TTDL-ZABTER-13-PA-070: Difference between revisions

From Dudjom Wiki
TTDL-ZABTER-13-PA-070
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|versonotes=bdud 'joms
|volnumtib=༡༣
|volyigtib=
|volumenumber=13
|volumenumber=13
|volumeLetter=PA
|volumeLetter=PA

Revision as of 10:45, 23 August 2024

Wylie title TTDL-ZABTER-13-PA-070.pdf
Location bdud 'joms gling pa zab gter
Volume 13, Text 70, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དཔལ་ལྡན་དུར་ཁྲོད་བདག་མོའི་ཕྱག་རྒྱ་འདོད་དོན་གསལ་བྱེད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༦༩གསང་སྔགས་རྡོ་རྗེ་ཐེག་པ་ཡིས༔ རྣལ་འབྱོར་ཅན་གྱི་བཀའ་ཉན་པའི༔ དུར་ཁྲོད་བདག་མོ་བསྒྲུབ་པའི་ཐབས༔ ལག་ཏུ་ལེན་པའི་རིམ་པ་ལ༔ རིན་ཆེན་སྣོད་གཙང་སྐྱོན་མེད་པར༔ ནང་དུ་འབྲུ་སྣ་བསགས་པའི་སྟེང་༔ དམར་གཏོར་ཤ་དང་ཁྲག་གིས་བརྒྱན༔ སྟེང་དུ་སྐུ་གཟུགས་ཡང་ན་ནི༔ སྲོག་གི་འཁོར་ལོ་གཟུགས་པར་བྱ༔ མཆོད་རྫས་ཉེ་སྤྱོད་འདོད་ཡོན་དང་༔ སྨན་གཏོར་རཀྟ་ཤ་ཁྲག་དང་༔ ཟས་སྣ་འབྱོར་ཚོགས་ཅི་རིགས་བཤམས༔ སྒྲུབ་པའི་གནད་ཐིག་བསྐྱེད་རིམ་སྟེང་༔ དབྱིངས་ལས་གཟུགས་སྐུ་བསྐྱེད་པ་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ༴སྟོང་པའི་ངང་ལས་མདུན་དུ་དུར་ཁྲོད་རབ་ཏུ་འཇིགས་པའི་དབུས་སུ་ཁྲག་མཚོ་དམར་ནག་རྒྱ་ཆེ་ལ་གཏིང་ཟབ་པ་རྦ་རླབས་རབ་ཏུ་འཕྱོ་བ་ཞིག་བསྒོམ་ལ༔ ཁྲག་ལྦུའི་ཀློང་དུ་མི་རོ་རྟ་རོ་འཁྲིགས༔ དེ་དབུས་ཐོད་མཁར་རྒྱ་ཆེན་དཔངས་མཐོ་བ༔ ཞིང་ལྤགས་ཡ་ཕུབ་མི་རོའི་རྒྱལ་མཚན་ཕྱར༔ སྙིང་དང་མིག་འབྲས་རྒྱུ་མའི་དྲྭ་ཕྱེད་འཕྱངས༔ དེ་དབུས་མི་རོ་བརྩེགས་པའི་ཁྲི་སྟེང་དུ༔ པདྨ་ཉི་མ་བསྟན་དགྲ་ཕོ་མོའི་སྟེང་༔ དབྱིངས་ལས་དབྱིངས་ཀྱི་སྙིང་པོ་བྷྱོཿདམར་ནག༔ ཆུ་ལས་ཆུ་ལྦུར་རྡོལ་བཞིན་བབ་པ་ལས༔ འོད་ཟེར་ཡར་འཕྲོས་རྒྱལ་བ་མཆོད་པས་མཉེས༔ ཕྱོགས་བཅུའི་ཞིང་ཁམས་རྟེན་དང་བརྟེན་པ་ཀུན༔ འོད་ཕུང་དམར་ནག་རྣམ་པར་བསྡུས་ཏེ་བསྟིམ༔ མར་འཕྲོས་སྣོད་བཅུད་འབྱུང་བའི་དྭངས་བཅུད་བསྡུས༔ ཡེ་ཤེས་འཇིག་རྟེན་སྲུང་མ་ཐམས་ཅད་དང་༔ སྟོང་གསུམ་ཡུལ་ལྷ་གཞི་བདག་མ་ལུས་པ༔ འོད་དམར་རྣམ་པར་བསྡུས་ཏེ་བྷྱོཿལ་ཐིམ༔ བྷྱོཿལས་དཔལ་ལྡན་སྔགས་ཀྱི་སྲུང་མ་ནི༔ དུར་ཁྲོད་བདག་མོ་སྣ་ཚོགས་བརྫུ་བ་མཁན༔ འཇིག་རྟེན་ཁམས་ལ་དབང་བསྒྱུར་ངན་ནེ་མ༔ དམར་ནག་ཁྲོ་གཏུམ་རབ་འཇིགས་རྔམས་པའི་སྐུ༔ སྤྱན་གསུམ་དམར་ཟླུམ་ཉི་མའི་ཟེར་ལྟར་འབར༔ སྨིན་མ་གློག་འཁྱུགས་བར་སྣང་གོ་སྐབས་འབྱེད༔ ཁྲོ་གཉེར་རབ་འཁྲིགས་མཆེ་བ་མན་དུ་གཙིགས༔ དབུ་སྐྲ་དམར་ནག་གནམ་དུ་གཟིང་བ་ལས༔ སྤྲུལ་པ་མ་མོ་མེ་སྟག་བཞིན་དུ་འཕྲོ༔ ཐོད་སྐམ་དབུ་རྒྱན་དར་གྱི་ཅོད་པན་མཛེས༔ དར་ནག་ལའུ་གསོལ་ཞིང་མགོ་ཕྲེང་བརྒྱན༔ མི་ལྤགས་གཡང་གཞི་རློན་པས་སྟོད་གཡོགས་བྱས༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་ཚུལ་དུ་བསྒྲད༔ ཕྱག་གཡས་ལྕགས་ཀྱུས་སྣང་སྲིད་དབང་དུ་བསྡུས༔ གཡོན་པས་དགྲ་སྙིང་དམར་རློན་ཞལ་དུ་གསོལ༔ ཐུགས་ཀར་ཡིད་བཞིན་ནོར་བུ་འོད་འབར་ལས༔ སྒྲུབ་པ་པོ་ལ་ལོངས་སྤྱོད་ཆར་ལྟར་འབེབས༔ གནས་གསུམ་ཡིད་འབྲུ་གསུམ་ལས་འོད་འཕྲོས་པས༔ འབྱུང་ལྔའི་དབྱིངས་དང་སྣང་སྲིད་ཁམས་ཀུན་ནས༔ ལྷ་དང་སྲུང་མ་མ་ལུས་སྤྱན་དྲངས་བསྟིམ༔ ཨོཾ་ར་ལི་པྲ་མ་ཡ་མ་མ་བཛྲ་ས་མ་ཡ་ཛ་ཛ༔ ཞེས་པའི་འབོད་སྔགས་དེ་ཆུ་བོའི་རྒྱུན་བཞིན་དུ་བཟླའོ༔ སླར་ཡང་རྦད་སྔགས་བཟླ་བ་ལ༔ ཨོཾ་མ་མ་ར་ལི་པྲ་མ་ཡ་སརྦ་ས་པ་རི་ཝཱ་ར་དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་ལ་རྦད་རྦད་བྷྱོ༔ དེ་ནས་བསད་སྔགས་བཟླ་བ་ལ༔ ཨོཾ་མ་མ་ར་ལི་པྲ་མ་ཡ་དགྲ་བོའི་བླ་ཚེ་སྲོག་དབུགས་མཱ་ར་ཡ་སོད་སོད་བྷྱོ༔ མ་མོ་རཀྴ་བྷྱོ༔ མ་མ་ཡཀྴ་བྷྱོ༔ མ་མོ་དུ་ཏྲི་བྷྱོ༔ ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་དགྲ་བོའི་སྲོག་ལ་རྦད་སོད་བྷྱོ༔ དེ་ལྟར་བཟླས་པས་རྟགས་མཚན་རྣམས༔ རིམ་བཞིན་འབྱུང་བའི་ངང་ཚུལ་བརྟགས༔ ལག་ལེན་གནད་དང་ལྡན་གྱུར་ན༔ མངོན་སྤྱོད་ཕྲིན་ལས་ཐོགས་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ནི་རྣལ་འབྱོར་པ་ཡེ་ཤེས་རྡོ་རྗེས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག།སརྦ་མངྒ་ལཾ།།།།