TTDL-ZABTER-03-GA-062: Difference between revisions

From Dudjom Wiki
TTDL-ZABTER-03-GA-062
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 3: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=phyag na rdo rje
|cycle=gsang bdag rdo rje gtum po
|cycletib=གསང་བདག་རྡོ་རྗེ་གཏུམ་པོ་
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms phyag rdor
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ག
|volumenumber=03
|volumenumber=03
|volumeLetter=GA
|volumeLetter=GA

Revision as of 11:08, 7 August 2024

Wylie title TTDL-ZABTER-03-GA-062.pdf
Location bdud 'joms gling pa zab gter
Volume 3, Text 62, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms phyag rdor
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle གསང་བདག་རྡོ་རྗེ་གཏུམ་པོ་ (gsang bdag rdo rje gtum po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity phyag na rdo rje
[edit]
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་བདག་ཕྱག་ན་རྡོ་རྗེའི་དྲག་ཟློག་ཟབ་མོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༥༨༠གསང་བདག་ཕྱག་ན་རྡོ་རྗེ་ཡི༔ དྲག་ཟློག་ཟབ་མོའི་ལག་ལེན་ལ༔ གནམ་ལྕགས་འཁོར་ལོ་རྩིབས་བཅུ་པའི༔ ལྟེ་བར་ཤ་ཁྲག་དམར་གཏོར་ནི༔ ཆེ་བརྗིད་མེ་རི་འབར་བའི་མཐར༔ རྩིབས་བཅུར་གཏོར་ཕྲན་བཅུ་བཞག་ནས༔ སྒོ་བཞིར་གཏོར་ཆུང་བཞི་བཞག་ལ༔ མདུན་དུ་གཏོར་ཆེན་གཅིག་བཤམས་ཏེ༔ རྣམ་ལྔ་སྐྱུ་གུས་བསྐོར་བའི་མཐར༔ རྩང་དམར་སྲིན་མོའི་འགྲོས་སུ་བཙུག༔ དང་པོ་དམིགས་གསལ་གདབ་པ་ནི༔ ཕཊ༔ བདག་བསྐྱེད་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས༔ སྤྲུལ་པའི་ཟློག་བྱེད་ལས་ཀྱི་དཀྱིལ་འཁོར་ཆེན་པོར་རང་ཤར་བའོ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ སྐུ་གསུམ་རྒྱལ་བ་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་ཐམས་ཅད་གཉིས་སུ་མེད་པར་བསྟིམ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ས་མ་ཡ་ཛཿས་མ་ཏི་སྟྭཾ༔ དཀྱིལ་འཁོར་དེ་ཡི་མདུན་དུ་གྲུ་གསུམ་ཐོད་མཁར་འབར་བའི་ནང་དུ་དྲེག་པ་ཟིལ་གནོན་གྱི་རྒྱལ་པོ་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག་པོ་ཕྱག་གཡས་ཙནྡན་གྱི་བེང་ཆེན་ཕྱར་ཞིང་གཡོན་པས་ཐོད་ཁྲག་བསྣམས་པ་སྐུ་ལ་དར་ནག་གི་འཇོལ་བེར་མནབ་ཅིང་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ་ཞལ་གདངས་ཤིང་ལྗགས་འདྲིལ་བ་ལ་མཆེ་བ་ཟླ་ལྟར་གཙིགས་པ་སྤྱན་གསུམ་ཉི་མ་འབུམ་གྱི་འོད་འཁྱུགས་པ༔ སྨ་ར་དང་སྨིན་མ་དབུ་སྐྲ་དམར་སེར་མེ་ཆེན་འབར་བ༔ བདུད་དང་རཱུ་དྲ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་བམ་རོ་ཕོ་མོ་བསྣོལ་བའི་ཁྲི་ལ་འདོར་སྟབས་སུ་བཞུགས་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བཞུགས་ནས་རྒྱལ་བའི་བསྟན་པ་བསྲུང་ཞིང་བསྟན་པའི་རཱུ་དྲ་རྡུལ་དུ་བརླག་པའི་དགོངས་པ་དང་བཅས་ཏེ་བཞུགས་པ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་མོ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ བཛྲ་ས་མ་ཡ་ཛ་ཛཿས་མ་ཏི་སྟྭཾ༔ ཤ་ཁྲག་གི་གཏོར་མ་དང་མཆོད་པའི་བྱེ་བྲག་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རྒྱ་མཚོར་དམིགས་ནས་ཕུལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་རྒྷཾ་པཱདྱཾ་སོགས་ནས་ཤཔྡ་རཱུ་པ་སོགས་སྤཪྴེ་དྷརྨ་པཱུ་ཛ་ཧོཿམ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཁཱ་ཧི༔ དེ་ནས་གཏོར་མ་ཤ་དུམ་བཤམས་ནས་འགུགས་གཞུག་ནན་དུ་བྱས་མཐར༔ ཧཱུྃ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡི༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ འདིར་གཤེགས་དགྲ་བགེགས་ཤ་ཁྲག་རོལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ དགྲ་བགེགས་བཟློག་བསྒྱུར་ཕྲིན་ལས་མཛོད༔ ཧཱུྃ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཡེ་ཤེས་རིགས་ལྔའི་ཁྲག་འཐུང་གི༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ འདིར་གཤེགས་དགྲ་བགེགས་ལྔ་ཕུང་རོལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཟློག་བསྒྱུར་ཕྲིན་ལས་མཛོད༔ ཧཱུྃ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཡེ་ཤེས་ཁྲོ་བོ་ཆེན་པོ་བཅུ༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ འདིར་གཤེགས་དགྲ་བགེགས་ཤ་ཁྲག་རོལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཟློག་བསྒྱུར་ཕྲིན་ལས་མཛོད༔ ཧཱུྃ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཡེ་ཤེས་འབར་བའི་བྱ་ཁྱུང་ལྔའི༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ འདིར་གཤེགས་དགྲ་བགེགས་ཤ་ཁྲག་རོལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཟློག་བསྒྱུར་ཕྲིན་ལས་མཛོད༔ ཧཱུྃ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཚད་མེད་སྒོ་མ་ཆེན་མོ་བཞི༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ འདིར་གཤེགས་དགྲ་བགེགས་ཤ་ཁྲག་རོལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཟློག་བསྒྱུར་ཕྲིན་ལས་མཛོད༔ ཧཱུྃ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ དཔལ་ལྡན་མགོན་པོ་ཚོགས་ཀྱི་བདག༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ འདིར་གཤེགས་དགྲ་བགེགས་ཤ་ཁྲག་རོལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཟློག་བསྒྱུར་ཕྲིན་ལས་མཛོད༔ ཅེས་བརྗོད་པས་དགྲ་བགེགས་ཀྱི་ཤ་ཁྲག་ལྷག་མེད་དུ་རོལ་ཞིང་སྤྲུལ་པ་སྣང་སྲིད་ཐམས་ཅད་ཁྱབ་པར་སྤྲོས་པས་གནོད་བྱེད་དགྲ་བགེགས་བྱད་མ་རྦོད་གཏོང་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་མཚོན་ཆ་ཐུན་རྫས་སྣ་ཚོགས་ཀྱི་ཕྱེ་མར་འཐག༔ མེ་དཔུང་འབར་བས་བསྲེགས༔ སྤུ་གྲིའི་རླུང་གིས་གཏོར༔ ཁྲོ་ཆུང་བྱ་ཁྱུང་ལྕགས་སྡིག་རྣམས་ཀྱིས་ཟོས་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསྒོམ༔ དེ་ནས་བཟློག་པ་ནི༔ ཧཱུྃ་ཧཱུྃ་ཛཿགྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ དུས་གསུམ་རྒྱལ་ཀུན་ཐུགས་ཀྱི་བདག་ཉིད་དཔལ༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཁྲོ་བོའི་རྒྱལ༔ མཐིང་ནག་འབར་བ་ཞལ་གཅིག་ཕྱག་གཉིས་པ༔ སྐུ་སྟོད་སྲིད་པའི་རྩེ་ནས་ལྷ་གདོན་འདུལ༔ སྐེད་པས་བར་སྣང་ཁམས་ཀྱི་ལྷ་འདྲེ་འདུལ༔ ཞབས་གཉིས་རྒྱ་མཚོའི་གཏིང་ནས་ཀླུ་གདོན་འདུལ༔ སྐུ་ལ་རྒྱལ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ བརྒྱུད་འཛིན་དད་པས་ཐུགས་དམ་རྒྱུད་བསྐུལ་ལོ༔ རང་རྒྱལ་བསེ་རུ་ལྟ་བུ་མ་མཛད་པར༔ བདག་ཅག་བརྒྱུད་འཛིན་དོན་དུ་སྐུ་བཞེངས་ནས༔ བསྟན་པའི་དགྲ་བགེགས་བཟློག་བསྒྱུར་ཕྲིན་ལས་མཛོད༔ ཁྲོ་རྒྱལ་ཁྱོད་ཀྱི་སྐུ་ཡི་གཟི་མདངས་ཀྱིས༔ འཁོར་འདས་ཡོངས་ཀྱི་རྒོལ་ངན་ཐམས་ཅད་ཟློག༔ དབུ་སྐྲ་དམར་སེར་གྱེན་དུ་འབར་བ་ཡིས༔ སྟེང་གི་ལྷ་གདོན་གནོད་བྱེད་ཐམས་ཅད་ཟློག༔ སྤྱན་གསུམ་ལྡང་མིག་མཁའ་ལ་གཟིགས་པ་ཡིས༔ བཀའ་སྲུང་སྡེ་བརྒྱད་ཡོངས་ཀྱི་རྒོལ་ངན་ཟློག༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་གཙིགས་པས༔ སྣང་སྲིད་ལྷ་འདྲེས་རྒོལ་ངན་གནོད་འཚེ་ཟློག༔ སྨ་ར་སྨིན་མ་མེ་ལྟར་འབར་བ་ཡིས༔ བྱད་ཁ་རྦོད་གཏོང་མནན་བསྲེགས་ཧོམ་ཟོར་ཟློག༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་གསོར༔ ཕྱོགས་བཅུའི་དགྲ་བགེགས་གནོད་བྱེད་ཐམས་ཅད་ཟློག༔ གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས་པ་ཡིས༔ ཀླུ་གཉན་ས་བདག་ཀུན་གྱི་གནོད་པ་ཟློག༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད་པ་ཡིས༔ ངན་སོང་འཁོར་བའི་འཁྲུལ་འཁོར་དབྱིངས་སུ་ཟློག༔ ཡེ་ཤེས་མེ་དཔུང་དམར་ནག་འབར་བ་ཡིས༔ འཁོར་བའི་རྩ་བ་མ་རིག་སྒྲིབ་པ་ཟློག༔ ཐོད་སྐམ་དབུ་རྒྱན་དར་གྱི་ཅོད་པན་བཅིངས༔ དུག་ལྔའི་བག་ཆགས་རྒྱུ་རྐྱེན་འཐས་པ་ཟློག༔ ཐོད་པ་ར་རི་ཚར་གསུམ་ཕྲེང་བས་སྤྲས༔ དུག་གསུམ་སེམས་དང་སེམས་བྱུང་འཁྲུལ་འཁོར་ཟློག༔ གདུག་པ་སྦྲུལ་གྱིས་གདུ་བུ་དོ་ཤལ་མཛད༔ གློ་བུར་རྣམ་པར་རྟོག་པའི་དྲི་མ་ཟློག༔ གླང་ཆེན་མི་ལྤགས་སྟོད་གཡོགས་སྟག་ཤམ་གསོལ༔ གཟུང་འཛིན་འཁྲུལ་འཁོར་རྒྱུ་འབྲས་འཐས་པ་ཟློག༔ ཐལ་ཚོམ་ཁྲག་ཐིག་ཞག་གི་ཟོ་རིས་བརྒྱན༔ རང་སྣང་དགྲར་བཟུང་མངོན་འགྱུར་གནོད་བྱེད་ཟློག༔ ཧཱུྃ༔ རྩ་བརྒྱུད་རིག་འཛིན་བླ་མ་དང་༔ སྐྱབས་གནས་དཀོན་མཆོག་རྣམ་གསུམ་དང་༔ ཡི་དམ་ལྷ་ཚོགས་བདེན་པ་དང་༔ མཐུ་སྟོབས་བྱིན་རླབས་ནུས་པ་ཡིས༔ ནད་རིམས་ཡམས་ནད་ཐམས་ཅད་ཟློག༔ སྡེ་བརྒྱད་ལྷ་འདྲེས་རྒོལ་བ་ཟློག༔ བྱད་ཕུར་གཏད་ཁྲམ་ཧོམ་ཟོར་ཟློག༔ མོ་རྩིས་རྨི་ངན་ཐན་ལྟས་ཟློག༔ མི་ཁ་བྲ་མཆུ་ཟུག་པ་ཟློག༔ དགྲ་ཇག་ཆོམ་རྐུན་གཅན་ཟན་ཟློག༔ མི་ཡི་ན་ཚ་རྐྱེན་ངན་ཟློག༔ ཕྱུགས་ཀྱི་གོད་ཁ་ཕུང་གྱོད་ཟློག༔ གྲི་ཁ་མཚོན་ཁ་གེགས་སྲི་ཟློག༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཟློག༔ སྡང་བའི་དགྲ་བོའི་སྟེང་དུ་བསྒྱུར༔ རྗེས་ཤུལ་མེད་པར་བཟློག་གྱུར་ཅིག༔ ཧཱུྃ༔ བཅོམ་ལྡན་བུདྡྷ་ཧེ་རུ་ཀ༔ གཏུམ་དྲག་འབར་བའི་འཁོར་གྱིས་བསྐོར༔ བཞེངས་ཤིག་ཐུགས་དམ་དུས་ལ་བབ༔ གཏི་མུག་ལས་བྱུང་གནོད་བྱེད་ཟློག༔ ཧཱུྃ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ དྲག་ཁྲོས་འབར་བའི་འཁོར་གྱིས་བསྐོར༔ བཞེངས་ཤིག་ཐུགས་དམ༴ཞེ་སྡང་ལས་བྱུང་༴ཧཱུྃ༔ བཅོམ་ལྡན་རཏྣ་ཧེ་རུ་ཀ༔ རྔམས་བརྗིད་དྲག་པོའི་འཁོར་གྱིས་བསྐོར༔ བཞེངས་ཤིག་ཐུགས་དམ༴ང་རྒྱལ་ལས་བྱུང༴ཧཱུྃ༔ བཅོམ་ལྡན་པདྨ་ཧེ་རུ་ཀ༔ དབང་སྡུད་དྲག་པོའི་འཁོར་གྱིས་བསྐོར༔ བཞེངས་ཤིག་ཐུགས་དམ༴འདོད་ཆགས་ལས་བྱུང༴ཧཱུྃ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀ༔ གསོད་གཅོད་དྲག་པོའི་འཁོར་གྱིས་བསྐོར༔ བཞེངས་ཤིག་ཐུགས་དམ༴ཕྲག་དོག་ལས་བྱུང༴ཧཱུྃ༔ རྩ་བརྒྱུད་རིག་འཛིན་བླ་མ་དང་༔ སོགས་བདེན་པའི་སྟོབས་ཟློག་བརྗོད༔ ཧཱུྃ་ཛཿསྟེང་ཕྱོགས་ཁྲོ་ཆེན་ཧཱུྃ་ཀཱ་ར༔ ཡེ་ཤེས་རོལ་པའི་འཁོར་གྱིས་བསྐོར༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ སྟེང་གི་དགྲ་གདོན་གནོད་བྱེད་ཟློག༔ ཧཱུྃ་ཛཿཤར་ཕྱོགས་ཁྲོ་ཆེན་རྣམ་པར་རྒྱལ༔ སྤྲུལ་དང་ཡང་སྤྲུལ་ཕོ་ཉར་འགྱེད༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ ཤར་གྱི་དགྲ་གདོན༴ཧཱུྃ་ཛཿཤར་ལྷོ་ཁྲོ་ཆེན་དབྱུག་སྔོན་ཅན༔ སྤྲུལ་པ་ཟ་གསོད་མེ་ལྟར་འབར༔ མངོན་སྤྱོད་དྲག་པོའི༴ཤར་ལྷོའི་དགྲ་གདོན༴ཧཱུྃ་ཛཿལྷོ་ཕྱོགས་ཁྲོ་ཆེན་གཤིན་རྗེ་གཤེད༔ སྤྲུལ་པ་ཟ་གསོད་སྤྲིན་ལྟར་གཏིབས༔ མངོན་སྤྱོད་དྲག་པོའི༴ལྷོ་ཕྱོགས་དགྲ་གདོན༴ཧཱུྃ་ཛཿལྷོ་ནུབ་ཁྲོ་ཆེན་མི་གཡོ་མགོན༔ སྤྲུལ་པ་ཟ་གསོད་སེར་ལྟར་འབེབས༔ མངོན་སྤྱོད་དྲག་པོའི༴ལྷོ་ནུབ་དགྲ་གདོན༴ཧཱུྃ་ཛཿནུབ་ཕྱོགས་ཁྲོ་ཆེན་རྟ་མགྲིན་རྒྱལ༔ སྤྲུལ་པ་ཟད་གསོད་གློག་ལྟར་འཁྱུག༔ མངོན་སྤྱོད་དྲག་པོའི༴ནུབ་ཕྱོགས་དགྲ་གདོན༴ཧཱུྃ་ཛཿནུབ་བྱང་ཁྲོ་ཆེན་འདོད་པའི་རྒྱལ༔ སྤྲུལ་པ་ཟ་གསོད་རླུང་ལྟར་འཚུབས༔ མངོན་སྤྱོད་དྲག་པོའི༴ནུབ་བྱང་དགྲ་གདོན༴ཧཱུྃ་ཛཿབྱང་ཕྱོགས་ཁྲོ་ཆེན་བདུད་རྩི་འཁྱིལ༔ སྤྲུལ་པ་ཟ་གསོད་ཆུ་ལྟར་འཁྲུགས༔ མངོན་སྤྱོད་དྲག་པོའི༴བྱང་ཕྱོགས་དགྲ་གདོན༴ཧཱུྃ་ཛཿབྱང་ཤར་ཁྲོ་ཆེན་ཁམས་གསུམ་རྒྱལ༔ སྤྲུལ་པ་ཟ་གསོད་ཐོག་ལྟར་འབེབས༔ མངོན་སྤྱོད་དགྲ་བོའི༴བྱང་ཤར་དགྲ་གདོན༴ཧཱུྃ་ཛཿའོག་ཕྱོགས་ཁྲོ་ཆེན་སྟོབས་པོ་ཆེ༔ སྤྲུལ་པ་ཟ་གསོད་མུན་ལྟར་གཏིབས༔ མངོན་སྤྱོད་དྲག་པོའི༴འོག་ཕྱོགས་དགྲ་གདོན༴ཧཱུྃ་ཛཿཡེ་ཤེས་སྤྲུལ་པའི་ཁྱུང་ཆེན་ལྔས༔ སྤྲུལ་པ་ཡང་སྤྲུལ་སྣང་སྲིད་འགེངས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ གཟའ་ཀླུ་སྡེ་བརྒྱད་གནོད་བྱེད་ཟློག༔ ཧཱུྃ་ཛཿཤར་ཕྱོགས་སྒོ་མ་ལྕགས་ཀྱུ་མ༔ སྤྲུལ་པའི་ཕོ་ཉས་ཁམས་གསུམ་འགུགས༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ དམ་སྲི་རྒྱལ་བསེན་ཐམས་ཅད་ཟློག༔ ཧཱུྃ་ཛཿལྷོ་ཕྱོགས་སྒོ་མ་ཞགས་པ་མ༔ སྤྲུལ་པའི་ཕོ་ཉས་ཁམས་གསུམ་འཆིངས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ འགོང་པོ་བསེ་རག་བེ་ཐིལ་ཟློག༔ ཧཱུྃ་ཛཿནུབ་ཕྱོགས་སྒོ་མ་ལྕགས་སྒྲོག་མ༔ དགའ་བས་ཁམས་གསུམ་སྡོམ་བྱེད་མ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ ནད་གདོན་གོད་ཡམས་དལ་ཁ་ཟློག༔ ཧཱུྃ་ཛཿབྱང་ཕྱོགས་སྒོ་མ་དྲིལ་བུ་མ༔ བཏང་སྙོམས་འཁོར་བ་དབྱིངས་སྒྲོལ་མ༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ནད་མུག་མཚོན་འཁྲུགས་དལ་ཡམས་ཟློག༔ ཧཱུྃ་བྷྱོ་ཛཿམ་ཧཱ་ཀཱ་ལ་ཚོགས་ཀྱི་བདག༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཟློག་བསྒྱུར་ཕྲིན་ལས་མཛོད༔ ཧཱུྃ༔ མ་ཧཱ་ཀཱ་ལའི་མཐུ་སྟོབས་ཀྱིས༔ སྡེ་བརྒྱད་གཟའ་ཀླུ་རྒྱལ་བསེན་ཟློག༔ དགྲ་ཇག་ཆོམ་རྐུན་ཐམས་ཅད་ཟློག༔ མཚོན་ཆ་སྣ་ཚོགས་དབལ་ཁ་ཟློག༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཟློག༔ མི་མཐུན་གནོད་པའི་རྐྱེན་རྣམས་ཟློག༔ མཚམས་འདིར་བདེན་པའི་སྟོབས་ཟློག་བརྗོད༔ དེ་ནས་གཏོར་ཟློག་བྱ་བ་ནི༔ ཧཱུྃ༔ དྲག་པོ་གནམ་ལྕགས་འཁོར་ལོའི་སྟེང་༔ ཤ་ཁྲག་དམར་ཆེན་གཏོར་མ་བཤམས༔ མཐའ་མར་རྩང་གི་ར་བས་བསྐོར༔ དྲག་པོ་སྔགས་ཀྱི་ནུས་སྟོབས་ཀྱིས༔ མཚོན་ཐུན་སྣ་ཚོགས་ཚྭ་ཚྭ་འཕྲོས༔ དགྲ་བགེགས་ཐམས་ཅད་བརླག་པར་བྱེད༔ ཧཱུྃ༔ དཀོན་མཆོག་བདེན་པའི་མཐུ་སྟོབས་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས༔ ནམ་མཁའ་ལྷ་ཡི་ཐན་ལྟས་ཡང་༔ དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བར་སྣང་གཉན་གྱི་ཐན་ལྟས་ཡང་༔ དམར་ཆེན་གཏོར་མ་འདི་ཡིས་ཟློག༔ ས་གཞི་ཀླུ་ཡི་ཐན་ལྟས་ཡང་༔ དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བཀའ་སྲུང་ཡོངས་ཀྱི༴དམར་ཆེན་གཏོར་མ༴སྡེ་བརྒྱད་ཡོངས་ཀྱི༴དམར་ཆེན་གཏོར་མ༴སྣང་སྲིད་ལྷ་འདྲེའི༴དམར་ཆེན་གཏོར་མ༴འདབ་ཆགས་ལས་བྱུང་༴དམར་ཆེན་གཏོར་མ༴སྡེར་ཆགས་ལས་བྱུང་༴དམར་ཆེན་གཏོར་མ༴རྨིག་ཆགས་ལས་བྱུང་༴དམར་ཆེན་གཏོར་མ༴ལྟོ་འགྲོས་ལས་བྱུང་ལྟས་ངན་ཡང་༔ དམར་ཆེན་གཏོར་མ༴དཀོར་ཆ་ནོར་གྱི་ལྟས་ངན་ཡང་༔ དམར་ཆེན་གཏོར་མ༴འབྱུང་བ་ལྔ་ཡི་ལྟས་ངན་ཡང་༔ དམར་ཆེན་གཏོར་མ༴ཡོ་བྱད་རྫས་ཀྱི་ལྟས་ངན་ཡང་༴དམར་ཆེན་གཏོར་མ༴ཐོགས་བཅས་གཟུགས་ཀྱི་ལྟས་ངན་ཡང་༴དམར་ཆེན་གཏོར་མ༴ཐོགས་མེད་སྒྲ་ཡི་ལྟས་ངན་ཡང་༔ དམར་ཆེན་གཏོར་མ༴སྡང་བར་བྱེད་པའི་དགྲ་ལ་ཟློག༔ དགྲ་དཔུང་བདུན་རྒྱུད་བརླག་གྱུར་ཅིག༔ གནོད་པར་བྱེད་པའི་བགེགས་ལ་ཟློག༔ བགེགས་དཔུང་རྗེས་ཤུལ་མེད་པར་གྱུར༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ཛཿཧཱུྃ་བྃ་ཧོཿཨཿཡཿམཿདུཿརུཿཙཿཤཿནཿཤ་རུ་ར་ཏྲི་ར་ཙ་ས་མ་ཡ་བྷྱོ་བྷྱོ༔ ཟློག་ཟློག༔ འདི་ཡིས་མི་ཟློག་གང་ཡང་མེད༔ གནམ་ལྕགས་རྡོ་རྗེ་ཕ་ལམ་བཞིན༔ གང་ལས་མ་ཕམ་ཐམས་ཅད་གཞོམ༔ མ་འོངས་པདྨའི་བརྒྱུད་འཛིན་རྣམས༔ དམིགས་པ་གནད་དང་ལྡན་པའི་ངང་༔ འདིར་བརྩོན་བར་ཆད་ཀུན་བཟློག་འགྱུར༔ འདི་འདྲའི་དྲག་བཟློག་ཟབ་མོ་ནི༔ སྟོང་གསུམ་གང་ལ་བཙལ་ཀྱང་དཀོན༔ བསླུ་བ་མེད་པ་རྡོ་རྗེའི་ཚིག༔ བཀའ་སྲུང་མ་ཧཱ་ཀཱ་ལས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་གདན་དྲངས་ཏེ་མཐར་ཆོས་ཀྱི་རྡོ་རྗེས་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།