TTDL-ZABTER-13-PA-023: Difference between revisions

From Dudjom Wiki
TTDL-ZABTER-13-PA-023
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|versonotes=bdud 'joms
|volnumtib=༡༣
|volyigtib=
|volumenumber=13
|volumenumber=13
|volumeLetter=PA
|volumeLetter=PA

Revision as of 10:36, 23 August 2024

Wylie title TTDL-ZABTER-13-PA-023.pdf
Location bdud 'joms gling pa zab gter
Volume 13, Text 23, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ལྷ་ཆེན་ཚོགས་ཀྱི་བདག་པོའི་གསོལ་མཆོད་སྣང་སྲིད་དབང་སྡུད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༧༩དམ་ཚིག་གནད་ལྡན་རྣལ་འབྱོར་གྱིས༔ ལྷ་ཆེན་གྲོགས་སུ་བསྟེན་པ་ལ༔ དངོས་སུ་འབྱོར་བའི་མཆོད་རྫས་ནི༔ ཡིད་ཀྱི་དཔག་ཏུ་མེད་པ་སྤྲུལ༔ ནམ་མཁའ་མཛོད་ཀྱི་སྔགས་བདུན་མཐར༔ རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་དམ་པ་མཛེས་ཤིང་ཡིད་དུ་འོང་བ་ཉམས་དགའ་བའི་དབུས་སུ་གསེར་གྱི་འཁོར་ལོའི་ལྟེ་བར་ལྷ་ཆེན་ཚོགས་ཀྱི་བདག་པོ་སྐུ་མདོག་དམར་ནག་གླང་པོ་ཆེའི་གདོང་པ་ཅན་གཡས་ལྕགས་ཀྱུ་དང་གཡོན་ནོར་བུ་བསྣམས་པ༔ གཅེར་བུ་རྒྱན་སྤངས་པ་ཞབས་གཉིས་དོར་ཐབས་མཛད་ཅིང་ལིང་ག་གྱེན་དུ་བསྒྲེང་བ་ཆགས་པའི་ཟིལ་པ་འཁྲིགས་པའི་གཡོན་ཕྱོགས་སུ་ཡུམ་ཨུ་མ་དཱེ་ཝི་སྤྲེའུའི་གདོང་ཅན་གཅེར་བུ་རྒྱན་མེད་པ་གཡས་ལ་ཏི་སྟོབ་ཅིང་གཡོན་པས་ཡབ་ལ་བཏུད་པ་ཆགས་པའི་ཟིལ་པ་འཁྲིགས་པ་ཡབ་ཡུམ་གཉིས་ཀ་ཤིན་ཏུ་ཆགས་པ་དང་བདེ་བའི་ཉམས་ཅན་དུ་བསྐྱེད་དོ༔ མཐའ་བསྐོར་དུ་སྣང་སྲིད་ཀྱི་དྲེགས་པ་ཅན་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པས་གུས་ཤིང་འདུད་པར་བསྒོམ༔ གནས་གསུམ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་གསེར་གྱི་བྲག་སྐྱིབ་ཆེན་པོ་ནས་ལྷ་ཆེན་ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས་ལ་བསྟིམ་མོ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧོཿདགོངས་སུ་གསོལ་ལོ༔ ལན་གསུམ༔ དྲང་སྲོང་ལྷ་ཡི་བླ་མ་ཚོགས་ཀྱི་བདག་པོ་འདོད་པ་ཁམས་ཀྱི་དབང་ཕྱུག་ཆེན་པོ་ཨུ་མ་དཱེ་ཝི་སྲས་དང་སྤྲུལ་པ་བཀའ་སྡོད་དང་བཅས་པ་ཐམས་ཅད་བཀའ་དང་ཐ་ཚིག་གཉན་གྱིས་འབོད་དོ༔ དམ་ཚིག་དབང་གིས་སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ ཨོཾ་མ་ཧཱ་དཱེ་ཝ་ཧྲཱི༔ ཨུ་མ་དཱེ་ཝི་ཧྲཱིཾ༔ སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཕེཾ་ཕེཾ་ཨ་བེ་ཤ་ཡ་སྟྭཾ༔ ལན་གསུམ་མཐར་གསོལ་མཆོད་བྱ་བ་ལ༔ རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་སྣང་སྲིད་ཀྱི་བཅུད་དང་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་གཏོར་མ་བཟའ་བཅའ་བཏུང་བ་ལྡག་གཞིབ་ལ་སོགས་འདོད་ཡོན་ལྔ་ཡི་ཕུང་པོ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྷ་ཆེན་ཡབ་ཡུམ་འཁོར་དང་བཅས་པའི་སྐུ་ལ་ཕོག་པས་ཐུགས་བདེ་སྟོང་གི་རོས་ཚིམས༔ དམ་ཚིག་གཉན་གྱི་སྲོག་ཐོབ་སྟེ་རང་ལ་ཕ་མ་བུ་ཚ་ལྟར་བརྩེ་ཞིང་ཁམས་གསུམ་གྱི་བློ་ཡིད་སེམས་གསུམ་ལ་དབང་བསྒྱུར་བའི་མཐུ་ནུས་དང་ལྡན་པར་བསམ་ལ་འདི་སྐད་དོ༔ ཧྲཱིཿའདོད་ཁམས་འདོད་པའི་རྒྱལ་པོ་ཆེ༔ སྣང་སྟོང་སྦྱོར་བའི་བདེ་ཆེན་པོའི༔ དགྱེས་རོལ་བྱིན་གྱིས་ཁམས་གསུམ་འགུགས༔ དྲང་སྲོང་ལྷ་ཡི་བླ་མ་ཆེ༔ དབང་ཕྱུག་ཨུ་མ་ལྕམ་དྲལ་བཅས༔ དད་དམ་དབང་གིས་འདིར་གཤེགས་བཞུགས༔ རྣལ་འབྱོར་སྲུང་མར་མངའ་གསོལ་ལོ༔ སྣོད་བཅུད་སྤྲུལ་པ་ཆེན་པོ་ཡི༔ ཀློང་རྒྱས་འདེབས་པའི་གདིང་ཆེན་གྱིས༔ གཉིས་མེད་རོལ་པའི་འདོད་ཡོན་སྤྲིན༔ མི་ཟད་ནམ་མཁའི་མཛོད་ཆེན་པོ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ འཁོར་འདས་དག་མཉམ་ཆེན་པོ་རུ༔ གཉིས་མེད་ཀློང་དུ་མ་གྱུར་བར༔ དབྱེར་མེད་གྲོགས་མཛོད་བསམ་དོན་སྒྲུབས༔ བདག་བློ་སྲིད་ལས་རྟག་བཟློག་ཅིང་༔ དག་པ་ཆེན་པོའི་ལམ་དུ་ཚུད༔ ས་དང་ལམ་གྱི་བར་ཆད་སོལ༔ སྐྱེ་འགྲོ་བློ་ཡིད་བདག་དབང་བསྒྱུར༔ གདུལ་བྱའི་དཔལ་དུ་ཐོབ་པར་མཛོད༔ འདོད་རྒུ་ཡིད་བཞིན་བྱེ་བྲག་ཀུན༔ དྲན་པ་ཙམ་གྱིས་ལྷུན་གྲུབ་མཛོད༔ ཕྲིན་ལས་རབ་འབྱམས་བྱེ་བྲག་ཀུན༔ འབད་མེད་སྒྲུབས་ཤིག་ས་མ་ཡ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧྲཱིཿསྣང་བ་བདེ་ཆེན་ཐབས་ཀྱི་མཆོག༔ སྟོང་ཉིད་ཤེས་རབ་ཡུམ་གྱི་ངང་༔ གཉིས་མེད་སྦྱོར་བའི་ཀློང་ཆེན་པོ༔ འདོད་པའི་རྒྱལ་པོ་ཁྱོད་ལ་བསྟོད༔ མ་རིག་འཁྲུལ་པའི་སེམས་སྣང་ཀུན༔ ཤེས་རབ་ཆེན་པོ་སྒྱུ་མར་སྟོན༔ སོ་སོར་ཕྱོགས་ཆར་སྐྱེ་འགྲོའི་ཁམས༔ གཉིས་མེད་རོལ་པར་རོལ་ལ་བསྟོད༔ མི་ཤིགས་ཐིག་ལེ་ཆེན་པོའི་དབྱིངས༔ ཁམས་གསུམ་སྦྱོར་ཞིང་སྒྲོལ་བའི་སྟོབས༔ འབར་བའི་དཔལ་ལྡན་དབང་ཆེན་པོ༔ འགྲོ་བའི་བླ་མ་ཁྱོད་ལ་བསྟོད༔ ས་མ་ཡ༔ ཡང་ན་གསོལ་མཆོད་བསྡུས་པ་འདི༔ ནམ་མཁའ་མཛོད་ཀྱི་སྔགས་བརྗོད་མཐར༔ ཧྲཱིཿསྣང་སྟོང་སྦྱོར་པའི་དབྱིངས་ཆེན་པོ༔ འདོད་པའི་རྒྱལ་པོ་ལྷའི་བླ་མ༔ དབང་ཕྱུག་ཨུ་མ་སྤྲུལ་འཁོར་བཅས༔ འདིར་གཤེགས་བདག་གི་སྲུང་མར་བཞུགས༔ འདོད་ཡོན་མི་ཟད་སྤྲིན་དུ་འབུལ༔ ཕྲིན་ལས་རབ་འབྱམས་ཐམས་ཅད་ཀུན༔ འབད་མེད་སྒྲུབས་ཤིག་ས་མ་ཡ༔ གང་གིས་རྟེན་ལ་བརྟེན་ནས་སུ༔ འདི་ནི་གང་གིས་བསྒྲུབ་པ་ཡི༔ རྣལ་འབྱོར་དམ་ཚིག་གནད་ལྡན་གང་༔ སྣང་སྲིད་དབང་སྡུད་བྲན་འཁོར་ཏེ༔ ཕྲིན་ལས་རབ་འབྱམས་ཐོགས་མེད་འགྲུབ༔ མི་མཐུན་ཕྱོགས་རྣམས་ཀུན་ལས་རྒྱལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དྲང་སྲོང་གཟའ་བདུད་རྒྱལ་པོས་སྲུངས༔ དམ་རྒྱ༔ ཞེས་པ་འདི་ཡང་ཀ་དག་རྫོགས་པ་ཆེན་པོ་འཁོར་འདས་འུབ་ཆུབ་རོལ་པའི་རྣལ་འབྱོར་པ་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཡེ་ཤེས་སྒྱུ་མའི་ཀློང་མཛོད་ལས་ཞལ་ཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་པདྨའི་ལུང་ཟིན་འཇིགས་མེད་ཀློང་གྲོལ་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།