TTDL-ZABTER-14-PHA-072: Difference between revisions

From Dudjom Wiki
TTDL-ZABTER-14-PHA-072
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 14: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=dag snang ye shes drwa ba
|cycletib=དག་སྣང་ཡེ་ཤེས་དྲྭ་བ་
|versonotes=bdud 'joms
|volnumtib=༡༤
|volyigtib=
|volumenumber=14
|volumenumber=14
|volumeLetter=PHA
|volumeLetter=PHA

Revision as of 13:53, 21 August 2024

Wylie title TTDL-ZABTER-14-PHA-072.pdf
Location bdud 'joms gling pa zab gter
Volume 14, Text 72, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
བརྡ་ཡིག་༠༠༠༠༠༤༥༧༔ མིང་གི་རྒྱན་ཅན་མུ་ཏིག་ཕྲེང་མཛེས་བཞུགས༔ ན་མོ༔ མཁྱེན་བརྩེའི་གཏེར་ཆེན་ཀུན་མཁྱེན་ཡེ་ཤེས་མཛོད༔ འཇིགས་མེད་འོད་མི་འགྱུར་བའི་མགོན་པོ་ཡི༔ ཐུགས་རྗེའི་འོད་ཟེར་ཕྲིན་ལས་མཐའ་ཡས་པ༔ ཀུན་འདུས་རྡོ་རྗེའི་ངོ་བོ་འཛམ་གླིང་རྒྱན༔ མི་འགྱུར་མི་ཤིགས་གཡུང་དྲུང་ལྟ་བུ་རུ༔ མཆོག་གསུམ་རྩ་གསུམ་བདེན་པས་ཞབས་བརྟན་ཤོག༔ ཅེས་པ་འདི་ས་མོ་སྦྲུལ་གྱི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བའི་ཚེས་བཅུའི་ནུབ་མཁའ་འགྲོ་མ་དཀར་མོ་དར་དང་རཏྣའི་རྒྱན་གྱིས་བརྒྱན་པ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཞིག་གིས་སྤྲིན་དང་འཇའ་འོད་འདྲེས་པའི་ཀློང་ནས་སྐུ་གར་སྟབས་མཛད་ཅིང་༔ ཀྱེ༔ བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ༔ མཁའ་འགྲོའི་གསང་མཛོད་བདག་པོ་ཁྱོད༔ ཟབ་ཆོས་ཡི་གེར་མྱུར་དུ་ཕོབ༔ ང་ཡི་སྙིང་ཐིག་བདག་པོ་ནི༔ ས་མོ་སྦྲུལ་གྱི་ལོ་པ་འབྱུང་༔ བོད་ཁམས་མུན་པའི་སྨག་རུམ་སེལ༔ དེ་ཕྱིར་མིང་གི་རྒྱན་མཛེས་འདི༔ ཨོ་རྒྱན་ཆེན་པོའི་ཞལ་ཐིག་ཡིན༔ པདྨ་འོད་ཀྱི་གཞལ་ཡས་ནས༔ ཕོ་ཉར་མངགས་པ་ལྷ་ལྕམ་དང་༔ ཁྱེད་ཅག་རྗེ་འབངས་ཤ་སྟག་འདུག༔ བདག་ཀྱང་སྤྲོ་བའི་གླུ་གར་འགྱེད༔ ད་དུང་སྐད་ཅིག་དབྱེར་མེད་འགྲོགས༔ རྡོ་རྗེ་ཐེག་པའི་ཡང་བཅུད་རོལ༔ དཔོན་སློབ་ཚེ་སྒྲུབ་དེས་མཐར་སྐྱོལ༔ ལྕགས་རྟའི་ལོ་ལ་ལྷོ་གནས་བདེ༔ ཞེས་གསུངས་ཤིང་༔ སྒྱུ་མ་ལྟ་བུའི་ཀློང་དུ་ཐིམ་པ་རྨིས༔ བདུད་འཇོམས་རྡོ་རྗེས་སོ།།།།