TTDL-ZABTER-13-PA-073: Difference between revisions

From Dudjom Wiki
TTDL-ZABTER-13-PA-073
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|versonotes=bdud 'joms
|volnumtib=༡༣
|volyigtib=
|volumenumber=13
|volumenumber=13
|volumeLetter=PA
|volumeLetter=PA

Revision as of 10:45, 23 August 2024

Wylie title TTDL-ZABTER-13-PA-073.pdf
Location bdud 'joms gling pa zab gter
Volume 13, Text 73, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་སྒྲུབ་ཐབས་ཡིད་བཞིན་དཔལ་སྟེར་བཞུགས་སོ༔ ན་མོ་གུ་རུ་བཛྲ་པཱ་ཎི་ཡེ༔ ༠༠༠༠བརྡ་ཡིག༢༧༧རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་མེ་རླུང་ཆར་སྤྲིན་འཁྲིགས་པའི་ཀློང་དུ་དམ་ཅན་རྡོ་རྗེ་ལེགས་པ་སྐུ་མདོག་དམར་ནག་གཡས་རྡོ་རྗེ་དང་གཡོན་དགྲ་སྙིང་བསྣམས་པ་དབུ་ལ་སྭག་ཞུ་དང་སྐུ་ལ་དར་བེར་གསོལ་བ༔ རྐེད་པར་སྟག་རལ་དང་གཟིག་ཤུབ་ཀྱིས་བརྒྱན་པ་ཤིན་ཏུ་ཁྲོས་ཤིང་གཏུམ་པ་སེང་གེ་དཀར་མོ་ལ་བཅིབས་ཤིང་འཁོར་བཙན་ཐེའུ་སྡེ་བརྒྱད་ཀྱིས་བསྐོར་བ་དང་བཅས་པ་སྤྱན་དྲངས༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཕེཾ་ཛ་ཛཿདེ་ནས་གསོལ་མཆོད་བྱ་བ་ལ༔ ནམ་མཁའ་མཛོད་སྔགས་མཐར༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ རྡོ་རྗེ་ལེགས་པ་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ བདག་གི་སྲུང་མར་མངའ་གསོལ་ལོ༔ བསྟན་པ་བསྲུང་ཕྱིར་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ འཁོར་སྲུང་རྐྱེན་བཟློག་བར་ཆད་སོལ༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ མ་གཡེལ་མ་འགྱངས་ས་མ་ཡ༔ ཞེས་པས་ཕ་མ་བུ་ཚ་བཞིན༔ བྲན་ཁོལ་ཕྲིན་ལས་ཐོགས་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲིས་སོ།།དགེའོ།།སརྦ་མངྒ་ལཾ།།།།