TTDL-ZABTER-06-CHA-034: Difference between revisions

From Dudjom Wiki
TTDL-ZABTER-06-CHA-034
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 6: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=bka' brgyad
|cycle=bka' brgyad gsang sgrub 'byung po 'dul ba
|cycletib=བཀའ་བརྒྱད་གསང་སྒྲུབ་འབྱུང་པོ་འདུལ་བ
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms bka' brgyad 'byung 'dul
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཆ
|volumenumber=06
|volumenumber=06
|volumeLetter=CHA
|volumeLetter=CHA

Revision as of 12:36, 8 August 2024

Wylie title TTDL-ZABTER-06-CHA-034.pdf
Location bdud 'joms gling pa zab gter
Volume 6, Text 34, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 6: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bka' brgyad 'byung 'dul
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle བཀའ་བརྒྱད་གསང་སྒྲུབ་འབྱུང་པོ་འདུལ་བ (bka' brgyad gsang sgrub 'byung po 'dul ba)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity bka' brgyad
[edit]
དབུ་ཁྲིད་བརྡ་ཡིག༔ ༥༧༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་གསང་སྒྲུབ་འབྱུང་པོ་འདུལ་བའི་ཐོ་ལུམ་ཕྱག་རྒྱ་ཟིལ་གནོན་གཅིག་པ་བཞུགས་སོ༔

དབུ་ཁྲིད་བརྡ་ཡིག༔ ༥༨༠ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༔ ༥༨༠ངང་ཉིད་ཆོས་ཀྱི་དབྱིངས་ཉིད་ལས༔ འབར་བ་ཁྲོ་རྒྱལ་སྐུར་བཞེངས་པ༔ དུས་མཐའ་འབྱུང་པོ་འདུལ་མཛད་ལྷ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རང་བྱུང་རིག་པ་ཆོས་ཀྱི་སྐུ༔ མ་འགགས་རང་མདངས་ཁྲོས་པའི་གཟུགས༔ ཐུགས་རྗེ་དཔལ་ཆེན་ཁྲོ་བོའི་རྒྱལ༔ སྒྲུབ་ཐབས་ཟིལ་གནོན་གཅིག་པ་བསྟན༔ མཚོ་གླིང་དུར་ཁྲོད་འཇིགས་རུང་ཚལ༔ དྲག་པོའི་སྒྲུབ་གནས་ཡིད་མཐུན་པར༔ དཀར་ཕྱོགས་ཟོ་དོར་གཏོར་མས་བརྔན༔ ནག་ཕྱོགས་བདུད་རིགས་སྟོབས་ཀྱིས་བསྐྲད༔ དཀྱིལ་འཁོར་མདའ་གང་གྲུ་གསུམ་ནག༔ དབུས་སུ་འཁོར་ལོ་རྩིབས་བརྒྱད་སྟེང་༔ རྩ་གསུམ་གཏོར་མ་སྤྱི་ལྟར་ལ༔ བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་ལྷའི༔ ཚོམ་བུ་རྒྱས་འབྲིང་བསྡུས་གང་རུང་༔ བཀོད་སྟེང་ད་ལ་མཉྫིའི་ཁར༔ སྒྲུབ་གཏོར་ནག་པོ་ཟུར་གསུམ་པ༔ རྒྱན་དང་གདུགས་ལྡན་ལེགས་པར་བཀོད༔ མདུན་དུ་སྨན་རཀ་གཏོར་གསུམ་དང་༔ ཉེར་སྤྱོད་མཆོད་པ་སྤྱི་ལྟར་བཤམས༔ ས་མ་ཡ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ སྐུ་གསུམ་རིག་པ་ཐུགས་རྗེའི་ལྷ༔ སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ལྷ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ གུས་པ་ཆེན་པོས་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི༔ ཧོཿརྫོགས་པའི་བྱང་ཆུབ་སྒྲུབ་པ་དང་༔ ལོག་རྟོགས་དགྲ་བགེགས་བརླག་པའི་ཕྱིར༔ ཡེ་ཤེས་ཁྲོ་བོ་སྒྲུབ་པར་བགྱི༔ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེད༔ གསུམ་པ་བགེགས་ལ་བཀའ་བསྒོ་བ་ནི༔ ཧོཿགཉིས་སྣང་རྟོག་པ་ཕྱི་ཡི་གདོན༔ ང་བདག་གཟུང་འཛིན་ནང་གི་བགེགས༔ མ་རྟོགས་འཁྲུལ་སྣང་མ་རིག་འདྲེ༔ ཡུལ་མེད་ཟང་ཐལ་ངང་དུ་བསྐྲད༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ བཞི་པ་མཚམས་གཅོད་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ རིག་པའི་ཡེ་ཤེས་ཆོ་འཕྲུལ་ལས༔ རྡོ་རྗེ་སྲུང་བའི་གུར་དུ་འཁྲིགས༔ ཕྱི་ནང་གཞན་གསུམ་ལོག་འདྲེན་གདོན༔ ནམ་ཡང་འདའ་བའི་གོ་སྐབས་བྲལ༔ བཛྲ་རཀྵ་རཀྵ་བྷྲུྃ༔ ལྔ་པ་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ སྟོང་པ་ཆེན་པོ་ཆོས་ཀྱི་དབྱིངས༔ རང་བཞིན་མ་འགགས་ལོངས་སྤྱོད་རྫོགས༔ ཐུགས་རྗེ་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ ཁམས་གསུམ་དབང་བསྒྱུར་བྱིན་ཆེན་ཕོབ༔ ཨོཾ་གུ་རུ་ཤྲཱི་ཧེ་རུ་ཀ་བཛྲ་ས་མ་ཡ་ཛ་ཛ༔ ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ དྲུག་པ་མཆོད་རྫས་བྱིན་བརླབ་ནི༔ ཧོཿསྣང་བའི་བཀོད་པ་ཐམས་ཅད་ཀུན༔ ཡེ་ཤེས་རོ་དང་མཉམ་སྦྱར་བའི༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར༔ ཨོཾ་སརྦ་ག་ཎ་ཙཀྲ་པཉྩ་པཱུ་ཛ་ཧོཿསྔོན་འགྲོའི་ཡན་ལག་རྫོགས་སོ༔ ས་མ་ཡ༔ དང་པོ་དངོས་གཞིའི་ལྷ་བསྐྱེད་ནི༔ ཨཱཿའཁོར་འདས་ཆོས་ཀུན་སྟོང་པ་ཉིད༔ གདངས་ལས་སྙིང་རྗེ་ཁྲོས་པར་བཞེངས༔ འབར་བའི་ཕྱག་རྒྱ་ཧཱུྃ་དུ་ཤར༔ ཡེ་ཤེས་འབྱུང་ལྔ་རིམ་བརྩེགས་སྟེང་༔ གཞོམ་གཞིག་བྲལ་བ་སྲུང་བའི་གུར༔ མཚན་འཛིན་གཞོམ་པའི་དུར་ཁྲོད་བརྒྱད༔ ལྷུན་གྲུབ་རྫོགས་པའི་གཞལ་ཡས་དབུས༔ གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་སྟེང་༔ འདེབས་བྱེད་བྱོལ་སོང་གཙོ་བརྒྱད་ཁྲི༔ པད་ཟླ་ཉི་མའི་གདན་གྱི་སྟེང་༔ འབྱུང་པོ་ཧ་ལུ་མན་དྷའི་གཙོའི༔ བདུད་བཞི་གཅལ་དུ་བཀྲམ་པའི་སྟེང་༔ རིག་པ་ཧཱུྃ་གི་འཕྲོ་འདུས་ལས༔ རྒྱལ་མཆོད་དྲེགས་པའི་སྲོག་སྙིང་འཕྲོག༔ དགྲ་བགེགས་ཚར་བཅད་ཚུར་འདུས་ཐིམ༔ འོད་ཀྱི་སྒོ་ང་ལས་སྐྱེས་པའི༔ དཔལ་ཆེན་ཕྱག་རྒྱ་ཟིལ་གནོན་ནི༔ སྐུ་མདོག་མཐིང་ནག་ཆར་སྤྲིན་མདོག༔ དབུ་སྟོང་ཕྱག་སྟོང་ཞབས་སྟོང་ལྡན༔ མདུན་རྒྱབ་གཡས་གཡོན་ཕྱོགས་རྣམས་ཀུན༔ ཀུན་ནས་ཞལ་ཕྱག་དཀྱིལ་འཁོར་རྫོགས༔ གཡས་དཀར་གཡོན་དམར་ཁྲོ་གཏུམ་རྔམས༔ སྤྱན་ནས་རྡོ་རྗེའི་ཚྭ་ཚྭ་འཁྲུགས༔ ལོག་འདྲེན་བྱད་མའི་ནུས་མཐུ་བསྲེགས༔ གསུང་གདངས་ཧཱུྃ་ཕཊ་རུ་ལུའི་སྒྲས༔ མཐའ་དམག་དུས་འཁྲུགས་བརྒྱལ་ཞིང་བསྔངས༔ ཤངས་ནས་བསྐལ་པའི་རླུང་དམར་འཚུབས༔ དུས་མཐའི་འགོང་ནག་ཡུལ་ཁམས་འཇིགས༔ དབུ་སྐྲ་དམར་སེར་སྲིད་རྩེར་འཁྱིལ༔ ཀུན་ཀྱང་ཆོས་ཉིད་དོན་དང་སྦྱོར༔ ཕྱག་རྣམས་དམོད་པའི་ཐལ་མོ་རྡེབ༔ ལུས་ངག་ཡིད་ལས་བསྐྱེད་པ་ཡི༔ བྱད་མ་རྦོད་གཏོང་ལྷ་དང་བཅས༔ མ་ལུས་བཤིག་གཞོམ་བརླག་པར་བྱེད༔ ཞབས་སྟོང་བརྡབ་པས་འཁོར་བ་འཇིག༔ ཕྱོགས་བཞིར་གནམ་ཞལ་ཡུམ་གྱིས་འཁྱུད༔ ཞལ་ནི་ལྔ་བརྒྱས་སྲིན་པོ་གཟིར༔ ཐལ་མོ་བརྡབ་པས་འབྱུང་པོ་འདུལ༔ ཞབས་ནི་ལྔ་བརྒྱ་ཡབ་དང་འཁྲིལ༔ ཤིན་ཏུ་ཆགས་པའི་རྡོར་པད་སྦྱོར༔ བ་སྤུའི་བུ་ག་ཐམས་ཅད་ནས༔ ཡེ་ཤེས་མེ་རླུང་ཚྭ་ཚྭ་འཕྲོས༔ ཀྱ་སོག་ཧོར་ཕུ་མཐའ་དམག་སྡེ༔ ལྷ་སྲུང་དང་བཅས་རྡུལ་དུ་བརླག༔ དཔལ་དང་དུར་ཁྲོད་ཆས་ཀུན་རྫོགས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ ཆུ་ཟླ་འཇའ་ཚོན་བཞིན་དུ་བསྒོམ༔ སྤྱི་བོར་ཡེ་ཤེས་བྱ་ཁྱུང་ལྡིང་༔ གདུག་པ་ཀླུ་གདོན་ཟས་སུ་ཟ༔ རྭ་བར་ཀུན་བཟང་ཡབ་ཡུམ་ཤར༔ མཆོག་ཐུན་དངོས་གྲུབ་ཆར་དུ་འབེབས༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་ཞི་དང་ཁྲོ༔ ཀུན་ཀྱང་ལྷ་ཡི་ཕྱག་རྒྱར་བཞེངས༔ དམ་ཡེ་དབྱེར་མེད་རོ་གཅིག་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུ་ལས༔ ལྷུན་གྲུབ་ཞི་དང་ཁྲོ་བོར་སྟོན༔ ཐུགས་རྗེ་སྒྱུ་འཕྲུལ་བསམ་ཡས་བཅས༔ གནས་འདིར་སྤྱན་འདྲེན་དབང་བྱིན་ཕོབ༔ ཨོཾ་ཤྲཱི་བཛྲ་ཀྲོ་ཏ་ཡཀྴ་ཀྲོ་ཏི་སརྦ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ སྣང་སྲིད་ཕུང་ཁམས་སྐྱེ་མཆེད་ཆོས༔ གདོད་ནས་ལྷ་ཡི་འཁོར་ལོར་རྫོགས༔ དམ་ཡེ་དབྱེར་མེད་རོ་གཅིག་ཕྱིར༔ མི་གཡོ་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧོཿདབྱིངས་ནས་ཤར་བའི་ཡེ་ཤེས་ལྷ༔ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལ༔ གཉིས་འཛིན་བྲལ་བའི་བརྡ་ཕྱག་འཚལ༔ ལྷན་སྐྱེས་ཆོས་སྐུའི་རང་ཞལ་སྤྲོད༔ ན་མོ་ན་མ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཕྱི་རུ་ཤར་བ་སྣོད་བཅུད་ཆོས༔ ནང་གི་ཞེན་རྟོག་རྣམ་དག་པ༔ འདོད་ཡོན་ལྔ་དང་མཉམ་པར་སྦྱོར༔ བླ་མེད་མཆོད་པའི་མཆོག་ཆེན་པོ༔ ཁྲག་འཐུང་ཁྲོ་བོའི་ལྷ་ལ་འབུལ༔ ཀུན་འབྱུང་བདེ་ཆེན་འཁོར་ལོ་རོལ༔ མ་ཧཱ་ག་ཎ་ཙཀྲ་པཉྩ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ དབྱིངས་ལ་ཡེ་ཤེས་རབ་ཞུགས་པ༔ རྩལ་སྣང་ལྷ་ཡི་ཕྱག་རྒྱར་བཞེངས༔ གདུག་པ་འདུལ་ཕྱིར་དྲག་པོར་སྟོན༔ དཔལ་ཆེན་ཁྲག་འཐུང་ཡབ་དང་ཡུམ༔ སྒྱུ་འཕྲུལ་རོལ་པའི་འཁོར་དང་བཅས༔ གདོད་ནས་རང་ལ་རྫོགས་པ་ཡི༔ དཀྱིལ་འཁོར་ཆེན་པོ་གདིང་ཐོབ་པའི༔ བརྡ་དོན་རྟགས་ཀྱི་ཡོན་ཏན་ཀུན༔ ངོ་ཤེས་མངོན་གྱུར་ངང་ནས་བསྟོད༔ དེ་ནས་འཛབ་དམིགས་ནི༔ ཧཱུྃ༔ དཔལ་ཆེན་ཐུགས་ཀར་ཉི་མའི་སྟེང་༔ གནམ་ལྕགས་རྡོ་རྗེ་ཕ་ལམ་སྦུབས༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྒྲ་གདངས་སྔགས་སུ་འཕོས༔ འབྱུང་ཁམས་སྣོད་བཅུད་དག་པར་སྦྱོར༔ འཕྲོ་འདུས་རྒྱལ་ཀུན་གཟི་བྱིན་བསྐུལ༔ མི་འགྱུར་བྱང་ཆུབ་སེམས་སུ་བཅིང་༔ ལྷ་སྔགས་དབྱེར་མེད་གདངས་རྩལ་ལས༔ ཡེ་ཤེས་མེ་རླུང་ཐུན་མཚོན་འཕྲོས༔ གཟུང་འཛིན་གཉིས་ཀྱིས་བསྡུས་པ་ཡི༔ མཐའ་མི་རིགས་སྔགས་རྫས་སྦྱོར་བཅས༔ བསྲེག་གཞོམ་བརླག་པའི་ཕྲིན་ལས་མཛད༔ སྣང་བ་ལྷ་ལ་སྒྲ་གྲགས་སྔགས༔ དྲན་རྟོག་ཐུགས་ཀྱི་འཁོར་ལོ་ཆེ༔ དག་པ་གཉིས་ལྡན་ངོ་བོར་འཕོས༔ ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་ཏ་ཀྲོ་ཏི་སརྦ་ས་མ་ཡ་སིདྡྷི་ཕ་ལ་ཧཱུྃ་ཨཱཿབྱེ་བ་བཟླས་པས་རྟགས་མཚན་གསལ༔ རེ་དང་དོགས་པའི་མཚན་འཛིན་སྤང་༔ དམིགས་མེད་ལྟ་བའི་ཀློང་རྒྱས་བཏབ༔ བདུད་དང་བར་དུ་གཅོད་པ་ཡང་༔ དངོས་གྲུབ་མཆོག་ཏུ་ཤེས་པ་ན༔ གེགས་དང་གོལ་ས་ཡོད་མ་ཡིན༔ རིགས་སྔགས་འབུམ་གྱི་ནུས་མཐུ་རྫོགས༔ རྒྱལ་ཀུན་ཐུགས་ཀྱི་ཡང་སྙིང་ཡིན༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ མི་བརྗེད་གཟུངས་ཐོབ་མཚོ་རྒྱལ་ཁྱོད༔ བཀའ་འདི་བརྡ་ཡི་རིས་སུ་ཐོབ༔ ཁམས་ཀྱི་སྟག་ཚང་བྲག་ཏུ་སྦོས༔ ལས་ཅན་བུ་ཡིས་འདི་རྙེད་ཤོག༔ མ་འོངས་དུས་ཀྱི་ཐ་མ་ལ༔ མི་ཐུབ་སྙིགས་མ་ལྔ་འབྱུང་ཚེ༔ བསྟན་གནས་དགོན་སྡེ་ཡུལ་ཀུན་འཇིག༔ མཐའ་མི་དབུས་སུ་ཕྱུར་བའི་ཚེ༔ བསྟན་པའི་བཙས་སུ་འདི་བཞག་གོ༔ བདུན་བརྒྱ་ཉེར་ལྔའི་སྲུང་མར་གཏད༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་བདག་ཁྲག་འཐུང་བདུད་འཇོམས་དཔལ་གྱི་རྡོ་རྗེས་རང་ལོ་ཉེར་ལྔའི་ལོར་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་གདན་དྲངས་ཏེ་མི་ལོ་དྲུག་ཅུ་རྩ་གཉིས་བར་དུ་བཀའ་རྒྱས་བཏབ་མཐར་དུས་བབ་ཀྱི་ལུང་བྱང་དང་འབྲེལ་བར་སྤྲུལ་པའི་སྐུ་སྣ་ཚོགས་རང་གྲོལ་དང་རྣལ་འབྱོར་ཀློང་ཆེན་རྡོ་རྗེ་སོགས་དོན་གཉེར་ཅན་དུ་མས་ནན་ཏན་ཆེན་པོས་བསྐུལ་ངོར་ལྕགས་སྤྲེལ་ཟླ་བ་གསུམ་པའི་གནམ་སྟོང་ཉིན་གཏེར་དཔེ་དངོས་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ལས་ལྡན་གྱི་སློབ་བུ་ཚུལ་ཁྲིམས་རྡོ་རྗེས་བགྱིས་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།

དབུ་ཁྲིད་བརྡ་ཡིག༔ ༥༨༧ཐུན་མཚམས་སུ་བཟློག་པའི་ངར་འདོགས་ནི༔ བདག་ཉིད་དཔལ་ཆེན་པོ་འབྱུང་པོ་འདུལ་བྱེད་ཁྲོ་བོའི་རྒྱལ་པོ་ཁམས་གསུམ་ཡོངས་སུ་གང་ཞིང་ཁྱབ་པའི་སྐུར་གསལ་བའི་ཕྱག་མཐིལ་ཉི་ཟླའི་དཀྱིལ་འཁོར་ཁ་བརྡབ་པའི་བར་དུ་མཐའ་མི་ཀྱ་སོག་ཧོར་ཕུ་དུས་མཐའི་འགོང་ནག་བསྟན་པའི་དགྲ་བོ་ཐམས་ཅད་ཚུད་ནས་ཐལ་རྡུལ་བཞིན་དུ་འཐག་པར་བསམ་ལ༔ ན་མོ༔ རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བཀའ་བདེན་པ་དང་༔ གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི་བཀའ་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་ཅིང་༔ ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པའི་བཀའ་བདེན་པ་དང་༔ ཁྱད་པར་དུ་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཅིག་ཏུ་འདུས་པའི་བདག་ཉིད་བཅོམ་ལྡན་འདས་དཔལ་ཆེ་མཆོག་ཧེ་རུ་ཀ་བདེ་གཤེགས་བཀའ་འདུས་ཁྲག་འཐུང་ཁྲོ་བོ་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ འདིར་ཡང་བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་བྱིན་གྱིས་བརླབས་པ་ལ་བརྟེན་ནས༔ སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་༔ དཔལ་ལྡན་བླ་མའི་སྐུ་དགྲ༔ སྒོས་སུ་འགྲོ་བའི་བདེ་སྐྱིད་འཕྲོག་ཅིང་རྣལ་འབྱོར་སྒྲུབ་པ་པོའི་ཐར་པ་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་ཉམས་པ་བདུན་དང་ལྡན་ཅིང་༔ ཞིང་བཅུ་ཚང་བའི་ལོག་འདྲེན་འབྱུང་པོ་མི་དང་མི་མ་ཡིན་པ་རྣམས་དང་༔ ཁྱད་པར་བསྟན་གནས་ཡུལ་དགོན་འཇིག་པར་བྱེད་པའི་དུས་མཐའི་འགོང་ནག༔ བསྟན་པའི་རཱུ་དྲ༔ ཀྱ་སོག་ཧོར་ཕུ༔ མཐའ་དམག་ཀླ་ཀློ་རྫས་སྔགས་རྦོད་གཏོང་རིགས་སྔགས་དང་བཅས་པ་ཐམས་ཅད་བརླག་པར་གྱུར་ཅིག༔ མེད་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ སྟོང་པར་གྱུར་ཅིག༔ མཱ་ར་ཡ་ཕཊ༔ མཱ་ར་ཡ་བྷྱོ༔ མཱ་ར་ཡ་བཟློག༔ དམིགས་གནད་ལྡན་པས་ཐལ་རྡེབ་དྲག་ཏུ་བྱའོ༔ ལྟ་བའི་ངར་དང་མི་བྲལ་བར༔ ཧོ༔ ཁྲོ་བོ་ཆེན་པོའི་ཏིང་འཛིན་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ རིགས་སྔགས་ནུས་པ་འགྲུབ་པ་དང་༔ གདུག་པའི་མཐུ་ནུས་གཞོམ་པར་ཤོག༔ ཅེས་སྨོན་ལམ་ལན་གསུམ་གདབ་པར་བྱའོ༔ འདི་ཡིས་མི་བཟློག་གང་ཡང་མེད༔ གནམ་ལྕགས་རྡོ་རྗེའི་ཐོག་དང་འདྲ༔ བྱད་མ་འབུམ་གྱི་སྲོག་སྙིང་འདྲེན༔ རྒྱལ་ཀུན་གསང་གསུམ་ནུས་པ་རྫོགས༔ རིགས་སྔགས་རྡོ་རྗེའི་གོ་ཆ་ཡིན༔ ལས་ཅན་བུ་ཡི་མཚོན་དུ་བཞག༔ བདུན་བརྒྱ་ཉེར་ལྔའི་སྲུང་མར་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་སྤྲུལ་པའི་སྐུ་སྣ་ཚོགས་རང་གྲོལ་དང་ཀློང་ཆེན་རྡོ་རྗེ་སོགས་ལས་ལྡན་གྱི་སློབ་བུ་དུ་མས་ནན་ཏན་ཆེན་པོས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨའི་ལུང་ཟིན་ཚུལ་ཁྲིམས་ཀྱིས་བགྱིས་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།དབུ་ཁྲིད་བརྡ་ཡིག༔ ༥༩༠ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ལ་ཡཀྴ་མ་རཀྨོ་བྷྱོ༔ དུ་ཏྲི་ནག་མོ་དུ་ན་དུན་བྷྱོ༔ ཡ་ཏྲི་ཛ་ཝ་ཤ་ཏྲུན་ཧཱུྃ་ཕཊ༔ ཤ་ལ་ཛཿརུས་ལ་རྦད༔ ཙིཏྟ་ཟུངས༔ སྙིང་ཁྲག་ལ་རྦད་བྷྱོ༔ ཤ་མ་རི་ཏི་ཨེ་ཧུར་ཐུམ་ཛ་རྦད་སོད་སོད༔ ལས་འབྲེལ་པས་སོ།།།།