TTDL-ZABTER-12-NA-062: Difference between revisions

From Dudjom Wiki
TTDL-ZABTER-12-NA-062
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|versonotes=bdud 'joms
|volnumtib=༡༢
|volyigtib=
|volumenumber=12
|volumenumber=12
|volumeLetter=NA
|volumeLetter=NA

Revision as of 08:05, 19 August 2024

Wylie title TTDL-ZABTER-12-NA-062.pdf
Location bdud 'joms gling pa zab gter
Volume 12, Text 62, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
༠༠༠༠༠༠བརྡ་ཡིག༣༧༡ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཐུགས་རྗེ་ཆེན་པོའི་སྒྲུབ་པའི་ཆ་ལག་བྱིན་འབེབས་བྱིན་རླབས་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༧༡སྦོས་བསྲེགས་རོལ་མོ་སྣ་ཚོགས་དཀྲོལ༔ རང་རང་རྣམས་ཀྱི་དད་པ་དང་མོས་གུས་གདུང་བ་དྲག་པོའི་ཤུགས་བསྐྱེད་པ་དང་༔ ཆབ་གཅིག་ཏུ་སྙིང་ག་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་སྐུ་གཟུགས་དང་ཡི་གེ་དང་ཕྱག་མཚན་སྣ་ཚོགས་པའི་རྣམ་པར་བྱུང་ནས་བདག་དང་སྒྲུབ་རྫས་རྣམས་ལ་ཐིམ་པས་དབང་བྱིན་དངོས་གྲུབ་ཐམས་ཅད་རྫོགས་པར་བསམ་ལ༔ ཧཱུྃ་ཧྲཱིཿབྱིན་ཆེན་ངོ་མཚར་མཆོག་གི་གནས༔ རང་སྣང་དོན་གྱི་འོག་མིན་ནས༔ ཀ་དག་ཆོས་སྐུའི་དངོས་གྲུབ་བརྙེས༔ ཀུན་བཟང་ཡབ་ཡུམ་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར༴ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ སྐུ་དང་ཡེ་ཤེས་དངོས༴རིགས་ལྔ་གངས་ཆེན་བྱིན༴བྱིན་ཆེན་ངོ་མཚར༴འགྲོ་འདུལ་སྤྲུལ་པའི་ཕོ་བྲང་ནས༔ ཀུན་ཁྱབ་ཐུགས་རྗེའི་དངོས༴སྤྲུལ་སྐུ་རབ་འབྱམས་བྱིན༴བྱིན་ཆེན་ངོ་མཚར༴བདེ་བ་ཅན་གྱི་ཞིང་ཁམས་ནས༔ འཆི་མེད་ཚེ་ཡི་དངོས༴སྣང་བ་མཐའ་ཡས་བྱིན༴བྱིན་ཆེན་ངོ་མཚར༴རང་བྱུང་ཡེ་ཤེས་གཞལ་ཡས་ནས༔ གཞོན་ནུ་བུམ་སྐུའི་དངོས༴དགའ་རབ་རྡོ་རྗེའི་བྱིན༴བྱིན་ཆེན་ངོ་མཚར༴སྐུ་དང་ཡེ་ཤེས་གཞལ་ཡས་ནས༔ འཕོ་བ་ཆེན་པོའི་དངོས༴ཤྲཱི་སེང་ཧས་བྱིན༴བྱིན་ཆེན་ངོ་མཚར༴ཟངས་མདོག་དཔལ་རིའི་གནས་མཆོག་ཏུ༔ དོན་གཉིས་མཐར་ཕྱིན་དངོས༴པདྨ་འབྱུང་གནས་བྱིན༴བྱིན་ཆེན་ངོ་མཚར༴ཟག་མེད་བདེ་ཆེན་གཞལ་ཡས་ནས༔ ཐུན་མོང་མཆོག་གི་དངོས༴ཡེ་ཤེས་མཚོ་རྒྱལ་བྱིན༴བྱིན་ཆེན་ངོ་མཚར༴དག་པ་དབྱིངས་ཀྱི་དཀྱིལ་འཁོར་ནས༔ སྐུ་གསུམ་ལྷུན་གྲུབ་དངོས༴ཁྱེའུ་ཆུང་ལོ་ཙཱའི་བྱིན༴བྱིན་ཆེན་ངོ་མཚར༴སྤྱི་གཙུག་བདེ་ཆེན་འཁོར་ལོ་ནས༔ འགྲོ་བ་འདུལ་པའི་དངོས༴དྲིན་ཆེན་བླ་མའི་བྱིན༴བྱིན་ཆེན་ངོ་མཚར༴རི་བོ་ཏ་ལའི་གནས་མཆོག་ནས༔ འཁོར་བ་དོང་སྤྲུགས་དངོས༴ཐུགས་རྗེ་ཆེན་པོས་བྱིན༴བྱིན་ཆེན་ངོ་མཚར༴གསང་ཆེན་རོལ་པའི་དུར་ཁྲོད་ནས༔ མཁྱེན་གཉིས་མངོན་གྱུར་དངོས༴གསང་བ་ཡེ་ཤེས་བྱིན༴བྱིན་ཆེན་ངོ་མཚར༴འཁོར་འདས་དག་མཉམ་དཀྱིལ་འཁོར་ནས༔ ཐབས་ཤེས་གཉིས་མེད་སྒྱུ་འཕྲུལ་ལྷ༔ དབྱིངས་ནས་སྐུར་བཞེངས་བྱིན༴བྱིན་ཆེན་ངོ་མཚར༴མངོན་སྤྱོད་རོལ་པའི་དུར་ཁྲོད་ནས༔ གདུག་པ་ཀུན་འདུལ་དངོས༴ཆོས་སྐྱོང་སྲུང་མའི་བྱིན་ཕོབ་ཅིག༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ལ༔ དབང་ཆེན་རྣམས་ཀྱིས་དབང་བསྐུར་ཅིག༔ རྟགས་དང་མཚན་མ་སྟོན་པ་དང་༔ མཆོག་ཐུན་དངོས་གྲུབ་མྱུར་སྩོལ་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཨེ་ཨ་རལླི་ཕེཾ་ཕེཾ༔ ཨ་བེ་ཤ་ཡ་ཨ་ཨཱཿའདི་ལྟར་མོས་གུས་དམིགས་གནད་ཀྱིས༔ ཡང་ཡང་བྱིན་ཆེན་དབབ་པར་བྱ༔ དེས་ནི་རིང་པོར་མི་ཐོགས་པར༔ དངོས་གྲུབ་རྣམ་གཉིས་མྱུར་ཐོབ་འགྱུར༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་སློབ་བུ་ཆོས་འབྱོར་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།