའི་ཐུན་དང་བསྡེབས་ལ་ལིངྒར་བྲབ་པས་རྡུལ་ཕྲན་དུ་སོང་བར་བསམ།དེ་ལྟར་ཞག་བདུན་བསྒྲུབས་པས་རྨི་ལམ་དུ་དོན་སྙིང་འབྱིན་པ་དང་།ལིང་བཀྱེ་བ་དང་།ཤིང་གཅོད་པ་སོགས་འབྱུང་ཞིང་།དགྲ་རྟགས་ངེས་པ་ཅན་མཐོང་ན་ལིངྒ་མཚོན་གྱིས་གཏུབ་ལ་མེ་ནང་དུ་གནོད་སྦྱིན་བསྐྱེད་པའི་ཞལ་དུ་ཕུལ་ནས་ཐལ་བ་ལམ་རྒྱ་གྲམ་གྱི་འོག་ཏུ་མནན་པས།ལས་ཟླ་བ་མི་འགྱང་བར་འགྲུབ་པར་འགྱུར་རོ།།གཞན་ཡང་ཕྲིན་ལས་ཀྱི་ཚུལ་ཁྱད་པར་བ་མཐའ་དག་རྩ་བའི་ཡིག་ཆ་ལས་ཡེས་ཤིང་།མན་ངག་གི་གནད་བླ་མའི་ཞལ་ལས་བླང་བར་བྱ་བ་ཡིན་ནོ།།ཞེས་པའང་གསང་ཆེན་བསྟན་པའི་སྲོག་བཟུང་གི་ཆ་རྐྱེན་དུ་རྡོ་རྗེ་འཛིན་པ་ཨོ་རྒྱན་གསང་སྔགས་བསྟན་འཛིན་གྱི་དགོངས་བཞེད་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟིན་བྲིས་སུ་སྤེལ་བ་སྟེ།དམ་ཉམས་དཔེ་ཁྱེར་མཁན་གྱིས་སྤྱད་ན་དེའི་སྙིང་ཁྲག་སྲོག་བདག་ཤན་པའི་དཔའ་སྐྱེམས་སུ་རོལ་ཅིག།ས་མ་ཡ།།།།