TTDL-ZABTER-15-BA-054: Difference between revisions

From Dudjom Wiki
TTDL-ZABTER-15-BA-054
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=dag snang ye shes drwa ba
|cycletib=དག་སྣང་ཡེ་ཤེས་དྲྭ་བ་
|versonotes=bdud 'joms
|volnumtib=༡༥
|volyigtib=
|volumenumber=15
|volumenumber=15
|volumeLetter=BA
|volumeLetter=BA

Revision as of 15:06, 28 August 2024

Wylie title TTDL-ZABTER-15-BA-054.pdf
Location bdud 'joms gling pa zab gter
Volume 15, Text 54, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྒྲུབ་པའི་ཆ་ལག་དབང་དང་དངོས་གྲུབ་ཆར་འབེབས་གཏེར་ཀྱི་བུམ་བཟང་བཞུགས་སོ༔ ན་མོ་གུ་རུ་མཱུ་ཁྱོ་པདྨ་ཀ་ར་ཡེ༔ གྲངས་མེད་བསྐལ་པའི་སྔོན་རོལ་ནས༔ གསང་སྔགས་སྒྲུབ་པ་ཟབ་མོ་ལ༔ ལས་འབྲེལ་བཟང་པོའི་རྒྱུས་བསྐྱེད་པས༔ སྒྲུབ་པ་བྱེད་པའི་སྐལ་ལྡན་གྱིས༔ རང་སྣང་དོན་གྱི་འོག་མིན་ནས༔ རང་རིག་སྒྱུ་འཕྲུལ་འཁོར་ལོ་ཡིས༔ གསང་གསུམ་རྡོ་རྗེའི་གཏེར་མཛོད་ལས༔ དབང་དང་དངོས་གྲུབ་ལེན་པ་ལས༔ དང་པོ་སྐུ་གསུང་ཐུགས་མཆོག་གི༔ དབང་དང་དངོས་གྲུབ་རྫས་བསགས་ཏེ༔ བསྒྲུབ་ཅིང་གྲུབ་པ་ཐོན་པའི་རྗེས༔ དབང་དང་དངོས་གྲུབ་བླང་བ་ལ༔ དང་པོ་གསོལ་བ་གདབ་པ་ནི༔ ཀྱེ་ཧོཿརྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང་བརྒྱུད་པ་དགུ་ལྡན་བླ་མ་དགོངས་སུ་གསོལ༔ རྒྱུད་སྡེ་བཞི་དྲུག་ཐེག་དགུར་འབྲེལ་བ་ཡི༔ ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོའི་ཚོགས༔ དད་དང་དམ་ཚིགས་ཐུགས་རྗེའི་རྒྱུད་བསྐུལ་ལོ༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ལ༔ སྒྲུབ་པའི་རྣལ་འབྱོར་བདག་ཅག་མཆེད་ལྕམ་ལ༔ དབང་དང་དངོས་གྲུབ་སྩོལ་བའི་དུས་ལ་བབ༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཛ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ༔ དེ་ནས་དབང་དང་དངོས་གྲུབ་བླང་བ་ལ༔ ཧཱུྃ༔ བུམ་པ་སྤྲོས་བྲལ་ཆོས་སྐུའི་མཁར༔ ལྷུན་གྲུབ་བདེ་ཆེན་བཀོད་པ་རྫོགས༔ གང་འདུལ་ཐུགས་རྗེ་རོལ་གར་ངོམས༔ མི་འགྱུར་སྐུའི་གསང་མཛོད་ནས༔ བུམ་པ་སྐུ་ཡི་དབང་དངོས་གྲུབ༔ དཀར་གསལ་འོད་ཀྱི་རྣམ་པ་རུ༔ སྤྱི་བོ་ནས་ཞུགས་ལུས་ལ་ཐིམ༔ ལུས་དང་རྩ་ཡི་སྒྲིབ་པ་དག༔ བུམ་དབང་ཐོབ་ཅིང་འགྱུར་མེད་སྐུའི༔ དངོས་གྲུབ་ཀུན་ཐོབ་སྤྲུལ་པའི་སྐུའི༔ གོ་འཕང་མངོན་དུ་འགྱུར་བར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཀཱ་ཡ་སིདྡྷི་ཕ་ལ་ཧོ༔ ཧཱུྃ༔ ལྷུན་གྲུབ་བདེ་ཆེན་གསང་མཛོད་ནས༔ གསང་བ་གསུང་གི་དབང་དངོས་གྲུབ༔ དམར་གསལ་འོད་ཀྱི་རྣམ་པར་བྱུང་༔ བདག་གི་མགྲིན་པ་ནས་ཞུགས་སྟེ༔ ངག་དང་རླུང་གི་སྒྲུབ་པ་དག༔ གསང་བ་གསུང་གི་དབང་དངོས་གྲུབ༔ ཡོངས་ཐོབ་ལོངས་སྐུར་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ 'ཝཱཀ་ཨ་བྷི་ཥིཉྩ་ཨཱ༔ ཝཱཀ་སིདྡྷི་ཕ་ལ་ཧོ༔ ཧཱུྃ༔ ཀ་དག་སྤྲོས་བྲལ་ཐུགས་ཀློང་ནས༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པའིཿངོ་བོ་འོད་ཐུག་མཐིང་ནག་གི༔ རྣམ་པར་རང་གི་སྙིང་གར་ཐིམ༔ ཡིད་དང་ཐིག་ལེའི་སྒྲིབ་པ་དག༔ ཐུགས་མཆོག་ཤེས་རབ་ཡེ་ཤེས་ཀྱི༔ དབང་དང་དངོས་གྲུབ་ཀུན་ཐོབ་ཅིང་༔ ཆོས་ཀྱི་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷིཉྩ་ཧཱུྃ༔ ཙིཏྟ་པྲཛྙཱ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧོ༔ ཁྱབ་བདག་གདོད་མའི་མགོན་པོ་ཡི༔ སྐུ་བཞི་དང་ནི་ཡེ་ཤེས་ལྔའི༔ རྣམ་པ་འོད་ལྔ་སྤྲིན་བཞིན་དུ༔ བདག་གི་གནས་ལྔར་ཐིམ་པ་ཡིས༔ སྒྲིབ་གཉིས་བག་ཆགས་ཀུན་དག་སྟེ༔ ཀ་དག་ཚིག་དབང་ཐོབ་པ་དང་༔ དངོས་གྲུབ་མ་ལུས་ཇི་སྙེད་པ༔ ཡོངས་ཐོབ་སྐུ་བཞི་ཡེ་ཤེས་ལྔའི༔ བདག་ཉིད་ཆེན་པོའི་དཔལ་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཨཱ༔ སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་དངོས་གྲུབ་ཀྱི་རྫས་རྣམས་སྤྱོ་བོ་མགྲིན་པ་སྙིང་ག་རྣམས་སུ་གཏུགས་ཏེ་དམིགས་གསལ་ཀྱི་གནད་དང་ལྡན་པས་དབང་དང་དངོས་གྲུབ་བླངས་ལ༔ རྩ་སྔགས་མཐར༔ བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་སིདྡྷི་ཕ་ལ་ཧོ༔ ཅི་མང་བཟླས༔ བསྐྱེད་དམིགས་གསལ་བའི་གནད་ལྡན་ན༔ དབང་དང་དངོས་གྲུབ་ཀུན་ཐོབ་ཅིང་༔ རྣམ་གྲོལ་ས་ལ་མྱུར་སླེབས་འགྱུར་༔ ས་མ་ཡ༔ བཀའ་སྲུང་རྨ་རུ་ཙེ་རྒྱལ་གྱིས་སྲུངས་ཤིག༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཆེ་མཆོག་ཅེས་བྱ་བས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།།དགེའོ།།།།