TTDL-ZABTER-15-BA-103: Difference between revisions

From Dudjom Wiki
TTDL-ZABTER-15-BA-103
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=dag snang ye shes drwa ba
|cycletib=དག་སྣང་ཡེ་ཤེས་དྲྭ་བ་
|versonotes=bdud 'joms
|volnumtib=༡༥
|volyigtib=
|volumenumber=15
|volumenumber=15
|volumeLetter=BA
|volumeLetter=BA

Revision as of 15:19, 28 August 2024

Wylie title TTDL-ZABTER-15-BA-103.pdf
Location bdud 'joms gling pa zab gter
Volume 15, Text 103, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྡོད་པ་གནས་ཀྱི་བསང་མཆོད་དགེ་ལེགས་དཔལ་སྟེར་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བཟང་ཤིང་སྤོས་སྦྱོར་ཕྱེ་མར་བསྲེགས༔ སྭ་བྷཱ་ཝ་ཡིས་སྦྱང་ནས་སུ༔ ནམ་མཁའ་མཛོད་སྔགས་ལན་གསུམ་དང་༔ རྟེན་འབྲེལ་སྙིང་པོ་དེ་བཞིན་བརྗོད༔ སྟོང་པའི་ངང་ལས་མེ་ཐབ་ཤིན་དུ་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་བཟང་ཤིང་དང་ཕྱེ་མར་སྤོས་སྨན་གྱི་དུད་པ་ཕྱུ་རུ་རུ་འཕྲོ་བའི་ཀློང་ནས་ལྷ་ཀླུ་མིའི་ཟས་ནོར་འདོད་རྒུ་དཔལ་ཡོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་ས་གསུམ་གྱི་གནས་ཐམས་ཅད་གང་ཞིང་ཁྱབ་པར་གྱུར༔ དུ་བའི་ནུས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཅད་ཁྱབ་པས་གནས་བདག་དཔའ་བོ་མཁའ་འགྲོ་ཡུལ་ལྷ་ཟོ་དོར་དཀར་ཕྱོགས་ཐསམ་ཅད་ཀྱི་རྨུག་པ་དྭངས༔ འཐིབ་པ་སངས༔ ན་བ་སོས༔ མཁུན་པ་དྭངས༔ རྒས་པ་གཞོན༔ རྒུད་པ་དར༔ འཁོར་འདས་ཀྱི་མཐུ་ནུས་ལ་མངའ་དབང་བསྒྱུར་ཏེ་སངས་རྒྱས་ཀྱི་བཀའ་རྗེས་སུ་དྲན་ནས་དཀར་པོ་དགེ་བའི་སྡོང་གྲོགས་བྱེད་ཅིང་འགལ་རྐྱེན་བར་ཆད་ཐམས་ཅད་བཟློག་པར་བསམ༔ ཀྱཻ༔ རྩ་བརྒྱུད་རིག་འཛིན་བླ་མ་དང་༔ ཡི་དམ་དཔའ་བོ་མཁའ་འགྲོ་བསང་༔ ས་གནས་གཉན་པོ་འདིར་བརྟེན་པའི༔ སྲུང་མ་གཉན་པོ་བསང་ངོ་མཆོད༔ ཕ་རི་གཡས་ལ་གནས་པ་དང་༔ ཚུར་རི་གཡོན་ལ་གནས་པ་བསང་༔ གངས་རི་དཀར་ལ་གནས་པ་དང་༔ བྲག་རི་རྫ་ལ་གནས་པ་བསང་༔ སྐྱེ་བ་ཤིང་ལ་གནས་པ་དང་༔ འབབ་པ་ཆུ་ལ་གནས་པ་དང་༔ བཀོད་པ་ཐང་ལ་གནས་པ་དང་༔ ན་བ་ཕྱུག་མོར་གནས་པ་བསང་༔ མཐོ་བ་རི་ལ་གནས་པ་དང་༔ བརྒྱ་ལམ་སྐྱ་མོར་གནས་པ་བསང་༔ སྐམ་པ་ཉིན་དང་རླན་པ་སྲིབ༔ ལུང་པ་གཤོད་ལ་གནས་པ་བསང་༔ ཕ་ལྷ་མ་ལྷ་ཞང་ལྷ་སོགས༔ འགོ་ཞིང་སྐྱོབ་པའི་ལྷ་རྣམས་བསང་༔ ཕྲག་ལྷ་དགྲ་བླ་ཕུག་ལྷ་དང་༔ ཕ་མྱེས་རྒྱུད་ཀྱི་སྲུང་མ་བསང་༔ བརྟེན་ཅིང་བསྒྲུབ་པའི་སྲུང་མ་དང་༔ མ་བསྒྲུབ་རིང་འཁོར་སྲུང་མ་གསང་༔ ཚེ་རབས་ལས་ཀྱི་སྲུང་མ་དང་༔ རྐྱེན་གྱིས་འཁོར་བའི་ལྷ་སྲུང་བསང་༔ ནོར་ལྷ་གཡང་ལྷ་ཟས་ཀྱི་ལྷ༔ རྟ་ཕྱུགས་གནག་ལུག་ལྷ་རྣམས་བསང་༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཞག་སྟེ༔ ལྷ་དང་སྲུང་མ་ཁྱེད་རྣམས་ལ༔ ཕྲིན་ལས་གཉན་པོ་བཅོལ་བ་ནི༔ བདག་ཅག་མི་ནོར་འཁོར་བཅས་ལ༔ ཉིན་གྱི་དུས་སུ་བྱ་ར་དང་༔ མཚན་གྱི་དུས་སུ་མེལ་ཚེ་མཛོད༔ ཇི་སྲིད་འཚོ་ཡི་བར་དུ་ནི༔ སྐད་ཅིག་མི་འབྲལ་སྲུང་སྐྱོབ་མཛོད༔ བློ་སྣ་དམ་པའི་ཆོས་ལ་བསྒྱུར༔ མཐུན་རྐྱེན་སྒྲུབ་ལ་འགལ་རྐྱེན་བཟློག༔ ཞི་དང་རྒྱས་དང་དབང་དང་དྲག༔ གང་བསམ་འདོད་དོན་ཡོངས་གྲུབ་མཛོད༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བསད་བཅད་བཟློག་བསྒྱུར་ཕྲིན་ལས་མཛོད༔ བཀའ་ལ་ཉོན་ཅིག་བཀའ་སྲུང་ཚོགས༔ དམ་ལ་མ་འདའ་དམ་ཚིག་ཅན༔ བཅོལ་བའི་ལས་མཛོད་ས་མ་ཡ༔ དེ་ལྟར་བསང་མཆོད་ཕུལ་བ་ཡིས༔ དགེ་ལེགས་ཡོན་ཏན་དཔལ་བསྐྱེད་བྱེད༔ མི་མཐུན་ཕྱོགས་རྣམས་རིམ་གྱིས་ནུབ༔ སྲུང་མ་མཉེས་ཤིང་དགྲ་བླ་འཁོར༔ ས་མ་ཡ༔ ཨྠིྀ༔ ཞེས་པ་འདི་ཡང་སློབ་བུ་འཇམ་དཔལ་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བ་དུས་གསུམ་དུ་དགེ་བར་གྱུར་ཅིག༔ ཛ་ཡ་ནྟུ།།དགེའོ།།དགེའོ།།དགེའོ།།ལེགས་སོ་རྦ་མངྒ་ལཾ།།།།