TTDL-ZABTER-13-PA-060: Difference between revisions

From Dudjom Wiki
TTDL-ZABTER-13-PA-060
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|versonotes=bdud 'joms
|volnumtib=༡༣
|volyigtib=
|volumenumber=13
|volumenumber=13
|volumeLetter=PA
|volumeLetter=PA

Revision as of 10:42, 23 August 2024

Wylie title TTDL-ZABTER-13-PA-060.pdf
Location bdud 'joms gling pa zab gter
Volume 13, Text 60, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྟ་མགྲིན་པདྨ་དབང་ཆེན་ཡང་ཁྲོས་མ་ཧཱ་ཀཱ་ལའི་བསྐང་གསོལ་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༢༧ཤ་ཁྲག་བ་ལིང་སྐྱེམས་མཆོད་ལ༔ དགྲ་བགེགས་བཀུག་ཅིང་བསྟིམ་བྱས་ཏེ༔ ཤ་རི་ཁྲག་གི་མཚོ་མོ་ལ༔ ངོ་བོ་བདུད་རྩིའི་རྒྱ་མཚོ་རུ༔ འདོད་ཡོན་ནམ་མཁའི་མཛོད་དུ་སྤེལ༔ ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་སྤེལ༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ ན་མོ༔ དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་སྟོབས་དང་༔ གསང་སྔགས་བླ་ན་མེད་པའི་རྟེན་འབྲེལ་གྱིས༔ རྟ་མགྲིན་དྲེགས་པ་སྡེ་བརྒྱད་འཁོར་དང་བཅས༔ བཀའ་སྡོད་ཕོ་ཉར་ལྷུན་གྱིས་གྲུབ་གྱུར་ཅིག༔ འདོད་རྒུའི་དཔལ་ཡོན་འཆར་བའི་ནམ་མཁའ་མཛོད༔ མི་ཟད་རྒྱན་གྱི་འཁོར་ལོར་སྤེལ་བསྒྱུར་ཏེ༔ དབང་ཆེན་ཧྱ་གྲཱི་ཝའི་ཐུགས་དམ་བསྐང་༔ ཡུམ་ཆེན་རྡོ་རྗེ་གཏུམ་མོའི་ཐུགས་དམ་བསྐང་༔ ཡེ་ཤེས་ཁྲོ་ཆེན་རིགས་བཞིའི་ཐུགས་དམ་བསྐང་༔ དམུས་ལོང་རྒྱབ་འབྲེལ་མཆེ་གཤོག་ཅན་རྣམས་དང་༔ སྒོ་སྐྱོང་མ་བཞི་འཁོར་བཅས༴དཔལ་མགོན་མ་ཧཱ་ཀཱ་ལའི༴སྲིད་པ་དུས་བཞིའི་དབང་མོའི༴ལྷ་ཆེན་ཚངས་པ་འཁོར་བཅས༴གཤིན་རྗེ་ཡ་མ་རཱ་ཙའི༴མ་མོ་སྲིད་པའི་རྒྱལ་པོའི༴བདུད་པོ་སྐོས་རྗེ་བྲང་དཀར༴བཙན་རྒོད་སྲོག་ལེན་དམར་པོའི༴སྲོག་བདག་བཻ་ཧར་རྒྱལ་པོའི༴གནོད་སྦྱིན་ཀཱ་ལ་ཡཀྴའི༴ཀླུ་བདུད་འཆི་བདག་མགོ་དགུའི༴སྣང་སྲིད་དྲེགས་པའི་འཁོར་གྱི༴སྟོང་གསུམ་ཡུལ་ལྷ་གཞི་བདག༴འགོ་ཞིང་སྐྱོབ་པའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ཞིང་ཕྲིན་ལས་བཅོལ་བ་ནི༔ མི་མཐུན་ཕྱོགས་ཀུན་མ་ལུས་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་མངའ་ཐང་རྒྱས་པ་དང་༔ ཁམས་གསུམ་མོས་པ་རྣམ་བཞིས་དབང་དུ་སྡུད༔ གཟུགས་ཅན་གཟུགས་མེད་དགྲ་གདོན་བགེགས་ཀྱི་ཚོགས༔ མ་ལུས་མྱུར་མགྱོགས་མཐུ་དང་སྟོབས་ཀྱིས་སོད༔ འདི་དང་ཕྱི་མ་བར་དོ་ཐམས་ཅད་དུ༔ ལྷག་པའི་ལྷ་དང་སྲུང་མ་གཉན་པོ་རུ༔ པདྨ་དབང་གི་རྒྱལ་པོ་ཁྱོད་བསྒྲུབ་བརྟེན༔ ཚེ་འདིར་རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ དགའ་བདེའི་ཡོན་ཏན་དཔལ་གྱིས་ཕྱུག་པར་མཛོད༔ བར་དོའི་སྣང་བ་དབྱིངས་སུ་ཆོད་པ་དང་༔ བདེ་གཤེགས་ཁྱོད་ཀྱི་ཀློང་དུ་སངས་རྒྱས་ཤོག༔ ཕྱི་མ་འཁོར་བའི་འཁྲུལ་འཁོར་ལས་བཟློག་སྟེ༔ བདེ་ཆེན་པདྨ་འོད་དུ་ལམ་སྣ་དྲོངས༔ རང་དམ་དཔང་དུ་བཙུག་གོ་ས་མ་ཡ༔ དེ་ལྟར་བསྐང་བ་གྲངས་མང་བསྐྱར་བ་ན༔ རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མའི༔ མ་ཅིག་སློབ་མའི་ཡ་གྱལ་དམ་པ་མཆོག༔ རྒྱ་ནག་གཅེར་བུའི་རྣམ་འཕྲུལ་དྷརྨའི་མིང་༔ དེ་ཡི་ངོ་སྐལ་ཡིན་ནོ་གཏད་རྒྱ་མཛོད༔ ཅེས་ཟེར་ཡལ༔ བདུད་འཇོམས་རྡོ་རྗེ་དཔའ་བོའི་སྣང་ཉམས་སོ།།དགེའོ།།།།