TTDL-ZABTER-02-KHA-049: Difference between revisions

From Dudjom Wiki
TTDL-ZABTER-02-KHA-049
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 2: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=tshe dpag med
|cycle=tshe sgrub dngos grub 'dod 'byung
|cycletib=ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms tshe sgrub
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཁ
|volumenumber=02
|volumenumber=02
|volumeLetter=KHA
|volumeLetter=KHA

Revision as of 13:50, 5 August 2024

Wylie title TTDL-ZABTER-02-KHA-049.pdf
Location bdud 'joms gling pa zab gter
Volume 2, Text 49, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms tshe sgrub
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་ (tshe sgrub dngos grub 'dod 'byung)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity tshe dpag med
[edit]
༠༠༠བརྡ་ཡིག༤༩༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡང་གསང་ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་གི༔ དུས་བཞིའི་ཉམས་ལེན་ལས་བཞི་ལྷུན་གྲུབ་བཞུགས་སོ༔ ༠༠༠༠བརྡ་ཡིག༤༩༢ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༩༢ཡང་གསང་ཚེ་ཡི་སྒྲུབ་པ་ལྷུར་ལེན་ཚེ༔ བསྙེན་དང་སྒྲུབ་པའི་རྟགས་ཚད་རྫོགས་པའི་མཐར༔ དུས་བཞིའི་རྣལ་འབྱོར་ཟབ་མོ་འདིར་བརྩོན་བྱ༔ དང་པོ་སྔ་དྲོ་ཞི་བའི་ཉམས་ལེན་ནི༔ ཧཱུྃ༔ རང་ཉིད་བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད༔ དཀར་གསལ་མཉམ་བཞག་རྡོ་རྗེ་ཚེ་བུམ་བསྣམས༔ ཞི་འཛུམ་འོད་འབར་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན༔ གསང་བའི་ཡུམ་མཆོག་མཱ་ཀི་སྐུ་ལ་འཁྲིལ༔ ཕྱག་གཡས་མདའ་དར་གཡོན་པས་ཚེ་བུམ་བསྣམས༔ སྐུ་ལ་བཀོད་པ་རྒྱལ་བའི་ཞིང་ཀུན་རྫོགས༔ ཐུགས་ཀློང་རྡོ་རྗེའི་ལྟེ་བ་ཁོང་གསེང་དབུས༔ ཉི་མ་ཟླ་བའི་གྭའུ་ཁ་སྦྱོར་ནང་༔ ཧཱུྃ་ཡིག་དཀར་ལ་སྔོ་མདངས་ཆགས་པའི་མཐར༔ རྩ་བའི་སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར༔ འོད་འཕྲོས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ སྡིག་སྒྲིབ་ལས་ཉོན་བག་ཆགས་སྡུག་བསྔལ་བཅས༔ བ་མོར་ཉི་ཟེར་ཕོག་ལྟར་སངས་ཀྱིས་དག༔ ཀུན་ཀྱང་ཚེ་དཔག་མེད་མགོན་སྐུ་རུ་གྱུར༔ སྣོད་བཅུད་འབྱུང་བ་དྭངས་མའི་ཚེ་བསོད་བཀྲག༔ ཚུར་འདུས་སྲོག་གི་སྙིང་པོར་བཅུད་དུ་དྲིལ༔ སླར་ཡང་འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ ཤེས་རབ་ཡེ་ཤེས་ཐུགས་རྗེ་ནུས་མཐུ་དང་༔ ཚེ་བསོད་ཡོན་ཏན་འོད་ཟེར་རྣམ་ལྔའི་ཚུལ༔ བསྡུས་ཏེ་སྲོག་གི་སྙིང་པོར་གཉིས་མེད་བསྟིམ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཀུན༔ ཉ་གང་ཟླ་རྒྱས་བཞིན་དུ་འཕེལ་རྒྱས་བསམ༔ སྤྱི་བོར་རིགས་ཀྱི་བདག་པོ་བླ་མ་རྗེ༔ མཚོ་སྐྱེས་རྡོ་རྗེའི་རྣམ་རོལ་རྡོ་དྲིལ་བསྣམས༔ ལོངས་སྤྱོད་རྫོགས་སྐུ་གསང་བའི་ཡུམ་དང་འཁྲིལ༔ སྦྱོར་མཚམས་བྱང་སེམས་དཀར་དམར་རྒྱུད་བབས་ནས༔ ཚངས་བུག་ནས་ཞུགས་ལུས་གང་བདེ་བས་མྱོས༔ དབང་དང་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་༔ ཨོཾ་བཛྲ་གུ་རུ་ཨཱ་ཡུ་པུནྱེ་སརྦ་སིདྡྷི་ཧཱུྃ༔ ཅི་མང་བཟླས་མཐར༔ ནད་གདོན་བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལན་བདུན་བཟླས་མཐར༔ ཨ་ལི་ཀ་ལི་རྟེན་སྙིང་བརྗོད་ནས་སུ༔ མཆོད་བསྟོད་བྱ་ཞིང་བསྡུ་དང་རྗེས་ཐོབ་ལྷར༔ ལྡང་ནས་བྱ་སྤྱོད་ལ་ཞུགས་སླར་ཡང་ནི༔ ཉིན་གུང་རྒྱས་པའི་དུས་ལ་བབ་པའི་ཚེ༔ རཏྣ་རིགས་ཀྱི་རྣལ་འབྱོར་ཉམས་ལེན་ནི༔ ཧཱུྃ་ཏྲཱུཾཿརང་སྣང་ལྷུན་གྲུབ་དག་པའི་ཞིང་ཁམས་སུ༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཡངས་པའི་དབུས༔ པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ རང་ཉིད་བཅོམ་ལྡན་རཏྣ་ཚེ་དཔག་མེད༔ གསེར་མདོག་མཚན་དཔེ་རབ་རྫོགས་ལོངས་སྐུའི་ཆས༔ ཕྱག་གཉིས་མཉམ་བཞག་རིན་ཆེན་ཚེ་བུམ་བསྣམས༔ ཞི་འཛུམ་འོད་ཕུང་རབ་འབར་སྐྱིལ་ཀྲུང་བཞུགས༔ གསང་བའི་ཡུམ་མཆོག་སངས་རྒྱས་སྤྱན་མར་འཁྲིལ༔ སེར་གསལ་མདའ་དར་ཚེ་བུམ་ཡབ་ལ་འཁྱུད༔ ཐུགས་ཀར་ཟླ་སྟེང་ནོར་བུའི་ཁོང་གསེང་དུ༔ ཉི་ཟླའི་གྭའུ་ཏྲཱཾཿཡིག་སེར་གསལ་ལ༔ སྔགས་ཕྲེང་འཁོར་བའི་འོད་ཟེར་རབ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོར་མཉེས་མཆོད་ཕུལ༔ མཁྱེན་བརྩེ་ནུས་པའི་དཔལ་ཡོན་ཚེ་བསོད་ཀུན༔ ཡེ་ཤེས་འོད་ཟེར་སྣ་ལྔའི་རྣམ་པ་རུ༔ ཚུར་འདུས་སྙིང་པོ་ཏྲཱཾཿཡིག་ལ་ཐིམ་བསམ༔ སླར་ཡང་འོད་འཕྲོས་ཁམས་གསུམ་སྣོད་བཅུད་ཀྱི༔ དྭངས་བཅུད་ཚེ་བསོད་དཔལ་ཡོན་ཐམས་ཅད་ཀུན༔ མ་ལུས་བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ འཁོར་འདས་ཡོངས་ཀྱི་སྲོག་ལ་དབང་ཐོབ་ཅིང་༔ འཆི་མེད་མགོན་པོའི་དཔལ་ཡོན་ཐོབ་པར་བསམ༔ སྤྱི་བོར་རིགས་བདག་རྩ་བའི་བླ་མ་ནི༔ ཨོ་རྒྱན་གཏེར་བདག་རྒྱལ་པོའི་རྣམ་རོལ་ཅན༔ གསེར་མདོག་ཞི་མ་ཁྲོ་འཛུམ་གཟི་འོད་འབར༔ པད་ཞྭ་ཕོད་ཁ་ཟ་བེར་ཐང་ཤམ་དང་༔ ཆོས་གོས་སག་ལྷྭམ་གསོལ་ཞིང་སྐྱིལ་ཀྲུང་བཞུགས༔ ཕྱག་གཡས་གཏེར་བུམ་གཡོན་པས་ནེའུ་ལེ་བསྣམས༔ དགོས་འདོད་ཡིད་བཞིན་ཆར་དུ་འབེབས་པ་ལས༔ སྐུ་ཡི་འོད་ཟེར་སེར་པོ་རབ་འབར་བས༔ བདག་ཅག་འཁོར་དང་བཅས་པའི་བར་ཆད་བསལ༔ ཚེ་བསོད་དཔལ་ཡོན་ཡེ་ཤེས་རབ་རྒྱས་ནས༔ འཁོར་འདས་ཡོངས་ཀྱི་དབང་ཕྱུག་མཆོག་ཐོབ་བསམ༔ ཨོཾ་གུ་རུ་རཏྣ་དྷཱ་ར་ཨཱ་ཡུརྫྙཱ་ན་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཅི་མང་བཟླས་མཐར་ཐུན་སྡུད་ཚེ༔ ཚེ་འགུགས་བྱ་བ་འདི་ལྟ་སྟེ༔ ཧཱུྃ་ཏྲཱཾཿབཅོམ་ལྡན་རཏྣ་ཚེ་དཔག་མེད༔ གསེར་མདོག་འོད་ཕུང་རབ་འབར་བ༔ ཕྱག་ན་རིན་ཆེན་ཚེ་བུམ་བསྣམས༔ ལོངས་སྤྱོད་རྫོགས་སྐུ་མཚན་དཔེས་སྤྲས༔ གསང་བའི་ཡུམ་མཆོག་སངས་རྒྱས་སྤྱན༔ ཕྱག་ན་མདའ་དར་ཚེ་བུམ་བསྣམས༔ གཉིས་མེད་ཐུགས་ལས་སྤྲུལ་པའི་འཁོར༔ རིགས་བཞིའི་རྒྱལ་བ་གངས་ཆེན་མཚོ༔ ཚད་མེད་སྒོ་མ་ཆེན་མོ་བཞི༔ སྤྲུལ་པ་ལས་བྱེད་གློག་ལྟར་འཁྱུག༔ འོད་ཟེར་དཔག་མེད་སྤྲིན་ལྟར་གཏིབས༔ འཁོར་འདས་ཡོངས་ལ་ཁྱབ་པར་བརྡལ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ མཁྱེན་བརྩེ་ནུས་བཅུད་དངོས་གྲུབ་དང་༔ འབྱུང་ལྔའི་དྭངས་བཅུད་བཀྲག་མདངས་ཚེ༔ སྐྱེ་འགྲོའི་ཚེ་བསོད་དཔལ་ཡོན་བཅས༔ མ་ལུས་གསེར་མདོག་འོད་ཀྱི་ཚུལ༔ བསྡུས་ཏེ་བདག་ཅག་རྣམས་ལ་བསྟིམ༔ རྡོ་རྗེའི་ཚེ་མཆོག་བརྙེས་པར་བསམ༔ ཚེ་འགུགས་ཐུགས་རྗེའི་ལྕགས་ཀྱུ་ཅི་མང་བརྗོད༔ དེ་ནས་རྩ་སྔགས་མཐར༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཆོད་བསྟོད་བསྡུ་བའི་རིམ་པའི་མཐར༔ རྗེས་ཐོབ་ལྷར་ལྡང་བྱ་བ་བྱེད༔ དེ་ནས་དགོང་མོ་དབང་གི་དུས༔ པདྨ་རིགས་ཀྱི་རྣལ་འབྱོར་ནི༔ ཧཱོུྃཾ་ཧྲཱིཿརང་སྣང་དོན་གྱི་འོག་མིན་ཞིང་༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་སུ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་པདྨ་ཚེ་དཔག་མེད༔ དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ལོངས་སྤྱོད་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ མཉམ་བཞག་པདྨ་ཚེ་བུམ་བསྣམས༔ ཞི་འཛུམ་རབ་མཛེས་གཟི་འོད་འབར༔ ཡུམ་མཆོག་གོས་དཀར་དམར་མོས་འཁྱུད༔ ཕྱག་གཉིས་མདའ་དར་ཚེ་བུམ་བསྣམས༔ འཇའ་འོད་ཐིག་ལེའི་ཀློང་དུ་བསྐྱེད༔ ཐུགས་ཀར་པདྨ་འདབ་བརྒྱད་སྟེང་༔ དྭངས་མའི་ཐིག་ལེ་གསལ་འཚེར་ཀློང་༔ ཧྲཱིཿཡིག་དམར་གསལ་འོད་འབར་ལ༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ རྒྱལ་བ་རྒྱ་མཚོར་མཉེས་མཆོད་ཕུལ༔ མཁྱེན་བརྩེའི་ནུས་མཐུ་དཔལ་ཡོན་ཀུན༔ མ་ལུས་བསྡུས་ཏེ་སྲོག་ཏུ་བསྲེ༔ སླར་ཡང་འོད་ཟེར་རབ་འཕྲོས་པས༔ སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས༔ སྣོད་བཅུད་འབྱུང་བའི་བཀྲག་མདངས་བཅུད༔ ཚེ་བསོད་དཔལ་འབྱོར་ནུས་བཅུད་ཀུན༔ འོད་ལྔའི་རྣམ་པར་ཚུར་བསྡུས་ཏེ༔ སྲོག་གི་སྙིང་པོར་བཅུད་དུ་དྲིལ༔ ཚེ་བསོད་དཔལ་ཡོན་རབ་རྒྱས་བསམ༔ སྤྱི་བོར་རིགས་བདག་བླ་མ་ནི༔ སྣང་སྲིད་ཟིལ་གནོན་པད་འབྱུང་གི༔ རྣམ་པར་བཞེངས་པའི་ཐུགས་ཀ་ནས༔ འོད་ཟེར་དཔག་མེད་རབ་འཕྲོས་པས༔ ཁམས་གསུམ་སྐྱེ་འགྲོའི་བློ་ཡིད་སེམས༔ ཁབ་ལེན་རྡོ་དང་ལྕགས་འཕྲད་བཞིན༔ རང་དབང་མེད་པར་དབང་དུ་བསྡུས༔ བདག་གི་དབང་དང་བྲན་དུ་བཀོལ༔ འགྱུར་བ་མེད་པའི་རྒྱས་གདབ་ནས༔ ཟིལ་གྱིས་གནོན་ཅིང་ཅི་འདོད་པའི༔ དོན་ཀུན་མ་ལུས་ཡོངས་བསྒྲུབ་བསམ༔ ཨོཾ་གུ་རུ་པདྨ་དྷཱ་ར་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཅི་འགྲུབ་བཟླས་མཐར་ཚེ་འགུགས་ནི༔ ཧཱུྃ་ཧྲཱིཿབཅོམ་ལྡན་པདྨ་ཚེ་དཔག་མེད༔ སྐུ་མདོག་པདྨ་རཱ་གའི་མདོག༔ ལོངས་སྤྱོད་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ མཉམ་བཞག་ཚེ་ཡི་བུམ་པ་བསྣམས༔ གོས་དཀར་དམར་མོ་ཡུམ་དང་སྦྱོར༔ གཉིས་མེད་གར་གྱི་རྣམ་རོལ་ལས༔ རིགས་བཞི་ཡབ་ཡུམ་སྒོ་མ་བཞི༔ སྤྲུལ་པ་ཡང་སྤྲུལ་མ་ལུས་པ༔ དབྱིངས་ནས་སྐུར་བཞེངས་དུས་ལ་བབ༔ དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ སྐུ་གསུམ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་དཔལ་ཡོན་ཏན་ཀུན༔ མ་ལུས་བསྡུས་ཏེ་བདག་རྒྱུད་ལ༔ གཉིས་མེད་རོལ་པར་བྱིན་ཆེན་ཕོབ༔ འབྱུང་བ་བཅུད་ཀྱི་དྭངས་མ་དང་༔ ཁམས་གསུམ་སེམས་ཅན་ཚེ་བསོད་དཔལ༔ མ་ལུས་བསྡུས་ཏེ་བདག་ཅག་གི༔ ཚེ་བསོད་དཔལ་དང་ཡོན་ཏན་ཀུན༔ འཕེལ་རྒྱས་བརྟན་པའི་རྒྱ་ཡིས་ཐེབས༔ ཚེ་ཡི་རིག་འཛིན་འགྲུབ་པར་མཛོད༔ ཚེ་འགུགས་ཐུགས་རྗེའི་ལྕགས་ཀྱུ་ཅི་མང་བརྗོད༔ མཐར་ནི་མི་ཤིགས་རྒྱས་བཏབ་སྟེ༔ རྩ་སྔགས་མཐར༔ ཁམས་གསུམ་སྲིད་གསུམ་འདོད་རྒུའི་དཔལ་ཡོན་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལན་བདུན་བརྗོད་མཐར་ཨ་ལི་ཀ་ལི་དང་༔ རྟེན་སྙིང་བདུན་མཐར་མཆོད་བསྟོད་བསྡུ་རིམ་བྱ༔ སླར་ཡང་རྗེས་ཐོབ་སྒྱུ་མའི་ལྷར་ལྡང་ཞིང་༔ བསྔོ་སྨོན་རྒྱས་གདབ་བྱ་བྱེད་དག་ལ་སྤྱོད༔ དེ་ནས་མུན་གུང་དྲག་པོའི་དུས་བབ་ཚེ༔ ཀརྨ་རིགས་ཀྱི་རྣལ་འབྱོར་ཉམས་ལེན་ནི༔ ཧཱུྃ་ཨཱཿསྣང་བ་ཐམས་ཅད་ལས་རབ་ཞིང་༔ སྲིད་པ་ཡི་དམ་ལྷ་ཡི་དབྱིངས༔ བཀོད་པ་རབ་རྫོགས་གཞལ་ཡས་སུ༔ རང་ཉིད་ཀརྨ་ཚེ་དཔག་མེད༔ ལྗང་གསལ་ལོངས་སྐུ་ཡུམ་དང་སྦྱོར༔ མཉམ་བཞག་ཚེ་ཡི་བུམ་པ་འཛིན༔ རྡོ་རྗེ་སྐྱིལ་ཀྲུང་པད་ཟླར་བཞུགས༔ སྒྲོལ་ལྗང་སྐྱབས་སྦྱིན་མདའ་དར་དང་༔ གཡོན་པས་ཚེ་ཡི་བུམ་པ་བསྣམས༔ བདེ་སྟོང་ཡེ་ཤེས་རོས་མྱོས་ཤིང་༔ བཀྲག་མདངས་གཟི་བརྗིད་རབ་ཏུ་འབར༔ འཇའ་དང་འོད་ཀྱིས་སྣང་སྲིད་ཁྱབ༔ འོད་ཟེར་རྩེ་ལ་སྤྲུལ་པ་ཡི༔ སངས་རྒྱས་ཞིང་ཁམས་དཔག་མེད་རྫོགས༔ ཐུགས་ཀར་ཉི་ཟླའི་གྭའུའི་ནང་༔ དྭངས་མའི་ཐིག་ལེ་གསལ་འཚེར་སྦུབས༔ རིག་པ་ཨཱཿཡིག་ལྗང་ནག་མཐར༔ སྔགས་ཕྲེང་སྤུ་ཤད་ལྟ་བུས་བསྐོར༔ འོད་འཕྲོས་ཕྱོགས་བཅུ་དུས་གསུམ་གྱི༔ རྒྱལ་དང་རྒྱལ་སྲས་མཆོད་པས་མཉེས༔ མཁྱེན་བརྩེ་ནུས་སྟོབས་ཚེ་བསོད་དབང་༔ མ་ལུས་ཚུར་འདུས་སྔགས་སུ་བསྟིམ༔ སླར་ཡང་འོད་ཟེར་རབ་འཕྲོས་པས༔ བདུད་བགེགས་ལོག་འདྲེན་གནོད་བྱེད་ཀུན༔ བསྲེག་གཏུབ་མཐུ་སྟོབས་ནུས་པ་བཅོམ༔ རྣམ་པར་ཤེས་པ་ཆོས་སྐུར་བསྒྲལ༔ སྣོད་བཅུད་འབྱུང་བའི་དྭངས་བཅུད་དང་༔ ཚེ་བསོད་དཔལ་ཡོན་མཐུ་ནུས་པ༔ མ་ལུས་བསྡུས་ཏེ་སྔགས་སུ་བསྟིམ༔ སྤྱི་བོར་རིགས་བདག་བླ་མ་ནི༔ པདྨ་འཁོར་བ་ཡོངས་སྒྲོལ་སྐུ༔ ལྗང་ནག་གཅེར་བུ་སྟག་ཤམ་ཅན༔ ཁྲོ་གཏུམ་རྔམས་བརྗིད་མེ་དཔུང་འབར༔ ཕྱག་གཉིས་རྡོ་རྗེ་ལྕགས་ཕུར་གདེངས༔ ཞབས་གཉིས་གར་སྟབས་རཱུ་ཏྲ་གནོན༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་ཟེར་དཔག་མེད་རབ་འཕྲོས་པས༔ རང་གི་གནས་གསུམ་ནས་ཞུགས་ཏེ༔ དབང་བཞི་ཐོབ་ཅིང་བྱིན་གྱིས་བརླབས༔ འཁོར་བ་ཡོངས་སྒྲོལ་མཐུ་ལྡན་བསམ༔ རིགས་བདག་བླ་མའི་གཟི་བྱིན་གྱིས༔ འབྱུང་ལྔའི་བཅུད་དང་སྐྱེ་འགྲོའི་ཚེ༔ ཁབ་ལེན་རྡོ་ཡིས་ལྕགས་བླངས་ལྟར༔ བསྡུས་ཏེ་བདག་ཉིད་ལ་ཐིམ་པས༔ ཚེ་ཡི་རིག་འཛིན་འགྲུབ་པར་བསམ༔ དེ་ནས་བཟླས་པའི་སྔགས་ནི༔ ཨོཾ་གུ་རུ་ཀརྨ་དྷཱ་ར་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདུས་འདིར་ཚེ་འགུགས་བྱ་བ་ནི༔ ཧཱུྃ་ཨཱཿབཅོམ་ལྡན་ཀརྨ་ཚེ་དཔག་མེད༔ ལྗང་གསལ་གཞོན་ནུ་བུམ་པའི་སྐུ༔ ཕྲིན་ལས་མི་ཟད་ནམ་མཁའ་མཉམ༔ ཆོས་ཀྱི་དབྱིངས་ནས་ཐུགས་རྒྱུད་བསྐུལ༔ མཁྱེན་བརྩེ་ནུས་པའི་སྟོབས་ཤུགས་ཕྱུང་༔ ཚེ་བསོད་དཔལ་ཡོན་དངོས་གྲུབ་སྩོལ༔ སངས་རྒྱས་བྱང་སེམས་གཟི་བྱིན་དང་༔ དྲང་སྲོང་ཚེ་དབང་ཚེ་ཡི་བཅུད༔ སྣོད་བཅུད་བཀྲག་མདངས་ཚེ་བསོད་ནམས༔ མ་ལུས་བསྡུས་ཏེ་བདག་ལ་སྩོལ༔ ཚེ་ཡི་རིག་འཛིན་འགྲུབ་པར་མཛོད༔ ཚེ་འགུགས་ཐུགས་རྗེའི་ལྕགས་ཀྱུ་ནི༔ ན་མོ༔ དཀོན་མཆོག་རྩ་གསུམ་ཆོས་སྐྱོང་བདེན་པ་དང་༔ ཆོས་ཉིད་རྣམ་དག་རྒྱུ་འབྲས་ཟབ་མོའི་མཐུས༔ རྒྱལ་བ་སྲས་བཅས་མཁྱེན་བརྩེ་ནུས་དཔལ་དང་༔ ཁམས་གསུམ་སྣོད་བཅུད་བཀྲག་མདངས་ཚེ་དཔལ་ཀུན༔ མ་ལུས་ལུས་པ་མེད་པར་འདིར་ཁུག་ཅིག༔ བདག་གི་ཚེ་བསོད་དཔལ་ཡོན་བཅུད་དུ་དྲིལ༔ འཆི་མེད་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག༔ ཨོཾ་ཚེ་བྷྲུྃ་གཡུ་བྷྲུྃ་གཡུ་ཚེ་བྷྲུྃ་ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཅི་མང་བརྗོད་མཐར་རྒྱས་གདབ་ནས༔ རྩ་སྔགས་མཐའ་མར་ཤམ་བུ་ནི༔ ནད་གདོན་འཇིགས་དང་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་འདོད་རྒུའི་དཔལ་ཡོན་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་ལོག་འདྲེན་བར་ཆད་ཐམས་ཅད་མཱ་ར་ཡ་ཕཊ་སྭཱ་ཧཱ༔ ལན་བདུན་ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོ་བརྗོད༔ དེ་ནས་མཆོད་བསྟོད་བྱ་ཞིང་བསྡུ་རིམ་བསྔོ་སྨོན་མཐར༔ རྗེས་ཐོབ་ལྷར་ལྡང་བྱ་སྤྱོད་ལ་འཇུག་གོ༔ སྔ་དྲོ་ཚེ་འགུགས་རྡོ་རྗེའི་ལྕགས་ཀྱུ་ནི༔ ཧཱོུྃཾ་ཧྲཱི༔ བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད༔ སྐུ་མདོག་དཀར་གསལ་ལོངས་སྤྱོད་རྫོགས༔ མཱ་ཀི་ཡུམ་དང་འཁྲིལ་སྦྱོར་རོལ༔ མཉམ་བཞག་ཚེ་ཡི་བུམ་པ་འཛིན༔ སྤྲུལ་པ་འོད་ཟེར་དཔག་མེད་འགྱེད༔ ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ དབྱིངས་ལས་མ་གཡོས་སྤྲུལ་པ་ཡི༔ འཁོར་འདས་ཡོངས་ཀྱི་ཚེ་བསོད་དཔལ༔ བསྡུས་ཤིང་བཀུག་ནས་བདག་ལ་སྩོལ༔ ཚེ་དང་ཡེ་ཤེས་ལྷུན་གྲུབ་མཛོད༔ ལན་གསུམ་ཚེ་འགུགས་ཐུགས་རྗེའི་ལྕགས་ཀྱུ་ཅི་མང་བརྗོད༔ དེ་དག་རྣམས་ནི་དཀྱིལ་འཁོར་དངོས་གྲུབ་འགྲུབ་པ་དང་ནང་གི་ཚེ་དཔལ་བསྐྱེད་ཕྱིར་དུས་བཞིའི་ཉམས་ལེན་ནོ༔ དེ་ནས་ཚེ་འགུགས་ཡེ་ཤེས་དྲྭ་བ་ནི༔ ཧཱུྃ་ཧྲཱིཿསྣང་སྲིད་བདེ་ཆེན་པདྨ་འོད༔ མི་འགྱུར་གསང་ཆེན་གཞལ་ཡས་སུ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དམར་གསལ་ལོངས་སྐུ་ཡུམ་དང་སྦྱོར༔ པདྨ་རཱ་གའི་བུམ་པ་འཛིན༔ སྣང་སྟོང་བདེ་ཆེན་རོལ་པའི་རྩལ༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ ནམ་མཁའི་ཁམས་ནས་བཅུད་བསྡུས་ལ༔ སེམས་ཀྱི་ཁམས་ནས་ཡལ་བའི་ཚེ༔ མི་འགྱུར་རིག་པའི་ཀློང་དུ་བསྐྱིལ༔ མི་ནུབ་འཕེལ་རྒྱས་རྒྱ་ཡིས་ཐོབ༔ ཚེ་བསོད་དཔལ་ཡོན་འདིར་སྩོལ་ཅིག༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ༔ ཤར་ཕྱོགས་མངོན་དགའི་ཞིང་ཁམས་ནས༔ བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད༔ སྟོང་ཉིད་མཱ་ཀི་ཡུམ་དང་སྦྱོར༔ སྣང་སྟོང་བདེ་ཆེན་རོལ་པའི་རྩལ༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ འབྱུང་བ་ཆུ་ཡི་བཅུད་བསྡུས་ལ༔ ཁྲག་གི་ཁམས་ནས་ཡལ་བའི་ཚེ༔ མི་ནུབ་འཕེལ་རྒྱས་རྒྱ་ཡིས་ཐོབས༔ ཚེ་བསོད་དཔལ་ཡོན་འདིར་སྩོལ་ཅིག༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ༔ ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་ནས༔ བཅོམ་ལྡན་རཏྣ་ཚེ་དཔག་མེད༔ སྟོང་ཉིད་སྤྱན་མ་ཡུམ་དང་སྦྱོར༔ སྣང་སྟོང་བདེ་ཆེན་རོལ་པའི་རྩལ༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ འབྱུང་བ་ས་ཡི་བཅུད་བསྡུས་ལ༔ ཤ་ཡི་ཁམས་ནས་ཡལ་བའི་ཚེ༔ མི་ནུབ་འཕེལ་རྒྱས་རྒྱ་ཡིས་ཐོབས༔ ཚེ་བསོད་དཔལ་ཡོན་འདིར་སྩོལ་ཅིག༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ༔ ནུབ་ཕྱོགས་བདེ་ཆེན་པདྨ་བཀོད༔ བཅོམ་ལྡན་པདྨ་ཚེ་དཔག་མེད༔ སྟོང་ཉིད་གོས་དཀར་ཡུམ་དང་སྦྱོར༔ སྣང་སྟོང་བདེ་ཆེན་རོལ་པའི་རྩལ༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ མེ་ཡི་ཁམས་ནས་བཅུད་བསྡུས་ལ༔ དྲོད་ཀྱི་ཁམས་ནས་ཡལ་བའི་ཚེ༔ མི་ནུབ་འཕེལ་རྒྱས་རྒྱ་ཡིས་ཐོབ༔ ཚེ་བསོད་དཔལ་ཡོན་འདིར་སྩོལ་ཅིག༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃབྱང་ཕྱོགས་ལས་རབ་ཞིང་ཁམས་ནས༔ བཅོམ་ལྡན་ཀརྨ་ཚེ་དཔག་མེད༔ སྟོང་ཉིད་སྒྲོལ་མ་ཡུམ་དང་སྦྱོར༔ སྣང་སྟོང་བདེ་ཆེན་རོལ་བའི་རྩལ༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ འབྱུང་བ་རླུང་གི་བཅུད་བསྡུས་ལ༔ དབུགས་ཀྱི་ཁམས་ནས་ཡལ་བའི་ཚེ༔ མི་ནུབ་འཕེལ་རྒྱས་རྒྱ་ཡིས་ཐོབ༔ ཚེ་བསོད་དཔལ་ཡོན་འདིར་སྩོལ་ཅིག༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་ཛ༔ འགུགས་བྱེད་ལས་ཀྱི་ཕོ་ཉ་མོ༔ སྙིང་རྗེའི་མགྱོགས་མ་ལྕགས་ཀྱུ་མ༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ ཤར་ཕྱོགས་དྲི་ཟ་མེ་ལྷའི་ཚེ༔ བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ༔ འཆིང་བྱེད་ལས་ཀྱི་ཕོ་ཉ་མོ༔ བྱམས་པའི་མགྱོགས་མ་ཞགས་པ་མ༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ ལྷོ་ཕྱོགས་གཤིན་རྗེ་སྲིན་པོའི་ཚེ༔ བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཧཱུྃ་བཾ༔ སྡོམ་བྱེད་ལས་ཀྱི་ཕོ་ཉ་མོ༔ དགའ་བའི་མགྱོགས་མ་ལྕགས་སྒྲོག་མ༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ ནུབ་ཕྱོགས་ཆུ་བདག་རླུང་ལྷའི་ཚེ༔ བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཧཱུྃ་ཧོཿའབེབས་བྱེད་ལས་ཀྱི་ཕོ་ཉ་མོ༔ བཏང་སྙོམས་མགྱོགས་མ་དྲིལ་བུ་མ༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ བྱང་ཕྱོགས་གནོད་སྦྱིན་དབང་ལྡན་ཚེ༔ བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་ཨཱཿལྷུན་གྲུབ་ལས་ཀྱི་ཕོ་ཉ་མོ༔ ནམ་མཁའི་དབྱིངས་ཕྱུག་དཔལ་མོ་བཙུན༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ སྟེང་འོག་ཚངས་པ་ས་བདག་ཚེ༔ བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཧཱུྃ་སུཾ༔ ལེགས་ཉེས་སྟངས་འཛིན་ཕོ་ཉ་མོ༔ སྣོད་བཅུད་བདག་མོ་དཔལ་འབར་མ༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ སྣོད་བཅུད་འབྱུང་བའི་བཅུད་ཚེ་དཔལ༔ བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཚེ་འགུགས་ཐུགས་རྗེའི་ལྕགས་ཀྱུ་ཅི་འགྲུབ་བརྗོད༔ སླར་ཡང་རྒྱ་ཡིས་གདབ་པ་ནི༔ ཧཱུྃ་ཧྲཱིཿདུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་ཡི་ས་བོན་ཨོཾ་དཀར་པོ༔ སྤྱི་བོ་ནས་ཞུགས་ལུས་ལ་ཐིམ༔ རྡོ་རྗེ་སྐུ་ཡིས་རྒྱས་གདབ་པོ༔ མི་ཤིགས་རྡོ་རྗེའི་སྲོག་ཐོབ་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ༔ ཨཱཿགསུང་གི་ས་བོན་ཨཱཿདམར་བོ༔ མགྲིན་པ་ནས་ཞུགས་ངག་ལ་ཐིམ༔ རྡོ་རྗེ་གསུང་གིས་རྒྱས་གདབ་བོ༔ མི་ཤིགས་རྡོ་རྗེའི་སྲོག་ཐོབ་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ༔ ཧཱུྃ༔ ཐུགས་ཀྱི་ས་བོན་ཧཱུྃ་མཐིང་ནག༔ སྙིང་ག་ནས་ཞུགས་ཡིད་ལ་ཐིམ༔ རྡོ་རྗེ་ཐུགས་ཀྱིས་རྒྱས་གདབ་བོ༔ མི་ཤིགས་རྡོ་རྗེའི་སྲོག་ཐོབ་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི༔ ཡེ་ཤེས་ཡོན་ཏན་ཚེ་དཔལ་ཀུན༔ གསེར་མདོག་འོད་ཀྱི་རྣམ་པར་བསྡུས༔ བདག་གི་གནས་ལྔ་ནས་ཞུགས་ཏེ༔ ཡེ་ཤེས་ཡོན་ཏན་ཚེ་དཔལ་བསྐྱེད༔ མི་ཤིགས་རྡོ་རྗེའི་སྲོག་ཐོབ་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ༔ ཧཱུྃ༔ སྣོད་བཅུད་འབྱུང་བའི་ཚེ་དཔལ་བསྐྱེད༔ ལྷ་འདྲེས་བརྐུས་དང་འཁྱམས་པའི་ཚེ༔ འོད་ཀྱི་རྣམ་པར་འུབ་ཏུ་འདུས༔ བདག་གི་སྒོ་གསུམ་ལ་ཐིམ་པས༔ མི་ཤིགས་རྡོ་རྗེས་རྒྱས་གདབ་བོ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཧཱུྃ་ཧྲཱིཿཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ མི་ཤིགས་རྡོ་རྗེའི་གོ་ཁྲབ་མཁྲེགས༔ ཡེ་ཤེས་མེ་ལྕེའི་དྲྭ་བ་འཁྲིགས༔ འགྱུར་མེད་རང་བྱུང་ལྷུན་གྲུབ་བོ༔ ཨོཾ་དྷརྨ་དྷཱ་ཏུ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ་སྭཱ་ཧཱ༔ ས་མ་ཡ༔ དེ་ལྟར་སྒྲུབ་པ་ཚུལ་བཞིན་དུ༔ ཉམས་སུ་ལེན་པའི་སྐལ་ལྡན་རྣམས༔ དུས་མིན་འཆི་བ་ལས་གྲོལ་ནས༔ ཚེ་ལ་དབང་བའི་རིག་འཛིན་ཐོབ༔ ཉམས་དང་རྟོགས་པའི་ཡོན་ཏན་རྒྱས༔ ཕྱི་ནང་གསང་བའི་བར་ཆད་སེལ༔ མཐར་ཐུག་ཀུན་བཟང་དགོངས་པའི་ཀློང་༔ གྲོལ་བར་འགྱུར་བ་གདོན་མི་ཟ༔ བཀའ་སྲུང་ཚོགས་ཀྱི་བདག་པོས་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱས་བཏབ་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་དབང་ཆེན་གསུང་གི་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།།།