TTDL-ZABTER-12-NA-027: Difference between revisions

From Dudjom Wiki
TTDL-ZABTER-12-NA-027
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=ma hA a ti yo ga'i zab chos dgongs pa klong rdol
|cycletib=མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་
|versonotes=bdud 'joms
|volnumtib=༡༢
|volyigtib=
|volumenumber=12
|volumenumber=12
|volumeLetter=NA
|volumeLetter=NA

Revision as of 07:54, 19 August 2024

Wylie title TTDL-ZABTER-12-NA-027.pdf
Location bdud 'joms gling pa zab gter
Volume 12, Text 27, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ (ma ha a ti yo ga'i zab chos dgongs pa klong rdol)
[edit]
༠༠༠༠༠བརྡ་ཡིག༡༡༧མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ གཏེར་སྲུང་རྨ་ཆེན་སྤོམ་རའི་སྲོག་དབང་བཞུགས་སོ༔ ༠༠༠༠༠བརྡ་ཡིག༡༡༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༡༡༨པདྨའི་བརྒྱུད་འཛིན་བུ་རྣམས་ཀྱིས༔ ང་ཡི་གཏེར་སྲུང་བསྒྲུབ་འདོད་ན༔ དབང་བསྐུར་ཟབ་མོ་གནད་ཀྱི་གནད༔ དེ་ལ་དབང་རྫས་རྣམས་བཤམས་ཏེ༔ སྒྲུབ་གཞུང་བསྲང་ནས་རྫོགས་པའི་མཐར༔ དབང་གི་བྱ་བ་བྱེད་པ་ལ༔ མདུན་གྱི་གཏོར་མ་མི་དམིགས་པའི་ངང་ལས་གཏེར་སྲུང་རྨ་རྒྱལ་སྤོམ་ར་དངོས་སུ་གསལ་བའི་སྐུའི་འོད་ཟེར་གྱིས་ཁོ་འཁོར་དང་བཅས་པ་ལན་ཚྭ་ཆུ་རུ་ཞུ་བ་ལྟར་གནས་རྟེན་དང་བཅས་མདུན་བསྐྱེད་དུ་རོ་གཅིག་པར་གྱུར༔ ལག་ཏུ་གཏད་པ་ཙམ་ནས་སྲོག་གི་དབང་ཐོབ་པར་བྱེད་པའི་རང་བཞིན་ཅན་དུ་གྱུར༔ ཐུགས་ཀར་བཻཿདང་ཀུཿལ་སྔགས་ཀྱིས་བསྐོར་བར་བསམ༔ བཟླས་པ་ཙམ་གྱིས་ཁོ་ཡི་སྲོག་སྙིང་བདག་ལ་ཐོབ་པར་བསྒོམ༔ བཻཿཀུ་མ་རུ་ཕུ་ཏྲི་ས་མ་ཡ་ཛ་ཛ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བརྒྱ་སྟོང་བརྗོད་མཐར་དབང་གི་བྱ་བ་ནི༔ དེ་ནས་སློབ་མ་གྲལ་དུ་འཁོད༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ བླ་མ་ལ་མཎྜལ་ཕུལ་ནས༔ ཞུ་ཕུལ་ནི༔ ཀྱཻ་ཧོ༔ བླ་མ་པདྨ་ཐོད་ཕྲེང་རྩལ༔ འགྲོ་བའི་མགོན་པོ་ཁྱོད་ཕྱག་འཚལ༔ གཏེར་སྲུང་རྨ་རྒྱལ་སྤོམ་ར་ཡི༔ སྲོག་གི་དབང་བསྐུར་བདག་ལ་སྩོལ༔ དེ་ནས་བླ་མས༔ ཧོཿསྐལ་བར་ལྡན་པའི་སློབ་མ་རྣམས༔ དབང་ཐོབ་ལྷ་ནི་གང་བསྒྲུབ་ཀྱང་༔ དེ་ལ་དབང་བ་གསང་སྔགས་ཀྱི༔ ཁྱད་ཆོས་ཡིན་པས་གནད་དུ་གཅེས༔ དབང་མ་ཐོབ་པའི་ལྷ་དཀྱིལ་འཁོར༔ བསྐལ་པར་བསྒྲུབ་ཀྱང་འབྲས་མི་འབྱིན༔ དེ་ཕྱིར་དད་དམ་ལྡན་པས་ཉོན༔ སྲོག་གི་དབང་མཆོག་བསྐུར་བགྱིའོ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ༴སྐད་ཅིག་གིས་མ་ཆགས་པདྨ་ཉི་ཟླའི་སྟེང་དུ༔ རྡོ་རྗེའི་སློབ་མ་དེ་ཉིད་སྐད་ཅིག་གིས་གནས་གྱུར་ནས་དཔལ་ཨོ་རྒྱན་པདྨ་འབྱུང་གནས་སྣང་སྲིད་ཟིལ་གནོན་ཞལ་གཅིག་ཕྱག་གཉིས་གཡས་པས་རྡོ་རྗེ་རྩེ་ལྔ་པ་བསྡིགས་ཤིང་གཡོན་པས་བྷན་ཐོད་ལྟེ་བར་བསྣམས་པ་ཟ་བེར་དང་ཕོད་ཁ་ཆོས་གོས་སྣམ་སྦྱར་དང་བླ་གོས་དང་ཐང་ཤམ་གྱིས་ཀླུབ་པ་དབུ་ལ་ཤ་བའི་གཉེན་ཞུ་གསོལ་ནས་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་ཤིང་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་བསྐྱེད༔ གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རིག་འཛིན་གྱི་རྒྱལ་པོ་པདྨ་འབྱུང་གནས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་སྤྱན་དྲངས་ལ་བསྟིམ་མོ༔ ཨོཾ་གུ་རུ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛ༔ ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ ཞེས་བསྟིམ་ནས༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས༔ སྐད་ཅིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་གིས་སྣང་བ་ཆེན་པོའི་ཀློང་དུ་འུབ་ཆུབ་པར་གྱུར༔ སྐད་ཅིག་གིས་སྣང་སྲིད་ཡོངས་སུ་བསྡུས་པ་ལས་མདུན་གྱི་དབང་རྫས་ཐམས་ཅད་རྨ་རྒྱལ་སྤོམ་ར་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཡོངས་སུ་འདུས་ཤིང་ཡོངས་སུ་རྫོགས་པའི་རང་བཞིན་ཅན་དུ་གྱུར༔ དེ་ནས་དམ་ཆུ་སྦྱིན་པ་ནི༔ ཧཱུྃ༔ རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱི༔ གསང་བའི་བདུད་རྩི་མནའ་ཡི་ཆུ༔ སློབ་མ་ཁྱོད་དང་བསྟན་སྲུང་གི༔ ལྕེ་ལ་བཞག་གོ་དམ་ལོངས་ཤིག༔ བདག་གིས་བསྒོ་བའི་བཀའ་ཉོན་ཅིག༔ འདའ་ན་རྡོ་རྗེ་དམྱལ་བར་བསྲེགས༔ དེ་ནས་སློབ་མ་དང་གཏེར་སྲུང་གཉིས་ཀྱི་ལྕེ་ལ་གདབ་པར་བསམ་སྟེ༔ ས་མ་ཡ་ན་ར་ཀན༔ གཉིས་ཀས་མནའ་བོར་བར་བསམ༔ དེ་ནས་སྐུ་གཟུགས་དེ་རྨ་རྒྱལ་དངོས་སུ་བསྐྱེད་ལ༔ ཧཱུྃ༔ པདྨའི་བཀའ་ཉན་གཏེར་གྱི་བདག༔ རྨ་རྒྱལ་སྤོམ་ར་ཆེན་པོ་འདི༔ ཁྱོད་ཀྱི་སྲུང་མར་དབང་བསྐུར་རོ༔ བདེན་གཉིས་བསླུ་བ་མེད་པའི་མཐུས༔ གཏེར་སྲུང་རྨ་རྒྱལ་སྤོམ་ར་ནི༔ སྐུ་ལ་དབང་བསྒྱུར་དབང་ཆེན་པོ༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ༔ ཀུ་མ་རུ་ཕུ་ཏྲི་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་སྔགས་འཁོར་ཐོགས་ལ༔ ཧཱུྃ༔ པདྨའི་བཀའ་ཉན་གཏེར་གྱི་བདག༔ རྨ་རྒྱལ་སྤོམ་ར་ལྷ་ཆེན་པོའི༔ སྲོག་གི་སྔགས་ཕྲེང་འདི་གཏད་པས༔ བདེན་གཉིས་བསླུ་བ་མེད་པའི་མཐུས༔ གསུང་ལ་དབང་བསྒྱུར་དབང་ཆེན་པོ༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ གོང་ནོན་སྔགས་ཀྱི་མཐར་རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་བཻ་ཏྲི་ཐོགས་ལ༔ ཧཱུྃ༔ པདྨའི་བཀའ་ཉན་གཏེར་གྱི་བདག༔ རྨ་རྒྱལ་སྤོམ་ར་ལྷ་ཆེན་པོའི༔ སྲོག་གི་སྙིང་པོ་འདི་གཏད་པས༔ བདེན་གཉིས་བསླུ་བ་མེད་པའི་མཐུས༔ སྲོག་དང་ཐུགས་ལ་དབང་བསྒྱུར་དབང་༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ གོང་ནོན་སྔགས་མཐར་རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་རིན་ཆེན་སྣ་ཚོགས་མེ་ལོང་སྟེང་དུ་བླུགས་ནས་གཏད་དོ༔ ཧཱུྃ༔ པདྨའི་བཀའ་ཉན་གཏེར་གྱི་བདག༔ རྨ་རྒྱལ་སྤོམ་ར་ལྷ་ཆེན་པོའི༔ གནས་དང་དཀོར་མཛོད་འདི་གཏད་པས༔ བདེན་གཉིས་བསླུ་བ་མེད་པའི་མཐུས༔ གནས་ཡུལ་དཀོར་ལ་ལོངས་སྤྱོད་དབང་༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་ཟས་སྣ་རིན་ཆེན་གཞོང་པར་བསགས་ཏེ་གཏད་པ་ནི༔ ཧཱུྃ༔ པདྨའི་བཀའ་ཉན་གཏེར་གྱི་བདག༔ རྨ་རྒྱལ་སྤོམ་ར་ལྷ་ཆེན་པོའི༔ ལོངས་སྤྱོད་ཟས་ཚོགས་འདི་གཏད་པས༔ བདེན་གཉིས་བསླུ་བ་མེད་པའི་མཐུས༔ བཟའ་བཏུང་ལོངས་སྤྱོད་དབང་ཐོབ་ཤོག༔ སྔགས་མཐར༔ སརྦ་ག་ཎ་ཙཀྲ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ པདྨའི་བཀའ་ཉན་གཏེར་གྱི་བདག༔ རྨ་རྒྱལ་སྤོོམ་ར་ལྷ་ཆེན་པོའི༔ ཡབ་ཡུམ་སྲས་འཁོར་ཡང་འཁོར་བཅས༔ མ་ལུས་བསྙེན་སྒྲུབ་དབང་ཐོབ་ཤོག༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རིག་འཛིན་བརྒྱུད་པའི་བྱིན་རླབས་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས༔ རྨ་རྒྱལ་སྤོམ་ར་ཡབ་ཡུམ་དང་༔ སྤྲུལ་འཁོར་ཡང་འཁོར་གནས་རྟེན་དཀོར༔ མ་ལུས་ལུས་པ་མེད་པ་ཀུན༔ སྐལ་ལྡན་བུ་ལ་དབང་ཐོབ་ཤོག༔ འཁོར་ཞིང་འགོ་བར་མཛད་དུ་གསོལ༔ བཀྲ་ཤིས་སྨོན་ལམ་བདེན་སྟོབས་བརྗོད༔ འདིས་ནི་དབང་སྡུད་བྲན་དུ་ཁོལ༔ སྙིང་ཉེ་ལོངས་སྤྱོད་ཐམས་ཅད་སྟེར༔ དགྲ་སྒྲོལ་མཐུ་ཡི་དཔལ་ཡང་ཡོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ ཨ་ཐམ་རྒྱ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཀློང་རྡོལ་རིག་པའི་སྒྲོམ་ལས་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།