DJYD-KABUM-08-NYA-007: Difference between revisions

From Dudjom Wiki
DJYD-KABUM-08-NYA-007
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལས། འཕགས་མཆོག་ནམ་མཁའི་རྒྱལ་པོའི་དབང་གཞུང་བདུད་རྩིའི་ལྟེང་ཀ་ཕྱག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་ཕན་བདེའི་འཛུམ་རླབས།
|fulltitle=dam chos sprul sku'i snying thig las 'phags mchog nam mkha'i rgyal po'i dbang gzhung bdud rtsi'i lteng ka phyag len mtshams sbyor gyis brgyan pa phan bde'i 'dzum rlabs
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Dam chos sprul sku'i snying thig las 'phags mchog nam mkha'i rgyal po'i dbang gzhung bdud rtsi'i lteng ka phyag len mtshams sbyor gyis brgyan pa phan bde'i 'dzum rlabs''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 8: 195-305. Kalimpong: Dupjung Lama, 1979-1985.
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|collectiontitle=bdud 'joms rin po che bka' 'bum
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 8: . Kalimpong: Dupjung Lama, 1979-1985.
|sourcerevealer=bdud 'dul rdo rje
|sourcerevealer=bdud 'dul rdo rje
|sourcerevealertib=བདུད་འདུལ་རྡོ་རྗེ་
|tibgenre=Empowerment Ritual - dbang chog - dbang skur
|terma=Yes
|terma=Yes
|deity=thugs rje chen po; nam mkha' rgyal po
|deity=thugs rje chen po; nam mkha' rgyal po
Line 15: Line 15:
|cycletib=དམ་ཆོས་སྤྲུལ་སྐུ་སྙིང་ཐིག་
|cycletib=དམ་ཆོས་སྤྲུལ་སྐུ་སྙིང་ཐིག་
|language=Tibetan
|language=Tibetan
|volumenumber=08
|volnumtib=༨
|volnumtib=༨
|volyigtib=ཉ
|volyigtib=ཉ
|volumenumber=08
|totalvolumes=25
|volumeLetter=NYA
|textnuminvol=007
|textnuminvol=007
|pagenumbers=195-305
|totalpages=111
|beginfolioline=1a1
|endfolioline=56a3
|totalfolios=56
|multivolumework=No
|rectonotes=dbang chog
|versonotes=bdud 'dul thugs chen
|colophontib=།དེ་ལྟར་འཕགས་མཆོག་ནམ་མཁའི་རྒྱལ་པོའི་དབང་གཞུང་བདུད་རྩིའི་ལྟེང་ཀ་ཕྱག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་ཕན་བདེའི་འཛུམ་རླབས་ཞེས་བྱ་བ་འདི་ནི།  ཡོངས་ལ་སྨན་པར་བརྩོན་པའི་ཐུགས་བསྐྱེད་ཀྱི་ཕྲིན་ལས་རྨད་དུ་བྱུང་བ་བྱང་ཆུབ་སེམས་དཔའ་ཆེན་པོའི་ངང་ཚུལ་ཅན་མི་དབང་རིག་པ་འཛིན་པ་ཚེ་རིང་དཔལ་འབྱོར་བཟང་པོའི་ཞལ་སྔ་ནས་བཀྲ་ཤིས་པའི་ལྷ་གོས་ཉིན་མོ་བདེ་ལེགས་སོགས་ཕུལ་དུ་བྱུང་བའི་མཎྜལ་དང་བཅས་ཏེ་དང་བའི་གསུང་གིས་རྗེས་སུ་བསྐུལ་བར་མཛད་པ་ལས།  གདུལ་བྱའི་འགྲོ་བ་རྣམས་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་མཐོང་ནས།  རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་གསུམ་པའི་ཐོག་ཏུ་སོན་པ་འཛིན་བྱེད་ཀྱི་ལོ་སྨིན་དྲུག་ཉ་བའི་ཡར་ངོ་རྒྱལ་བ་དང་པོའི་དུས་དགེ་བ་ལ།  གངས་ཅན་གྲུ་འཛིན་གྱི་རི་བོའི་ལྷོ་ཕྱོགས་མོན་ཡུལ་བཀྲ་ཤིས་འཁྱིལ་བའི་ལྗོངས་ཀྱི་བྱེ་བྲག་སྤ་གྲོ་རིན་ཆེན་སྤུངས་ཀྱི་སྐྱེད་མོས་ཚལ་ཉམས་དགའ་བའི་གནས་སུ་ལེགས་པར་སྦྱར་བ་སྟེ།  འདིས་ཀྱང་ཟབ་ལམ་གྱི་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།  མཐའ་ཡས་པའི་འགྲོ་བ་ཐམས་ཅད་ཟུང་འཇུག་འཕགས་པའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག  །སརྦ་དཱ་མངྒ་ལཾ།།
|colophonwylie=/de ltar 'phags mchog nam mkha'i rgyal po'i dbang gzhung bdud rtsi'i lteng ka phyag len mtshams sbyor gyis brgyan pa phan bde'i 'dzum rlabs zhes bya ba 'di ni/___yongs la sman par brtson pa'i thugs bskyed kyi phrin las rmad du byung ba byang chub sems dpa' chen po'i ngang tshul can mi dbang rig pa 'dzin pa tshe ring dpal 'byor bzang po'i zhal snga nas bkra shis pa'i lha gos nyin mo bde legs sogs phul du byung ba'i maN+Dal dang bcas te dang ba'i gsung gis rjes su bskul bar mdzad pa las/___gdul bya'i 'gro ba rnams la phan pa chen po'i sgor 'gyur bar mthong nas/___rig 'dzin gyi myu gu 'jigs bral ye shes rdo rjes rang lo sum cu rtsa gsum pa'i thog tu son pa 'dzin byed kyi lo smin drug nya ba'i yar ngo rgyal ba dang po'i dus dge ba la/___gangs can gru 'dzin gyi ri bo'i lho phyogs mon yul bkra shis 'khyil ba'i ljongs kyi bye brag spa gro rin chen spungs kyi skyed mos tshal nyams dga' ba'i gnas su legs par sbyar ba ste/___'dis kyang zab lam gyi phrin las phyogs dus kun tu dar zhing rgyas la yun ring du gnas pa dang /___mtha' yas pa'i 'gro ba thams cad zung 'jug 'phags pa'i go 'phang la myur du reg pa'i rgyur gyur cig___/sarba dA mang+ga laM//
|pdflink=File:DJYD-KABUM-08-NYA-007.pdf
|pdflink=File:DJYD-KABUM-08-NYA-007.pdf
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|sourcerevealertib=བདུད་འདུལ་རྡོ་རྗེ་
|volumeLetter=NYA
|InitCategories=Dudjom Tersar Project; DJYD-KABUM-Volume-08-NYA
|InitCategories=Dudjom Tersar Project; DJYD-KABUM-Volume-08-NYA
}}
}}

Revision as of 08:16, 11 July 2024

Wylie title dam chos sprul sku'i snying thig las 'phags mchog nam mkha'i rgyal po'i dbang gzhung bdud rtsi'i lteng ka phyag len mtshams sbyor gyis brgyan pa phan bde'i 'dzum rlabs DJYD-KABUM-08-NYA-007.pdf
Location bdud 'joms rin po che bka' 'bum
Volume 8, Text 7, Pages 195-305 (Folios 1a1 to 56a3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dam chos sprul sku'i snying thig las 'phags mchog nam mkha'i rgyal po'i dbang gzhung bdud rtsi'i lteng ka phyag len mtshams sbyor gyis brgyan pa phan bde'i 'dzum rlabs. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 8: 195-305. Kalimpong: Dupjung Lama, 1979-1985.
Side notes Recto: dbang chog   Verso: bdud 'dul thugs chen
More details More details
Tertön བདུད་འདུལ་རྡོ་རྗེ་ (bdud 'dul rdo rje)
Genre Empowerment Ritual - dbang chog - dbang skur
Cycle དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ (dam chos sprul sku snying thig)
Deity thugs rje chen po, nam mkha' rgyal po
Colophon

།དེ་ལྟར་འཕགས་མཆོག་ནམ་མཁའི་རྒྱལ་པོའི་དབང་གཞུང་བདུད་རྩིའི་ལྟེང་ཀ་ཕྱག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་ཕན་བདེའི་འཛུམ་རླབས་ཞེས་བྱ་བ་འདི་ནི། ཡོངས་ལ་སྨན་པར་བརྩོན་པའི་ཐུགས་བསྐྱེད་ཀྱི་ཕྲིན་ལས་རྨད་དུ་བྱུང་བ་བྱང་ཆུབ་སེམས་དཔའ་ཆེན་པོའི་ངང་ཚུལ་ཅན་མི་དབང་རིག་པ་འཛིན་པ་ཚེ་རིང་དཔལ་འབྱོར་བཟང་པོའི་ཞལ་སྔ་ནས་བཀྲ་ཤིས་པའི་ལྷ་གོས་ཉིན་མོ་བདེ་ལེགས་སོགས་ཕུལ་དུ་བྱུང་བའི་མཎྜལ་དང་བཅས་ཏེ་དང་བའི་གསུང་གིས་རྗེས་སུ་བསྐུལ་བར་མཛད་པ་ལས། གདུལ་བྱའི་འགྲོ་བ་རྣམས་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་མཐོང་ནས། རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་གསུམ་པའི་ཐོག་ཏུ་སོན་པ་འཛིན་བྱེད་ཀྱི་ལོ་སྨིན་དྲུག་ཉ་བའི་ཡར་ངོ་རྒྱལ་བ་དང་པོའི་དུས་དགེ་བ་ལ། གངས་ཅན་གྲུ་འཛིན་གྱི་རི་བོའི་ལྷོ་ཕྱོགས་མོན་ཡུལ་བཀྲ་ཤིས་འཁྱིལ་བའི་ལྗོངས་ཀྱི་བྱེ་བྲག་སྤ་གྲོ་རིན་ཆེན་སྤུངས་ཀྱི་སྐྱེད་མོས་ཚལ་ཉམས་དགའ་བའི་གནས་སུ་ལེགས་པར་སྦྱར་བ་སྟེ། འདིས་ཀྱང་ཟབ་ལམ་གྱི་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། མཐའ་ཡས་པའི་འགྲོ་བ་ཐམས་ཅད་ཟུང་འཇུག་འཕགས་པའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

/de ltar 'phags mchog nam mkha'i rgyal po'i dbang gzhung bdud rtsi'i lteng ka phyag len mtshams sbyor gyis brgyan pa phan bde'i 'dzum rlabs zhes bya ba 'di ni/___yongs la sman par brtson pa'i thugs bskyed kyi phrin las rmad du byung ba byang chub sems dpa' chen po'i ngang tshul can mi dbang rig pa 'dzin pa tshe ring dpal 'byor bzang po'i zhal snga nas bkra shis pa'i lha gos nyin mo bde legs sogs phul du byung ba'i maN+Dal dang bcas te dang ba'i gsung gis rjes su bskul bar mdzad pa las/___gdul bya'i 'gro ba rnams la phan pa chen po'i sgor 'gyur bar mthong nas/___rig 'dzin gyi myu gu 'jigs bral ye shes rdo rjes rang lo sum cu rtsa gsum pa'i thog tu son pa 'dzin byed kyi lo smin drug nya ba'i yar ngo rgyal ba dang po'i dus dge ba la/___gangs can gru 'dzin gyi ri bo'i lho phyogs mon yul bkra shis 'khyil ba'i ljongs kyi bye brag spa gro rin chen spungs kyi skyed mos tshal nyams dga' ba'i gnas su legs par sbyar ba ste/___'dis kyang zab lam gyi phrin las phyogs dus kun tu dar zhing rgyas la yun ring du gnas pa dang /___mtha' yas pa'i 'gro ba thams cad zung 'jug 'phags pa'i go 'phang la myur du reg pa'i rgyur gyur cig___/sarba dA mang+ga laM//

[edit]
༄༅། །དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལས། འཕགས་མཆོག་ནམ་མཁའི་རྒྱལ་པོའི་དབང་གཞུང་བདུད་རྩིའི་ལྟེང་ཀ་ཕྱག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་ཕན་བདེའི་འཛུམ་རླབས་ཞེས་བྱ་བ་བཞུགས་སོ།། །།

(1བ) འཕགས་མཆོག་ནམ་མཁའི་རྒྱལ་པོའི་དབང་གཞུང་བདུད་རྩིའི་ལྟེང་ཀ་ཕྱག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་ཕན་བདེའི་འཛུམ་རླབས་ཞེས་བྱ་བ། ཨོཾ་སྭསྟི་སིདྡྷཾ། ལྡོག་མེད་སྙིང་རྗེའི་མཚོན་ཆེན་ཡོངས་བཟུང་ནས། །སྲིད་པའི་གཡུལ་ངོ་གཞོམ་ལ་ཆེས་དཔའ་བས། །རྒྱལ་བ་གཞན་གྱི་སྙིང་སྟོབས་སྨད་བྱེད་པ། །བླ་མ་ནམ་མཁའི་རྒྱལ་པོས་དགེ་ལེགས་སྩོལ། །གདམས་ཟབ་ཟླ་ཤེལ་གཞོན་ནུའི་འཁྲི་ཤིང་ལས། །སྨིན་གྲོལ་བདུད་རྩིའི་དོ་ཤལ་སྤྲོས་པ་ན། །སྐལ་བཟང་ཕན་བདེའི་ཆུ་གཏེར་འབྱུང་བའི་དཔྱིད། །ངོ་མཚར་(2ན)ལེགས་བཤད་འཛུམ་རླབས་ཅི་ཡང་གཡོ། །(དེ་ཡང་གང་ཞིག་རྡོ་རྗེ་སློབ་དཔོན་སྙིང་རྗེའི་དམ་ཚིག་ལ་ཡང་དག་པར་གནས་པ་རྣམས་ཀྱིས་གངས་ཅན་མགོན་པོ་སྤྱན་རས་གཟིགས་དབང་གི་སྒྲུབ་ཐབས་ཡོངས་ཀྱི་སྙིང་པོའི་ཡང་ཞུན་འཕགས་མཆོག་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་དུ་རིས་སུ་མ་ཆད་པའི་འགྲོ་བ་མཐའ་དག་གཞུག་ཅིང་རྗེས་སུ་འཛིན་པར་བྱ་སྟེ། གང་འབྲེལ་བ་ཐམས་ཅད་དོན་དང་ལྡན་པར་འགྱུར་བའི་ཕྱིར་རོ། །དེས་ན་དེའི་ཚུལ་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་གསལ་དག་བཀླག་ཆོག་ཆུ་འབབས་སུ་འགོད་པ་ལ་སྤྱི་དོན་རྣམ་པ་གསུམ་སྟེ།) (སྔོན་འགྲོའི་རིམ་པས་དབང་གི་གཞི་བཟུང་བ། དངོས་གཞིའི་ལས་ཀྱིས་དབང་བསྐུར་གཞུང་བསྲང་བ། རྗེས་ཀྱི་བྱ་བས་དབང་ཐོབ་མཐའ་རྒྱས་སུ་བྱ་བའོ། །) (དང་པོ་སྔོན་འགྲོ་(2བ)སྟ་གོན་གྱི་ཆོས་ལའང་ས་དང་། དཀྱིལ་འཁོར། སློབ་མ་གསུམ་ལས།) (དང་པོ་ས་སྟ་གོན་ནི། གང་དུ་བྱ་བའི་དཀྱིལ་འཁོར་གྱི་སྟེགས་བུར་གཞི་བདག་གི་དཀར་གཏོར་དང་གསེར་སྐྱེམས་བཤམ། གཞན་ཡང་འོག་གི་སྐབས་སོ་སོར་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ།) བདག་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་པདྨ་དབང་ཆེན་སོགས་(ལས་བྱང་ལྟར་ལ།) ཚར་གཅོད་པའི་སྐུར་གྱུར་པར་(བསམ་ཞིང་།) ཨོཾ་ཧྲཱིཿཔདྨནྟ་ཀྲྀ་ཏ་མ་ཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ (ཅེས་བརྒྱ་རྩ་བཟླ། གཏོར་མ་རྟ་སྔགས་ཀྱིས་བསང་།) སྭ་བྷཱ་ཝ(ས་སྦྱང་།) སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་(བལྟས་ལ།) ཨོཾ་ཨཱ༔ ཧཱུྃ་(གིས་བྱིན་བརླབ།) བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ(ས་མགྲོན་སྤྱན་དྲངས།) བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་(སོགས་ལན་གསུམ་གྱིས་གཏོར་མ་བསྔོས་ཏེ།) གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ། (ཞེས་པས་གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ཞིང་མཆོད་གཏོར་གཤེགས། སྒྲུབ་(3ན)གནས་རྙིང་པ་ལ་འདི་ཙམ་གྱིས་ཆོག་མོད། སྔར་གཞི་མ་དུལ་བ་སོགས་ལ་སྦྱོང་བ་ནི། ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་དྲན་བཞིན་དུ།) ཨོཾ་བྷུ་ཁཾ་(ཞེས་བརྗོད་པས།) ས་གཞི་ནམ་མཁའི་རང་བཞིན་དུ་གྱུར་པར་(མོས། བཟུང་བའི་སླད་དུ། སེང་ལྡེང་སོགས་ཀྱི་ཕུར་པ་སོར་བཞི་པ་ཧྲཱིཿཡིག་དང་མེ་ཏོག་གིས་མཚན་ཅིང་དྲིས་བྱུགས་པ་ཐོགས་ལ།) ཨོཾ་ཧྲཱིཿཔདྨནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ (ཅེས་བཟླས་པས་དཀྱིལ་འཁོར་གྱི་གཞིའི་དབུས་སུ་གདབ། སྲུང་བའི་སླད་དུ། ལས་བྱང་བཞིན་བགེགས་ལ་གཏོར་མ་བསྔོས་ཏེ་དྲག་པོའི་ཚམ་རྔམས་ཀྱིས་བསྐྲད་ནས།) བདག་ཉིད་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་སྤྲོས་པའི་རྡོ་རྗེའི་ས་གཞིར་གུར་ཕྱི་རོལ་ཡེ་ཤེས་ཀྱི་ཁ་དོག་ལྔ་དང་བཅས་པའི་སྲུང་བའི་འཁོར་ལོས་ཕྱོགས་ཀུན་བར་མཚམས་མེད་པར་བཅིངས་པར་(བསམ་ལ། ལས་བྱང་བཞིན་སྲུང་འཁོར་གསལ་གདབ་བོ། །) (གཉིས་པ་དཀྱིལ་འཁོར་དང་ཞར་བྱུང་བུམ་པ་བཅས་སྟ་གོན་དུ་བྱ་བ་ནི། དཀྱིལ་འཁོར་གྱི་གཞིར་མཎྜལ་ལ་དྲིའི་ཐིག་ལེ་དབུས་སུ་གྲུ་བཞི། དེ་རྒྱབ་རྣམས་ཟླུམ་པོར་བྱས་པའི་སྟེང་དུ་མེ་ཏོག་གསར་པའམ་འབྲུ་དཀར་དྲི་བཟང་གིས་གཤེར་བའི་ཚོམ་བུ་གཙོ་འཁོར་ཕྱེད་པ་ལྷ་གྲངས་དང་མཉམ་པ་བཀོད། གཡས་སུ་རྣམ་བུམ་མགུལ་ཆིངས་དཀར་པོ། གཡོན་དུ་ལས་བུམ་མགུལ་ཆིངས་དམར་པོ་(3བ)ཅན། གཉིས་ཀའང་རྒྱུན་འབབས་ཀྱི་ཆུ་གཙང་དྲི་བཟང་སོ་ལྔའི་བཅུད་ཀྱིས་སུམ་གཉིས་བཀང་ཞིང་ཁ་རྒྱན་གཟུངས་རྡོར་དང་ལྡན་པ་འགོད། ལས་བུམ་གྱི་ཁ་རྒྱན་གསེབ་ཏུ་སེང་ལྡེང་གི་ཕུར་པ་སོར་བཞི་པར་རྟ་སྔགས་བྲིས་པ་གཟུག །དེ་མཐར་སྨན་རཀ་གཏོར་མ་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། དྲིའི་དུང་ཞལ་ཀྱང་འདུ་བྱས་ལ། ཕྲིན་ལས་ཀྱི་གཞུང་བསྲང་སྟེ་བཟླས་པ་ཅི་འགྲུབ་བྱ། བུམ་པ་བསང་སྦྱང་།) སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་རྣམ་རྒྱལ་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པདྨ་དང་ཟླ་བའི་གདན་ལ་འཕགས་མཆོག་ནམ་མཁའི་རྒྱལ་པོ་ཡབ་ཡུམ་རང་རྩལ་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་དྭངས་པའི་མཚོ་ལ་གཟའ་སྐར་གྱི་གཟུགས་བརྙན་ལྟར་རྣམ་པར་བཀྲ་བ། ལས་བུམ་གྱི་ནང་དུ་རྟ་མགྲིན་དམར་ནག་གཡས་ཐོད་དབྱུག་དང་གཡོན་སྡིགས་མཛུབ་ཅན་ཁྲོ་བོའི་ཆས་དང་ལྡན་པ་བཅས་སྐད་ཅིག་གིས་གསལ་བར་གྱུར། ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་(བསམ་ཞིང་།) ཧྲཱིཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་(4ན)ཅིང་༔ བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ༔ དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི༔ བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ (ཞེས་དམ་ཡེ་དབྱེར་མེད་དུ་བསྟིམ) ཨོཾ་བཛྲ་ཨརྒྷཾ་(སོགས་ནས།) ཤཔྡའི་(བར་གྱིས་མཆོད།) ཧྲཱིཿ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་མཆོག་གི་གཏེར་གྱུར་པ༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བའི༔ རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད༔ (ཅེས་དང་། ལས་བུམ་ལ།) པདྨའི་རིགས་ཀྱི་ཁྲོ་བོ་ཆེ། །བདུད་བགེགས་ཚར་གཅོད་དཔའ་བོ་ནི། །དབང་སྐད་སྟོང་གསུམ་གཡོ་ཞིང་འདར། །ཕྱག་འཚལ་ཧ་ཡ་གྲཱི་ཝ་ལའོ། །(ཞེས་བསྟོད། གཟུངས་ཐག་དྲངས་ལ།) བདག་གི་ཐུགས་ལས་སྔགས་ཀྱི་འོད་ཟེར་ནི། །བར་མ་ཆད་པ་གཟུངས་ཐག་བརྒྱུད་དེ་སོང་། །བུམ་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། །སྔགས་ཕྲེང་སྦྱོར་མཚམས་སྐུ་ཡི་ཆ་རྣམས་ལས། །བྱང་སེམས་ངོ་བོ་ཡེ་ཤེས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །(ཅེས་མོས་ཏེ་རྣམ་བུམ་ལ་ཡིག་བཅུ་གང་འགྲུབ་(4བ)དང་། ལས་བུམ་ལ།) ཨོཾ་ཧྲཱིཿཔདྨནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧྱ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ (ཅེས་བརྒྱ་རྩ་བཟླ། མཐར་དུ་ཞལ་གྱི་མཆོད་ཡོན།) ཨོཾ་ཨཱ༔ ཧཱུྃ་(གིས་བུམ་པར་ཕུལ་བས།) རྣམ་རྒྱལ་བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོས་འོད་དུ་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར། ལས་བུམ་གྱི་ཆུའི་རྡུལ་ཇི་སྙེད་པ་ཁྲོ་བོའི་རང་བཞིན་དུ་གྱུར་པས་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་(བསམ། ཞར་ལ་སྡིག་སྒྲིབ་བར་ཆད་ཞི་བའི་ཕྱིར་དུ་སྦྱིན་སྲེག་མདོར་བསྡུས་བྱས་ཏེ། ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་འཁྱིལ་རཾ་ཡིག་གིས་མཚན་པ་བྲིས་པའི་ཁར་ལས་དང་མཐུན་པའི་ཤིང་གིས་ཟླུམ་པོར་བརྩིག །ཡམ་ཤིང་། མར་ཁུ། ཏིལ། ཡུངས་དཀར་སོགས་བསྲེག་རྫས་ཅི་འབྱོར་པ་འདུ་བྱས་ལ།) ཨོཾ་ཨགྣེ་ཛྭ་ལ་རྃ༔ (ཞེས་མེ་སྦར།) སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་ཟླུམ་པོར་འཇིག་རྟེན་པའི་མེ་ལྷའི་ངོ་བོ་མེ་དཀར་གསལ་དུ་འབར་བའི་ཀློང་དུ་འཕགས་མཆོག་ནམ་མཁའི་རྒྱལ་པོའི་ལྷ་ཚོགས་རྣམས་དམ་ཚིག་ཡེ་ཤེས་དབྱེར་མེད་པའི་སྐུར་སྐད་ཅིག་གིས་གསལ་བར་གྱུར་པར་(མོས།) ཨོཾ་ཨཱ༔ ཧཱུྃ༔ (ལན་གསུམ་གྱིས་བསྲེག་རྫས་རྣམས་བྱིན་བརླབས།) བསྲེག་རྫས་བདུད་རྩིའི་རང་བཞིན་ལྗགས་རྡོ་རྗེའི་ལྦུ་གུས་དྲངས་ཏེ་གསོལ་བས་མཉེས་པར་(བསམ་(5ན)ཞིང་། དགང་བླུགས་ཀྱིས་མར་ཁུ་འབུལ་བ་དང་བཅས། ཡིག་བཅུའི་ཤམ་དུ།) བདག་ཅག་དཔོན་སློབ་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་ས་ལམ་གྱི་བར་ཆད་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱཧཱ༔ (ཞེས་ལན་བདུན་མ་ཉེར་གཅིག་འབུལ། ཡམ་ཤིང་དང་ཏིལ་ཡུངས་སོགས་ཀྱང་སྔགས་དེ་ཀས་ཕུལ་མཐར།) ལྷ་རྣམས་ལས་འོད་ཟེར་དཀར་པོ་བདུད་རྩིའི་རང་བཞིན་ཅན་འཕྲོས། བདག་དང་སློབ་མའི་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱས། ལྷ་ཚོགས་རྣམས་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་(བསམ་མོ། །) (གསུམ་པ་སློབ་མ་སྟ་གོན་ལ་བཅུ་ལས།) (དང་པོ་ལོ་རྒྱུས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་བ་ནི། དཀྱིལ་འཁོར་ལ་ཡོལ་བ་བཏང་། དྲིའི་ཆུ། སོ་ཤིང་། ཁྱོར་ཆུ། དཔུང་སྐུད། ཀུ་ཤ་རྣམས་ཉེ་བར་བསྡོག །ཟུང་དུ་མ་གྱུར་པའི་སློབ་མ་རྣམས་བོས་ལ་སྒོ་དྲུང་དུ་ལས་བུམ་གྱི་ཆུས་ཁྲུས་བྱ། ཕྱག་བཅས་གྲལ་དུ་འཁོད་པ་དང་མེ་ཏོག་བཀྲམ་བསྡུ་བྱས་ལ།) འོ། མཐའ་དང་མུ་མེད་པའི་སྐྱེ་འགྲོ་ཕ་མར་གྱུར་པ་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་ཐར་པ་བདེ་བ་བླ་ན་མེད་པའི་གོ་འཕང་ལ་འགོད་པར་བྱ། དེའི་སླད་དུ་(5བ)འཇིག་རྟེན་དབང་ཕྱུག་འཕགས་མཆོག་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ལ་དོན་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་མདོ་རྒྱུད་རྣམས་ལས་ཇི་སྐད་གསུངས་པ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ནི། འོ་སྐོལ་གྱི་སྟོན་པ་ཐབས་མཁས་ཤིང་ཚད་མེད་པའི་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས་གདུལ་བྱ་སེམས་ཅན་སོ་སོའི་བསམ་པ་དང་དབང་པོའི་སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པར་མཛད་པ་དེ་ཐམས་ཅད་དབྱེ་བའི་སྒོ་ནས་ཐེག་པ་རིམ་པ་དགུར་གནས་ཀྱང་། བསྡུ་བའི་སྒོ་ནས་ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ལས་འདིར་ཐེག་པ་ཆེན་པོ། དེ་ལ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས་འདིར་རྒྱུའི་ཐེག་པ་ལས། ལམ་བདེ་བ་དང་། དུས་མྱུར་བ་དང་། ཐབས་ལ་མཁས་པ་སྟེ་ཁྱད་པར་གསུམ་གྱིས་འཕགས་པའི་འབྲས་བུ་རྡོ་རྗེ་ཐེག་པ་ཡིན། དེ་ལའང་ཕྱི་(6ན)ཀྲི་ཡོག་སྡེ་གསུམ་གྱི་ཐེག་པ་དང་ནང་བླ་ན་མེད་པའི་ཐེག་པ་གཉིས་ལས་འདིར་ཕྱི་མ། དེ་ལའང་སྔགས་གསར་རྙིང་གཉིས་ལས་འདིར་གསར་མ་ལས་ཆེ་བ་དྲུག་ལྡན་གྱིས་ཁྱད་པར་དུ་གྱུར་པ་གསང་སྔགས་རྙིང་མ། རྙིང་མ་ལའང་བཀའ་གཏེར་གྱི་སྲོལ་ཁ་ཆེན་པོ་གཉིས་སུ་ཡོད་པ་ལས། འདིར་ཉེ་བརྒྱུད་ཟབ་མོ་གཏེར་གྱི་ཆོས་སྡེ་ཟབ་རྒྱས་ཀྱི་ཐེག་པ་མ་ལུས་པའི་མཐར་ཐུག་གཉིས་སུ་མེད་པའི་རྒྱུད་ཀྱི་སྙིང་པོའི་ངེས་གསང་། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་མྱུར་ལམ། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པ། བདེ་གཤེགས་ཀུན་འདུས་འཕགས་མཆོག་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྒྲུབ་པར་བྱེད་པ་ཡིན། དེ་ལ་ཇི་སྐད་དུ། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེའི་འཆང་གིས་གསུངས་པ་སྟེ། །ཞེས་གསུངས་པ་ལྟར་དབང་བསྐུར་བ་དེ་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དཀྱིལ་འཁོར་གྱི་སྔོན་འགྲོའི་ཆོས་ལའང་སའི་ཆོ་ག་དང་སྟ་གོན་དུ་བྱ་བ་གཉིས་ལས། (6བ)འདིར་ས་ཆོག་ལྷ་དང་བུམ་པའི་སྟ་གོན་བཅས་སྔོན་དུ་སོང་། ད་སློབ་མ་སྟ་གོན་གྱི་བྱ་བ་དེ་སྒྲུབ་པ་སྐབས་སུ་བབས་པ་ཡིན་པས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་ལྷག་གནས་ཀྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག ། གཉིས་པ་བློ་བཅོས་ཤིང་གསོལ་གདབ་གནང་བ་སྦྱིན་པ་ནི། དེ་ཡང་སློབ་དཔོན་ཆེན་པོས་རྒྱལ་སྲས་ལྷ་རྗེར་གདམས་པའི་བསླབ་བྱ་རིན་ཆེན་གསེར་ཕྲེང་ལས། སྤྱིར་ན་བདེ་འགྲོར་སྐྱེ་བ་ཆེས་ཉུང་ལ༔ དེ་བས་མི་ལུས་རིན་ཆེན་མཆོག་ཏུ་དཀོན༔ མི་ལུས་ཐོབ་ཀྱང་ཆོས་ཐོབ་སྲིད་པ་ཙམ༔ དལ་འབྱོར་སྟོང་ཟད་མ་བཏང་གསུང་གི་སྲས༔ བརྒྱ་ལ་སྲིད་པའི་དལ་འབྱོར་ཐོབ་ན་ཡང་༔ ནམ་འཆི་ཆ་མེད་གློག་གི་རྩེ་དགའ་བཞིན༔ ངེས་མེད་ཞག་དང་ཟ་མས་ཚེ་འཛད་ན༔ ཆོས་ལ་ཕྱི་བཤོལ་མི་ཉན་གསུང་གི་སྲས༔ ཚེ་འདིའི་འདུན་མ་གང་ལྟར་བྱས་ཀྱང་སླ༔ དེ་བས་འཇིག་རྟེན་ཕྱི་མ་བཤུལ་ཐག་རིང་༔ གཏན་དུ་བདེ་བའི་འདུན་ཤོམ་ད་ལྟ་རན༔ ཕྱི་མའི་འདུན་གྲབ་ཚུད་ཅིག་གསུང་གི་སྲས༔ ཚེ་འདིའི་ལྟར་སྣང་དགྲ་འདུལ་གཉེན་སྐྱོང་དང་༔ འཁོར་གཡོག་ནོར་རྫས་ས་མཁར་སྐྱོང་(7ན)བྲན་སོགས༔ འཇིག་རྟེན་འཁོར་བའི་བྱ་བས་དོན་མི་འགྲུབ༔ དོན་ལྡན་ཆོས་ལ་སོམས་ཤིག་གསུང་གི་སྲས༔ འཁོར་བ་སྤེལ་བའི་མངའ་ཐང་མཐོ་གྱུར་ཀྱང་༔ རང་གཞན་གཉིས་ཕུང་གཏན་གྱི་སྡུག་ལ་སྦྱོར༔ དུག་འདྲེས་འབྲས་ཆེན་ལོངས་སུ་སྤྱོད་དང་མཚུངས༔ སྲིད་འབྱོར་ཞེན་པ་སྤོངས་ཤིག་གསུང་གི་སྲས༔ ཞེས་གསུངས་པ་ལྟར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྨི་ལམ་ན་ནོར་བུ་རྙེད་པ་ལྟར་ཡུད་ཙམ་པ་འདི་ཐོབ་པའི་དུས་སུ་ཟིན་མེད་སྡུག་བསྔལ་གྱི་རང་བཞིན་འཁོར་བ་ལ་ཞེན་པ་ལོག་པའི་སྐྱོ་ཤས་དང་ངེས་འབྱུང་ཚད་མེད་པས་རྒྱུད་བསྐུལ་ཏེ། སྙིང་ནས་ཐར་པ་དོན་དུ་གཉེར་བའི་གདུང་ཤུགས་དྲག་པོས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པའི་འདིའི་རྗེས་ཟློས་མཛོད། ཀྱཻ༔ སྐྱབས་མཆོག་ཀུན་འདུས་ཆེ་བའི་མཆོག༔ བླ་མ་རྡོ་རྗེ་འཛིན་པ་དགོངས༔ འཁོར་བ་སྲིད་མཚོ་སྒྲོལ་བའི་ཕྱིར༔ ཐུགས་རྗེ་ཉེ་བར་བརྩེར་དགོངས་ལ༔ ལུས་ངག་ཡིད་གསུམ་བྱིན་གྱིས་རློབས༔ དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་(7བ)ཆེན་པོའི་ཚུལ་སྟོན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དེ་ཡི་དམ་ཚིག་རིམ་པ་དང་༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ ནམ་མཁའི་རྒྱལ་པོའི་ས་ཐོབ་ཕྱིར༔ མགོན་པོས་བདག་གཞུག་གནང་དུ་གསོལ༔ (ཞེས་ལན་གསུམ་ཞུ།) དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པུ་བདེ་མྱུར་གྱི་ལམ་རྨད་དུ་བྱུང་བ་རྡོ་རྗེ་ཐེག་པའི་ཚུལ་ལ་དོན་གཉེར་གྱི་བློ་སྐྱེས་པ་དེ་ཤིན་ཏུ་ལེགས་པ་ཡིན་ནོ་ཞེས་སྤྲོ་བ་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཀྱེ་ཧོ་ཁྱེད་ཅག་ལས་འཕྲོ་ཅན༔ དུས་གསུམ་ཀུན་ཏུ་བྱོན་པ་ཡི༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱང་༔ ཆོ་ག་ཟབ་མོ་འདི་མཁྱེན་པས༔ བྱང་ཆུབ་སྤྱོད་པ་མཉམ་མེད་ཐོབ༔ བདུད་སྡེ་ཤིན་ཏུ་མི་བཟད་པའི༔ དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ༔ ཁྱེད་ཅག་བླ་མེད་མཆོག་ཐོབ་ཕྱིར༔ འདི་ཡི་རྗེས་སུ་ཀུན་ཞུགས་མཛོད༔ (ཅེས་གནང་བ་སྦྱིན།) (གསུམ་པ་རྒྱུད་སྦྱོང་ཞིང་སྡོམ་པ་བཟུང་བ་ནི།) དེ་ལ་ཐོག་མར་རྒྱུད་རྣམ་པར་དག་པར་བྱ་(8ན)བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་འཕགས་མཆོག་ནམ་མཁའི་རྒྱལ་པོ་གཉིས་སུ་མེད་པ་ལ་ཕྱོགས་བཅུའི་རྒྱལ་བ་རྩ་གསུམ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་དུ་སད་པའི་སྤྱན་སྔར། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འདི་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་། བླ་ན་ཡོད་པ་དང་མེད་པའི་མཆོད་སྤྲིན་རྒྱ་མཚོས་མངོན་པར་མཆོད་པ་དང་། ཟབ་ལམ་གྱི་དངོས་གྲུབ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་ཚོགས་མཐའ་དག་བཤགས་པ་དང་། རང་གཞན་སྐྱེ་འཕགས་ཀུན་གྱི་དགེ་བ་རྨ་མེད་པ་ལ་རྗེས་སུ་ཡི་རང་བ་དང་། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྣམས་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ སྡིག་པ་ཐམསས་ཅད་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་(8བ)རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག༔ ལན་གསུམ། དབང་བསྐུར་བ་དེ་ཡང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་། དབང་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་ན་སྨིན་བྱེད་ཀྱི་རྟེན་རྒྱུད་སྡོམ་ལྡན་དུ་སྒྲུབ་པའི་ཕྱིར་སྤྱི་དང་ཁྱད་པར་གྱི་སྡོམ་པ་རྣམས་བཟུང་བར་བྱ་སྟེ། ཐོག་མར་གཞན་དོན་གཞི་དང་བཅས་པ་ལས་ལྡོག་སྟེ་སོ་སོར་ཐར་པའི་སྡོམ་པ་ཚུལ་བཞིན་དུ་བཟུང་བའི་བློས་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་སྐྱེ་འགྲོ་ལ༔ གནོད་འཚེ་སྤང་ཞིང་དགེ་ཚོགས་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་སོགས༔ སོ་སོར་ཐར་པའི་སྡོམ་པ་ལ༔ བདག་གིས་རྒྱུན་དུ་གནས་ཤིང་བསྲུང་༔ (ལན་གསུམ།) གཞན་ཕན་གཞིར་བཅས་བསྒྲུབ་པ་སྨོན་པ་བྱང་(9ན)ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་འཇུག་པའི་བསླབ་བྱ་ལ་ལེགས་པར་སློབ་པའི་མོས་པས་འདིའི་རྗེས་ཟློས་མཛོད། བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས༔ འདི་བཟུང་བྱང་ཆུབ་མཆིས་ཀྱི་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མ་བུ་ཡི་འདུ་ཤེས་ཀྱིས༔ མ་བསྒྲལ་བསྒྲལ་དང་མ་གྲོལ་སྒྲོལ༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སྔོན་བྱོན་བདེ་གཤེགས་རྒྱལ་བ་རྣམས༔ སྒོ་གསུམ་སྡོམ་ལ་རབ་གནས་ལྟར༔ འདི་བཟུང་འཁོར་བ་མ་སྟོང་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང་༔ མ་གྲོལ་བ་རྣམས་སྒྲོལ་བ་དང་༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་༔ སེམས་ཅན་མྱ་ངན་འདས་ལ་འགོད༔ (ལན་གསུམ།) ཐབས་ཤེས་ཟུང་འཇུག་རྡོ་རྗེ་ཐེག་པའི་དམ་ཚིག་རིགས་ལྔ་སྤྱི་དང་ཁྱད་པར་གྱིས་བསྡུས་པ་རྣམས་ཚུལ་བཞིན་བླང་ནས་བསྲུང་བའི་འདུན་པས་འདིའི་རྗེས་ཟློས་མཛོད། འདི་བཟུང་བྱང་ཆུབ་མཆིས་ཀྱི་བར༔ དཀོན་མཆོག་གསུམ་བཟུང་མི་(9བ)གཏོང་སྒྲུབ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བཟུང་༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྣམ་པར་རྟོག་པའི་བྱུང་ས་བརྟག༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ ཚོགས་དྲུག་ལྷུག་པའི་ངང་དུ་བཞག༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ པདྨའི་རིགས་གྱུར་ཐམས་ཅད་མཆོད༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ རྣམ་རྟོག་ཕྲ་རགས་སྦོམ་གསུམ་བྲལ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ བདེ་གཤེགས་རིགས་ཀྱི་དམ་ཚིག་ཏུ༔ མི་འགུལ་གསུམ་ལ་གཞི་བཅས་ནས༔ དབྱིངས་དང་རིག་པ་འབྲལ་མི་བྱ༔ སངས་རྒྱས་རིགས་ཀྱི་དམ་ཚིག་ཡིན༔ རང་བྱུང་གདོད་མའི་མགོན་པོ་མཆོག༔ མ་སྐྱེས་གཞི་རྫོགས་སངས་རྒྱས་སྐུ༔ ལྔ་ལྡན་འོད་ཀྱི་མུ་ཁྱུད་མཛེས༔ རིག་པ་སྟོང་གསལ་སྐུ་གསུམ་ཉིད༔ འཕོ་འགྱུར་མེད་པར་ལྷང་ངེར་ཤར༔ འོད་ཕུང་ནམ་མཁའི་མཐའ་ཁྱབ་ཀློང་༔ སྒོ་ཡུལ་རིག་(10ན)པ་ཟེར་ཐག་སོགས༔ འདུ་འབྲལ་མེད་པར་དམ་བཅའ་འོ༔ (ལན་གསུམ།) འདའ་དཀའ་རྡོ་རྗེའི་དམ་ཚིག་གཉན་པོའི་བསྲུང་མཚམས་བསྒྲག་ཅིང་དེ་ལས་མི་འདའ་བར་བསྒོ་བ་འདི་ལ་སྙན་གཏོད་འཚལ། བླ་མ་དཀོན་མཆོག་གསུམ་ལ་གུས་པ་དང་༔ སེམས་ཅན་ཀུན་ལ་མ་ལྟར་བརྩེ་བ་དང་༔ བླ་མེད་རྩ་བ་ཡན་ལག་དམ་ཚིག་རྣམས༔ ལུས་དང་སྲོག་ལ་བབས་པར་གྱུར་ན་ཡང༔ ཅུང་ཟད་ཙམ་ཡང་དམ་ལས་འདའ་མི་བྱ༔ (ཞེས་དང་སྤྲོ་ན་དམ་ཚིག་གི་རྣམ་བཞག་རྒྱས་པར་བཤད་དོ། །) (བཞི་པ་སྡིག་སྒྲིབ་སྦྱོང་བ་ནི།) དེ་ནས་སྡིག་སྒྲིབ་སྦྱོང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་སྙིང་གར་ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཡི་གེ་པྃ་ནག་པོ་ལས་སྡིག་པ་རྭ་ཅན་སྦོམ་ལ་རགས་པའི་གཟུགས་སུ་གནས་པ། ལྟེ་བར་རྟ་མཆོག་པདྨ་དབང་ཆེན་གྱི་ངོ་བོ་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྃ་གྱིས་མཚན་པ། རྐང་མཐིལ་དུ་རླུང་གི་དཀྱིལ་འཁོར་ལྗང་ཀུ་གཞུ་ཡི་དབྱིབས་ཅན་ཆང་བཟུང་ལ་ཡཾ་གིས་མཚན་པ་རྣམས་གསལ་ཐོབ། སློབ་དཔོན་དང་དཀྱིལ་(10བ)འཁོར་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་རྐང་མཐིལ་ལ་ཕོག་པས་རླུང་གཡོས། ལྟེ་བའི་མེ་སྤར་བས་སྙིང་གའི་སྡིག་པ་རྭ་ཅན་གྱིས་མཚོན་པའི་རྣམ་སྨིན་གྱི་ལུས་ཐམས་ཅད་དངོས་མེད་དུ་བསྲེགས་ཤིང་སྦྱངས་པར་མོས་ཤིག །(ཅེས་རྟ་སྔགས་བརྗོད་ཅིང་ཡུངས་དཀར་གྱིས་བྲབ། གུ་གུལ་གྱིས་བདུག་གོ །) (ལྔ་པ་སྒོ་གསུམ་བྱིན་གྱིས་བརླབ་པ་ནི།) དེ་ལྟར་ཁྱེད་རང་རྣམས་ཀྱི་ལུས་ཤེལ་གོང་དྲི་མ་མེད་པ་ལྟ་བུར་གྱུར་པ་དེ་ཉིད་སླར་ཡར་འོད་ཀྱི་གོང་བུར་ཞུ་བ་ལས་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཞི་འཛུམ་དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་བཞིའི་དང་པོ་གཉིས་ཐལ་སྦྱར། འོག་མ་གཉིས་ཤེལ་ཕྲེང་དང་པད་དཀར་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པའི་སྐུར་གྱུར། དྲིའི་ཆུས་ཐིག་ལེ་རིམ་པར་བྱས་ལ། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་དྲིའི་ཆུས་ཁྱོད་རང་གི་སྤྱི་བོ་མགྲིན་པ་སྙིང་ག་རྣམས་སུ་རེག་པས་ཐིག་ལེ་བྱས་ཏེ་ཨོཾ་ཨཱ༔ ཧཱུྃ་ཞེས་བརྗོད་པས་གནས་གསུམ་དུ་ཡི་གེ་འབྲུ་གསུམ་བྱུང་། ཡང་མས་ནས་ཡར་སྙིང་མགྲིན་དཔྲལ་བ་རྣམས་སུ་རེག་སྟེ་ཧཱུྃ་ཨཱ༔ ཨོཾ་ཞེས་(11ན)བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གསལ་བར་གྱུར། ཡང་ཡས་ནས་མར་སྤྱི་མགྲིན་སྙིང་གར་རེག་སྟེ་ཨོཾ་ཨཱ༔ ཧཱུྃ་ཞེས་བརྗོད་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་བརྟན་པར་བྱས་པའི་མོས་པ་མཛོད། དེ་ལྟར་ལྷར་བསྐྱེད་ཅིང་སྒོ་གསུམ་བྱིན་གྱིས་བརླབས་པ་དེ་མཆོད་པའི་ཡུལ་དུ་བཟུང་བ་ཡིན་པས། མེ་ཏོག་དབུ་ལ་ཕུལ་བའི་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་པྲ་ཏཱི་ཙྪ་སྭཱཧཱ། (དེ་བཞིན་དུ།) བདུག་སྤོས་ཤངས། དྷུ་པེ། མར་མེ་སྤྱན། ཨཱ་ལོ་ཀེ། དྲི་ཆབ་ཐུགས་ཀར། གནྡྷེ། ཞལ་ཟས་ལྗགས། ནཻ་དྱ། (ཞེས་ཉེར་སྤྱོད་ལྔ་སྦྱིན་ནོ།) (དྲུག་པ་སོ་ཤིང་སྦྱིན་པ་ནི།) དེ་ནས་དངོས་གྲུབ་ཀྱི་སྐལ་པ་བརྟག་པ་ལ་གཉིས་ལས། དང་པོ་སོ་ཤིང་དོར་ཏེ་བརྟག་པ་ནི། ཧཱུྃ་ལས་བྱུང་བའི་སོ་ཤིང་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་སོར་བཅུ་གཉིས་པའི་ཚད་ཅན་དྲིས་བྱུགས་ཤིང་རྩེ་མོར་མེ་ཏོག་གི་ཅོད་པན་བཅིངས་བ་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། དེ་ཉིད་ཁྱེད་རང་རྣམས་ཀྱི་ལག་པ་ཐལ་མོའི་བར་དུ་བཟུང་ལ་རྩེ་མོས་སོ་བྲུད་པས་སྡིག་སྒྲིབ་ཐམས་ཅད་སྐྱུགས་(11བ)པར་མོས་ཤིང་། འཕགས་མཆོག་ནམ་མཁའི་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱིས་བདག་ལ་བཟང་ངན་གྱི་པྲ་བརྟག་བསྟན་དུ་གསོལ་སྙམ་པའི་འདུན་པ་རྩེ་གཅིག་པས་ཚིག་འདིའི་རྗེས་ཟློས་དང་བཅས་མཎྜལ་གྱི་དབུས་སུ་དྲང་པོར་འདོར་མཛོད། (ཅེས་སོ་ཤིང་གཏད་ལ།) ཀྱེ་ཧོཿ ཡང་གསང་བླ་མེད་དཀྱིལ་འཁོར་དུ༔ དངོས་གྲུབ་རྣམ་གཉིས་ཐོབ་བྱའི་ཕྱིར༔ བརྡ་ཡི་སོ་ཤིང་འདི་དོར་བས༔ བརྟེན་པ་ལས་ཀྱི་ལྷ་ལ་ཕོག་པར་ཤོག༔ བཛྲ་ཧ་ས་ཧ༔ (ཞེས་རབ་ཁྲུ་གང་གྲུ་བཞི་པ་བ་བྱུང་དང་དྲིས་བྱུགས་ཤིང་པདྨ་འདབ་བརྒྱད་ཀྱིས་མཚན་པའི་ཁར་འདོར་དུ་བཅུག །དབུས་སུ་བབས་ནས་མཆོག་གི་དངོས་གྲུབ་འགྲུབ། ཤར་དུ་ཞི་བ། ལྷོ་རུ་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོ། མཚམས་བཞིར་བུམ་པ་བཟང་པོ་སོགས་ཕྲ་མོའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །(ཞེས་ལུང་བསྟན།) (བདུན་པ་ཁྱོར་ཆུ་སྦྱིན་པ་ནི།) དེ་ནས་གཉིས་པ་རྨི་ལམ་བརྟག་པ་ལ་སྦྱོར་དངོས་གཉིས་ཀྱི་སྦྱོར་བ་ལའང་གསུམ་ལས། དང་པོ་རྨི་ལམ་གསལ་བའི་ཆེད་དུ་ཁྱོར་ཆུ་བླུད་པ་ནི། (ལས་བུམ་མ་མ་དུང་ཞལ་གྱི་ཆུ་བྃ་མང་དུ་བཟླས་པས་བརླབས་ལ།) དྲིའི་ཆུ་ཁྱོར་བར་ལན་གསུམ་བྱིན་པ་འཐུང་བ་ལྷག་མ་རྒྱབ་ཏུ་དོར་ཅིག་(12ན)ཨོྃ་ཧྲཱིཿབི་ཤུདྡྷེ་སྭཱཧཱ༔ (ཞེས་ཁྱོར་ཆུ་ལན་གསུམ་དུ་བླུད་དོ། །) (བརྒྱད་པ་དཔུང་སྐུད་གདགས་པ་ནི།) གཉིས་པ་རྨི་ལམ་ལ་བར་ཆད་ཀྱིས་མི་སྒྲིབ་པའི་ཕྱིར་སྲུང་སྐུད་གདགས་པ་ནི། སློབ་བུའི་ལུས་ཚད་དང་མཉམ་པའི་སྐུད་པ་དམར་པོ་སུམ་བལྟབ་ཏུ་བསྒྲིལ་བར་རྡོ་རྗེའི་མདུད་པ་གསུམ་བཏབ་སྟེ། སྲད་བུ་མི་དམིགས་པ་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྲད་བུ་དམར་པོ་མདུད་པ་གསུམ་དང་ལྡན་པ་ལ་ཡེ་ཤེས་ཀྱི་སྲད་བུ་སྤྱན་དྲངས་ཏེ་ཐིམ་པས་རྡོ་རྗེའི་སློབ་བུ་རྣམས་ཀྱི་སྒོ་གསུམ་གྱི་བར་ཆད་སྲུང་བའི་ནུས་པ་ཅན་དུ་གྱུར། རྩ་སྔགས་དང་ལས་སྔགས་ཀྱིས་བསྔགས་ལ་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་སུ་གཉིས་བསྐོར་གྱིས་བཅིངས་ཏེ། ཧཱུྃ་ཧྲཱིཿ ཡང་གསང་བླ་མེད་དཀྱིལ་འཁོར་འདིར༔ འཇུག་པའི་བར་ཆད་བགེགས་བསྲུང་ཕྱིར༔ མི་ཤིགས་རྡོ་རྗེའི་རྒྱ་ཅན་གྱིས༔ སྐལ་ལྡན་བུ་ལ་རྒྱས་གདབ་བོ༔ (རྩ་སྔགས་ཤམ་དུ།) བཛྲ་རཀྵ་རཀྵ་སྭཱཧཱ༔ (ཞེས་མདུད་པར་ལས་བུམ་གྱི་ཆུས་བྲན་ཅིང་རྡོ་རྗེས་རྒྱ་གྲམ་དུ་རྒྱས་གདབ།) (དགུ་པ་ཀུ་ཤ་སྦྱིན་པ་ནི།) གསུམ་པ་རྨི་ལམ་མི་འཁྲུགས་པར་བྱ་བའི་ཕྱིར་ཀུ་ཤའི་སྔས་སྟན་སྦྱིན་པ་ནི། ཀུ་ཤ་མི་དམིགས་པ་ལས་དྷྲཱིཿ དང་ཧཱུྃ་ལས་བྱུང་(12བ)བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་རྨི་ལམ་མི་འཁྲུགས་པར་བྱེད་པའི་ནུས་པ་ཅན་དུ་གྱུར། བཛྲ་ཏིཀྵྞ་བྃ༔ ཨེ་མ༔ ཁྱོད་ཀྱི་ལུས་ངག་ཡིད་གསུམ་གྱི༔ དགེ་དང་མི་དགེའི་ལས་གྱུར་གང་༔ པྲ་རྟགས་སྟོན་ཕྱིར་སྔས་སྟན་སྦྱིན་༔ བཟང་ངན་མཚན་མ་ཅི་བྱུང་ཡང་༔ ནངས་པར་ང་ལ་མ་གསང་སྨྲོས༔ ཨོཾ་བཛྲ་ཏིཀྵྞ་དྷྲཱིཿ (ཞེས་བཟླས་པའི་ཀུ་ཤ་ཆུང་བ་སྔས་ཀྱི་དོན་དུ་གཡས་དང་།) སིདྡྷི་ཧཱུྃ་(བཟླས་པའི་ཆེ་བ་བསྟན་གྱི་དོན་དུ་གཡོན་པར་གཏད།) དོ་ནུབ་བླ་མའམ་དཀྱིལ་འཁོར་ལ་མགོ་ཕྱོགས་པས་ཀུ་ཤའི་སྔས་སྟན་ལ་སེང་གེའི་ཉལ་སྟབས་དང་བཅས་དགེ་བའི་སེམས་ཀྱིས་ཉོལ་ལ། དེ་ལས་ཐོ་རངས་ན་རྨི་ལམ་གྱི་མཚན་མ་བཟང་ངན་དག་མཐོང་བར་འགྱུར་བས་ན་ནངས་པར་ཁོ་བོ་ལ་སྨྲོས་ཤིག །(ཅེས་བསྒོ།) (བཅུ་པ་ཆོས་བཤད་པ་ནི། དེ་ནས་ཕྱིར་མི་ལྡོག་པའི་སླད་དུ་ཟབ་མོའི་ཆོས་བཤད་པས་སྤྲོ་བ་བསྐྱེད་པ་འདི་ལ་གསན་འཚལ། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ འཕགས་པའི་དཀྱིལ་འཁོར་འཇུག་པ་ནི༔ ཨུ་དུམྺ་རའི་མེ་ཏོག་བཞིན༔ བརྒྱ་ལམ་ན་ནི་རེས་འགའ་ཙམ༔ འབྱུང་འགྱུར་ཡང་ན་མི་འབྱུང་ངོ་༔ བསྐལ་པ་བྱེ་བ་བསམ་ཡས་སུ༔ (13ན)སྔོན་དུ་སྡིག་པ་བྱས་པ་གང་༔ དཀྱིལ་འཁོར་བཟང་པོ་མཐོང་མ་ཐག༔ དེ་རྣམས་འཛད་པར་འགྱུར་ཡིན་ན༔ ཚུལ་འདིར་ཞུགས་ན་སྨོས་ཅི་དགོས༔ གང་གིས་སྤྱོད་པ་མཆོག་འདི་ལ༔ བློ་གྲོས་མི་གཡོ་རབ་གནས་ན༔ གོ་འཕང་བླ་ན་མེད་པ་འགྲུབ༔ དེ་ཕྱིར་ཁྱེད་རྣམས་སྐལ་བཟང་ཅན༔ ཐུགས་རྗེ་ཆེན་པོའི་རིགས་མཆོག་སྟེ༔ མ་ནོར་ཚུལ་བཞིན་འཇུག་པར་གྱིས༔ ཀྱེ་རིགས་ཀྱི་བུ་རྣམས་དེའང་འཇིག་རྟེན་ན་ཨུ་དུམྺ་རའི་མེ་ཏོག་དཀོན་པ་ལྟར་སངས་རྒྱས་འཇིག་རྟེན་དུ་འབྱོན་པར་དཀོན། བྱོན་ཀྱང་ཆོས་གསུངས་པ་དང་ཁྱད་པར་ཐེག་ཆེན། དེའི་ནང་ནས་ཀྱང་རྡོ་རྗེ་ཐེག་པ་གསུངས་པ་དཀོན། དེ་ལྟར་དཀོན་པ་ཙམ་དུ་མ་ཟད་དཀོན་ལ་རྙེད་ན་ཕན་ཡོན་ཆེན་པོ་དང་ལྡན་པ་སྟེ། དེའི་རྒྱུ་མཚན་བསྐལ་པ་བྱེ་བ་དུ་མར་བསགས་པའི་སྡིག་སྒྲིབ་རྣམས་དཀྱིལ་འཁོར་མཐོང་བ་ཙམ་གྱིས་འདག་པར་འགྱུར་ན། དེར་ཞུགས་ནས་དབང་ཐོབ་ཅིང་རྟོགས་གོམས་ཀྱི་སྦྱོར་བས་ཉམས་སུ་བླངས་ན་སྲིད་པ་ལས་ཐར་བ་ལྟ་ཅི་སྨོས་ཏེ། དེའི་ཕྱིར་ཁྱེད་ཅག་རྣམས་བདེ་ཞིང་མྱུར་བའི་ལམ་འདི་ལ་(13བ)བརྟེན་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གདོན་མི་ཟ་བའི་ཕྱིར་རྙེད་པ་ཡིན་པས་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་པར་མཛད་འཚལ། དེས་སྟ་གོན་གྱི་ཆོ་ག་རྣམས་གྲུབ། དངོས་གཞི་དབང་བསྐུར་བའི་ཆོ་ག་གསང་ཉིན་འབྱུང་བ་ལགས་པས་དགེ་བ་རྫོགས་བྱང་དུ་བསྔོ་བར་མཛོད། (ཅེས་བརྡ་སྤྲད་དེ་དགེ་བ་བསྔོས་ལ་སློབ་མ་རྣམས་རང་གནས་སུ་བཏང་། སློབ་དཔོན་གྱིས་སྟ་གོན་གྱི་ལྷ་ལ་སྙན་གསན་དབབ་པའི་སླད་དུ་སྤོས་དང་བཅས་ཏེ།) ཀྱེ༔ དགོངས་ཤིག་ནམ་མཁའི་རྒྱལ་པོའི་ལྷ་ཡི་ཚོགས༔ མ་ལུས་བདག་ལ་གསན་ཅིང་དགོངས་སུ་གསོལ༔ འཕགས་པའི་ལྷ་ཚོགས་ཁྱེད་རྣམས་མཆོད་པ་དང་༔ སྐལ་ལྡན་སློབ་བུ་རྗེས་སུ་གཞུག་པའི་ཕྱིར༔ བདག་ཅག་རིག་འཛིན་རྡོ་རྗེ་འཛིན་པ་ཡིས༔ ནངས་པར་འཕགས་པའི་དཀྱིལ་འཁོར་ལེགས་པར་འབྲི༔ ཐུགས་རྗེས་བརྩེར་དགོངས་བྱིན་གྱིས་བརླབ་ཏུ་གསོལ༔ (ཞེས་གསོལ་བས་གནང་བ་སྩལ་བར་མོས་ལ། འདེགས་པའི་རྒྱ་དང་བཅས།) ཨོཾ་བཛྲ་ཨུཏྟཱིཥྛ་(ཞེས་པས།) སྟ་གོན་གྱི་ལྷ་རྣམས་བར་སྣང་འོད་ཀྱི་དྲྭ་བར་བཞུགས་པར་(མོས། ཚོམ་བུ་དང་མཆོད་པ་རྣམས་བསྡུ། ཕྱིར་ནངས་སློབ་མ་རྣམས་ཀྱིས་རྨི་ལམ་དགེ་བའི་མཚན་(14ན)མ་མཐོང་ན་ཞེན་པ་མེད་པའི་སྒོ་ནས་གཟེངས་བསྟོད། ཅི་ཡང་མ་མཐོང་ན་འབྲིང་། ངན་ན་ཞི་བའམ་དྲག་པོའི་སྲེག་བླུགས་སོགས་ཟློག་པའི་ཐབས་བྱ་ཞིང་། དེ་ཙམ་མི་ནུས་ན་སྒྱུ་མ་ལྟ་བུར་ཤེས་པས་བདེན་མེད་ཀྱི་རྒྱས་བཏབ་པས་བཟློག་གོ །) (གཉིས་པ་དངོས་གཞིའི་རིམ་པ་ལ་གསུམ། གཟུགས་བརྙན་གྱི་དཀྱིལ་འཁོར་འདུ་བྱ་བ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། སྨིན་བྱེད་དབང་གི་ཆོ་ག་རྒྱས་པར་དབྱེ་བའོ། །) (དང་པོ་ནི། སྟེགས་བུར་བདུད་རྩི་ལྔས་ཆག་ཆག་བཏབ་ལ་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་ལེགས་པར་བཀྲམ་པའམ། མ་འབྱོར་ན་སྔར་གྱི་མཎྜལ་ཚོམ་བུ་ཅན་བཀོད་པའི་སྟེང་དུ་མཉྫིའི་ཁར་ལྷག་གནས་བྱས་པའི་རྣམ་བུམ་ཁ་རྒྱན་གཟུངས་རྡོར་དང་ལྡན་པ་འགོད། དེའི་མདུན་དུ་གཙོ་འཁོར་ཡོངས་རྫོགས་ཀྱི་སྐུ་ཙཀ ། རྡོ་དྲིལ་ལྷན་གཅིག་ཏུ་བསྡམས་པ། མེ་ལོང་དྭངས་པ། ཚེ་འབྲང་། ཚེ་རིལ་ཆང་། གཡས་སུ་དབུ་རྒྱན་དར་དཔྱང་ཅན། གསང་ཐོད་བདུད་རྩི་ཨ་མྲྀ་ཏ་མངར་གསུམ་སྦྱར་བས་བཀང་བ་ལ། བྱང་སེམས་དཀར་དམར་ཅུ་གང་གུར་གུམ་ཀ་ར་བུ་རམ་རྣམས་མར་དཀར་དང་སྦྱར་བའི་རིལ་བུ་སློབ་མའི་གྲངས་མཉམ་བླུགས་པའི་ཁ་དར་དམར་བརྒྱད་ལྟེབས་དང་མེ་ལོང་སིནྡྷུ་རས་བརྡལ་བར་ཆོས་འབྱུང་ཧྲཱིཿ ཡིག་བྲིས་པས་བཀབ་པ། དངུལ་གྱིས་བྲིས་པའི་སྔགས་བྱང་། ཤེལ་ཕྲེང་། རྒྱབ་ཏུ་རྡོ་རྗེ། ཤེལ་རྡོ། (14བ)ཆོས་དབྱུག་སྦ་དཀར་ཚིག་གསུམ། གདུགས་དང་གདན་ཁྲིའི་ཙཀླི། རྐང་འོག་གི་འཁོར་ལོ། ཆོས་དུང་། གཡོན་དུ་དྲིལ་བུ། དབང་གཏོར་ཕྱག་བཞེས་བཞིན་བཞེངས་པ་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ། ཁྲིའུར་བཏགས་གྲོལ་འཁོར་ལོ་དར་སྣས་ཀླུབས་པ། ཆོས་སྐོར་ཡོངས་རྫོགས་ཀྱི་གཞུང་པོད་གླེགས་བམ། རྡོ་དྲིལ། བཀྲ་ཤིས་རྫས་བརྒྱད་རྟགས་བརྒྱད་སྣ་བདུན་རྣམས་ཀྱི་ཙཀཱི་སོ་སོ་བ་བཅས་བཀོད། མདུན་རྒྱབ་གང་བདེར་རྩ་བའི་མཆོད་གཏོར། བདུད་རྩི། རཀྟ། བཀའ་སྲུང་གཏེར་སྲུང་གི་གཏོར་མ། མཐར་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་བསྐོར་དུ་བཤམས། འཛོམ་ན་འཕན་གདུགས་རྒྱལ་མཚན་སོགས་རྒྱན་གྱིས་བཀོད་པ་ཚར་དུ་དངར་བས་མཛེས་པར་བརྒྱན། སློབ་དཔོན་གྱི་མདུན་དུ་གཡོན་ནས་བརྩམས་ཏེ་ནང་མཆོད། རྡོ་དྲིལ། ལས་བུམ། ཌཱ་མ་རུ། མེ་ཏོག་དང་ཐུན་སྣོད་རྣམས་བཀྲམ། གཞན་ཡང་བདུད་རྩི་ཨ་མྲྀ་ཏ་དང་སྦྱར་བའི་དམ་ཆུ། མིག་དར། མེ་ཏོག །འགྲིམ་དཀྱིལ། ཚུལ་བཞིན་སྦྱར་བའི་འབེབས་རྫས། གསེར་ཐུར། ཕྱག་ཤིང་། མཎྜལ་གྱི་ཆས། སྔོན་གཏོར། ཚོགས་དང་གཏོར་མའི་བྱེ་བྲག་སོགས་ཕྲིན་ལས་དང་དབང་གི་སྐབས་སོ་སོར་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་འདུ་བྱའོ། །) (གཉིས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྒྲུབ་མཆོད་བདག་ཉིད་འཇུག་པ་དང་བཅས་(15ན)པ་ནི། བརྒྱུད་པའི་གསོལ་འདེབས་དང་སྐྱབས་སེམས་ནས་བཟུང་ཕྲིན་ལས་ཀྱི་གཞུང་མཐར་ཆགས་སུ་བསྲང་སྟེ། བྱིན་འབེབས་སྐབས་སྔར་བཏེགས་པའི་སྟ་གོན་གྱི་ལྷ་རྣམས་སྒྲུབ་དཀྱིལ་ལ་བསྟིམ། བདག་མདུན་དབྱེར་མེད་འཁོར་འདས་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་རྫོགས་པའི་ངང་ནས་སྤྲོ་བསྡུའི་ཏིང་ངེ་འཛིན་བཅས་བཟླས་པ་བྱ་བའམ། རྟོགས་པས་མི་ཆུན་ཛཔྲ་ཁང་ཕྱེས་ཏེ་བདག་མདུན་སོ་སོར་དམིགས་པའི་སྤྲོ་བསྡུས་བཟླས་པ་ཅི་འགྲུབ་དང་། སྤྲོ་ན་བུམ་བཟླས་ཀྱང་སྟ་གོན་སྐབས་བཞིན་བྱ།) ཐོད་པ་གཞལ་ཡས་ཁང་དུ་ལྷ་རྣམས་རང་རང་གི་ཤེས་རབ་མ་དང་སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིས་གང་བར་(བསམ་ལ། ཡིག་བཅུ་དང་།) ག་ན་གུ་ཧྱ་དྷི་ཙིཏྟ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ (ཞེས་བདུད་རྩི་སྒྲུབ་པའི་སྔགས་ཅི་རིགས་དང་།) གཏོར་མའི་ལྷའི་གནས་གསུམ་དུ་ཨོཾ་ཨཱ༔ ཧཱུྃ་དཀར་དམར་མཐིང་གསུམ་རྡོ་རྗེ་གསུམ་གྱི་ངོ་བོས་མཚན་པར་བསམ་ཞིང་། ཨོཾ་ཨཱ༔ ཧཱུྃ་གུ་རུ་དྷེ་ཝ་ཛོ་ཀི་ཌཱ་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ (ཞེས་ཉེར་གཅིག་ཙམ་བཟླ།) ཚེ་འབྲང་ནམ་མཁའི་རྒྱལ་པོ་ཚེ་དཔག་མེད་པར་གསལ་བའི་ཐུགས་ཀའི་འོད་ཀྱིས་བརྟན་གཡོའི་ཚེ་བཅུད་བསྡུས་ཏེ་རང་དང་ཚེ་རྫས་རྣམས་ལ་(15བ)ཐིམ་པར་(བསམ་ཞིང་།) ཨོཾ་ཨཱ༔ ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་སརྦ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ག་ག་རཱ་ཛ་གུཧྱ་ཛྙཱ་ན་དྷཱ་ཀི་ནཱི་ཨ་མི་དྷེ་ཝ་ཨཱ་ཡུ་ཥེ་ཧཱུྃ་བྷཱུྃ་ནྲྀ་ཛཿ(ཞེས་གང་འགྲུབ་བཟླས་མཐར་མཆོད་བསྟོད་བྱ། བཏགས་གྲོལ་ལ་དམིགས་ཏེ་ཡན་ལག་བདུན་པ་འབུལ་ཞིང་བརྒྱུད་པའི་བླ་མ་ལ་གསོལ་བ་གདབ། ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་བྱོན་ཏེ་ཙཀྲ་ལ་ཐིམ་པར་བསམ་ཞིང་བྱིན་འབེབས་བྱ། ཆོས་སྐྱོང་སྤྱི་དང་གཏེར་སྲུང་ཞིང་སྐྱོང་སོགས་ཀྱི་གཏོར་འབུལ་དང་། ཚོགས་བྱིན་རླབས་ནས་ཛ་གད་གསང་ནན་དུ་འབུལ་བའི་བར་བཏང་། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་དབང་ལེན་པའི་ཡུལ་དང་། དབང་གི་བྱ་བ་རྣམས་གཙོ་བོ་ལ་ཕྱེ་བའི་ལས་ཀྱི་རྒྱལ་ཐེབས་ཀྱིས་མཛད་ཅིང་། བདག་ཉིད་རྣམ་འགྱུར་གློ་བུར་བའི་རང་བཞིན་དབང་ཞུ་བ་པོར་བྱས་ཏེ་རྒྱས་པར་འཆད་འགྱུར་བཞིན་དབང་རྣམས་རྫོགས་པར་བླང་བའམ། བསྡུ་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱི་སྒོ་ནས་འཇུག་པ་ནི།) ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱ༔ བཛྲ་ས་མ་ཡ་ཨཱ༔ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭྰ། ཧཱ་བཛྲ་ས་མ་ཡ་ཧཱ། (ཞེས་མེ་ཏོག་ཕུལ་བས།) བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་(བསམ་སྟེ། འཇུག་བྱའི་དཀྱིལ་འཁོར་དང་བདག་གི་སྐུ་གསུང་ཐུགས་ཡོན་ཏན་(16ན)ཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་མོས་ལ།) ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོ། །(ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ། གང་ལྟར་ཡང་མཐར་སློབ་མ་འཇུག་པའི་དོན་དུ།) ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་འཇུག་པར་འཚལ། །(ཞེས་གསོལ་བ་བཏབ་པས་གནང་བ་བྱིན་པར་བསམ་ལ། སློབ་མ་རྣམས་ཀྱིས་སྔར་མཚན་མའི་དཀྱིལ་འཁོར་མ་མཐོང་བ་མཚོན་བྱེད་དཀྱིལ་འཁོར་ཡོལ་བས་བསྒྲིབ་སྟེ་བཞག་གོ །) (གསུམ་པ་སྨིན་བྱེད་དབང་གི་ཆོ་ག་དངོས་ལ་གཉིས་ཏེ། དཀྱིལ་འཁོར་དུ་འཇུག་པའི་རིམ་པ་དང་། ཞུགས་ནས་མངོན་པར་དབང་བསྐུར་བའོ། །) (དང་པོ་ལའང་གཉིས། ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་དང་། ནང་ཡེང་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའོ། །སྔ་མ་ལ་བདུན་ལས།) དང་པོ་ཁྲུས་བྱ་ཞིང་བགེགས་བསལ་བ་ནི། སྔར་སྟ་གོན་བྱས་པའི་སློབ་མ་རྣམས་སྒོ་དྲུང་དུ་བོས་ལ། (ཇི་ལྟར་བལྟམས་པ་ཙམ་གྱིས་ནི།) ལྷ་རྣམས་ཀྱིས་ནི་(16བ)ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་ཁྲུས་བགྱིའོ༔ ཨོཾ་ཨཱ༔ ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཧྱ་གྲཱི་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་བཟླ་ཞིང་ལས་བུམ་གྱི་ཆུས་ཁྲུས་བྱ། ཕྱག་བཅས་གྲལ་དུ་འཁོད་པ་དང་བགེགས་ཀྱི་གཏོར་མ་ལས་སྔགས་དང་ལས་ཆུས་བསང་།) སྭ་བྷཱ་ཝ(ས་སྦྱང་།) སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར་(པར་བསམ་ལ།) ཨོཾ་ཨཱ༔ ཧཱུྃ་ཧོཿ(ས་བརླབས།) སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ(ས་མགྲོན་དགུག །)ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལིནྟེ་སྭཱཧཱ། (ཞེས་ལན་གསུམ་ཀྱིས་གཏོར་མ་བསྔོས་ཏེ།) ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན༴ ཆོས་ཉིད་རྣམ་པར་དག་པའི་བདེན་པ༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཁྱད་པར་འཇིག་རྟེན་དབང་ཕྱུག་འཕགས་པ་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་(17ན)པོའི་བྱིན་གྱི་རླབས་ཀྱིས་དེང་འདིར་རྡོ་རྗེའི་སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་མགུ་ཞིང་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་བགེགས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། (གུ་གུལ་གྱིས་བདུག་ཅིང་།) སུམྦྷ་ནི་(སོགས་དྲག་སྔགས་ཡུངས་ཐུན་ཚམ་རྔམས་དང་བཅས་པས་བགེགས་བསྐྲད།) བཛྲ་རཀྵ་རཀྵ་ཧཱུྃ། (ཞེས་བརྗོད་པས།) སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། (ཅེས་བསྲུང་འཁོར་གསལ་བཏབ་བོ། །) (གཉིས་པ་ལོ་རྒྱུས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་ཞིང་ཆས་སུ་འཇུག་པ་ནི། མེ་ཏོག་བཀྲམ་བསྡུ་བྱས་ལ།) འོ། མཐའ་དང་མུ་མེད་པའི་སྐྱེ་འགྲོ་(ཞེས་སོགས་ནས།) རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་ལས་ཀྱང་སྙིང་པོ་གྱུར་པ་(ཞེས་པའི་བར་སྔར་སྟ་གོན་གྱི་སྐབས་བཞིན་འདིར་བླངས་ནས།) བདེ་གཤེགས་(17བ)ཀུན་འདུས་འཕགས་མཆོག་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་ཆོས་སྐོར་ཡིན། དེ་ལ་ཐོག་མར་ངེས་ཤེས་འདྲེན་པ་ལོ་རྒྱུས་མདོ་ཙམ་འཆད་པའི་དབང་དུ་བྱས་ན། འཁོར་འདས་གང་དུའང་མ་གྲུབ་པའི་སྔ་རོལ་ངོ་བོ་ཆོས་ཉིད་སྟོང་བའི་ཡེ་ཤེས་གཏིང་གསལ་ཐིག་ལེ་ཆེན་པོའི་གཞི་ཐོག་ཏུ་ཡེ་སངས་རྒྱས་པ་གདོད་མའི་མགོན་པོ་ཆོས་སྐུ་སྐྱེ་མེད་ཀུན་བཟང་སྣང་བ་མཐའ་ཡས་ཀ་དག་དགོངས་པའི་ཀློང་ལས་མ་གཡོས་བཞིན་དུ། རང་བཞིན་གསལ་མདངས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པའི་ཆོ་འཕྲུལ་ལོངས་སྐུ་འགག་མེད་ཡེ་ཤེས་རིགས་ལྔ་གངས་ཆེན་མཚོ་ནམ་མཁའི་རྒྱལ་པོ་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་སྟུག་པོ་མངོན་པར་བཀོད་པ་ལས། ཚད་དང་རིས་སུ་བྲལ་བའི་ཐུགས་རྗེ་ཆེན་པོ་ཀུན་ལ་ཁྱབ་པའི་ཡེ་ཤེས་རྩོལ་མེད་སྤྲུལ་པའི་རྣམ་རོལ་གདུལ་བྱའི་ཡུལ་དང་འཚམས་པར་རང་སྣང་བ་སྟེ། བྱེ་བྲག་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཉིད་འདུལ་བའི་དོན་དུ་བསྐལ་བཟང་གི་སངས་རྒྱས་སྟོང་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་ལ་སོགས་པ་མཚན་དང་སྐུའི་བྱེ་བྲག་བསམ་མི་ཁྱབ་པས་སྐད་(18ན)ཅིག་རེར་ཡང་ཞིང་གི་རྡུལ་སྙེད་ཀྱི་འགྲོ་བ་མ་བསྒྲལ་མ་མཐའ་དག་ཡང་དག་པར་སྒྲོལ་བར་མཛད་ཅིང་། ཁྱད་པར་རྒྱལ་བའི་ཞབས་ཀྱིས་མ་བཅག་པའི་གངས་ཅན་མུན་པའི་ལྗོངས་འདི་གདུལ་བྱའི་ཞིང་དུ་བདག་གིར་བཞེས་ཏེ། ཐོག་མར་མི་དང་ནོར་གྱིས་ས་བོན་བསྐྲུན། རིམ་གྱིས་བསྟན་པའི་གཞི་མ་ཁྱིམ་བདག །བསྟན་པ་སྐྱོང་བའི་རྒྱལ་བློན། བསྟན་པ་འཛིན་པའི་བཤེས་གཉེན་སོགས་སུ་མངོན་པར་འཕྲུལ་ཞིང་། ཐ་ན་ས་རྡོ་བེམ་པོའི་རྣམ་པ་ཚུན་ཆད་འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་བརླབས་པར་མཛད་པ་སོགས་དུས་གསུམ་རྒྱུན་མི་འཆད་དུ་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་དང་རྣམ་ཐར་གྱི་ཕ་མཐའ་རྒྱལ་བ་སྲས་དང་བཅས་པས་བསྐལ་པ་བརྒྱར་ཡང་ཆ་ཤས་ཙམ་གཞལ་བར་བཟོད་པ་མ་ཡིན་ལ། དེ་ལྟ་བུའི་མགོན་པོ་ཐུགས་རྗེའི་གཏེར་ཆེན་ཉིད་སྒྲུབ་པའི་ཐབས་ཚུལ་རྒྱུད་སྡེ་གོང་འོག་གི་རིམ་པ་དང་མཐུན་པར་གསང་སྔགས་གསར་རྙིང་གི་བཀའ་སྲོལ་མཐའ་ཡས་པར་བྱོན་པ་རྣམས་ཀྱི་ནང་ནས་ཟབ་ཅིང་རྒྱ་ཆེ་ལ་མཆོག་དང་ཕུལ་དུ་གྱུར་པ་ནི། (18བ)འཕགས་མཆོག་ཕྱག་ན་པདྨོ་ཉིད་གདུལ་དཀའི་སྐྱེ་བོ་རྣམས་འདུལ་བའི་སླད་དུ་འཆི་མེད་གྲུབ་པའི་སློབ་དཔོན་ཆེན་པོའི་སྐུར་བསྟན་པ་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་རྩལ་གྱི་ཞལ་ལུང་བྱིན་རླབས་ཀྱི་གཟི་བྱིན་དང་འགྲོ་ཕན་གྱི་ཕྲིན་ལས་གཞན་ལས་ཁྱད་པར་དུ་བྱས་པ་ཟབ་མོ་གཏེར་གྱི་ཕྱོགས་ནས་བྱོན་པ་རྣམས་ཡིན་ཏེ། དེའང་རྩོད་པའི་དུས་ཀྱི་གདུལ་བྱ་སྤྱི་དང་བྱེ་བྲག་པྲེ་ཏ་བོད་ཀྱི་རྒྱལ་ཁམས་སུ་སྐྱེས་པའི་འགྲོ་བ་མགོན་མེད་པ་རྣམས་ལ་སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཆེན་པོས་དུས་གསུམ་རྒྱུན་ཆད་མེད་པར་སྐྱོང་བར་མཛད་པ་གུ་རུ་རིན་པོ་ཆེ་དེ་ཉིད་ཀྱིས། དངོས་སུ་སྐལ་ལྡན་རྗེ་འབངས་འདུས་པ་རྣམས་ཀྱི་ངོ་སྐོལ་དང་། བརྒྱུད་ནས་སྙིགས་དུས་ཐ་མའི་སྐྱེ་རྒུ་སྐྱོབས་པའི་དཔུང་གཉེན་དུ་བརྩེ་བས་དགོངས་ཏེ་འཇིག་རྟེན་དབང་ཕྱུག་གི་རྒྱུད་དང་སྒྲུབ་ཐབས་ཕྱི་ནང་གསང་བའི་སྨིན་གྲོལ་ཆོས་ཀྱི་ཆར་ཆེན་པོ་ཕབ་ཅིང་། གདམས་ཟབ་ཀྱི་སྙིང་པོར་གྱུར་པ་ཕལ་ཆེར་གཏེར་རིགས་མི་འདྲ་བ་དུ་མར་རྡོ་རྗེའི་རྒྱ་ཡིས་བཏབ་པར་མཛད་པ་དུས་ལ་བབས་པའི་ཚེ་ན་ལས་ཅན་སྤྲུལ་པའི་གཏེར་སྟོན་རིམ་པར་བྱོན་པས་(19ན)ཟབ་མོའི་རྒྱ་བཀྲོལ་ནས་མཐོང་ཐོས་དྲན་རེག་གི་འགྲོ་བ་གྲངས་ལས་འདས་པ་བདེ་ལྡན་པདྨོ་བཀོད་པའི་ཞིང་དུ་དབུགས་དབྱུང་བར་མཛད་པ་ལས། སྐབས་སུ་བབས་པ་འདི་ནི་ཇི་སྐད་དུ། དུས་གསུམ་སངས་རྒྱས་ཐུགས་རྗེ་གཅིག་བསྡུས་པ༔ འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་སྟེ༔ ཕྱོགས་དུས་རྒྱལ་བ་གཞན་ལས་ཐུགས་རྗེ་མྱུར༔ ལྷག་པར་བོད་ཡུལ་འགྲོ་བའི་ལྷ་སྐལ་ཡིན༔ དེ་ཕྱིར་བདག་འདྲ་པདྨ་ཐོད་ཕྲེང་གིས༔ རྒྱ་བོད་ཀུན་ཏུ་ལྷ་མཆོག་འདི་ཉིད་ཀྱི༔ སྒྲུབ་ཐབས་མ་བུ་ཆ་ལག་ཚང་བ་ནི༔ རྒྱས་བསྡུས་མང་ཞིག་སྔ་ཕྱིར་བསྟན་ཅིང་སྦས༔ ཀུན་གྱི་བཅུད་ཐིག་ནམ་མཁའི་རྒྱལ་པོ་འདི༔ མཚོ་རྒྱལ་འབྲོག་བན་གཉིས་ལ་བརྩེ་བས་བཤད༔ ཅེས་གསུངས་པ་ལྟར། ཀུན་དང་མཐུན་ལ་ཀུན་ལས་ཁྱད་པར་འཕགས་པའི་གདམས་ཟབ་ངོ་མཚར་རྨད་དུ་བྱུང་བ་འདི་ཉིད། སློབ་དཔོན་ཆེན་པོ་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་བཞུད་པར་ཉེ་བ་ན། ཐུགས་ཟིན་གྱི་གཟུངས་མ་མཚོ་རྒྱལ་དང་འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་བ་གཉིས་ཀྱིས་གསོལ་བ་བཏབ་པའི་ངོར་བསམ་ཡས་བྲག་(19བ)དམར་ཨཱརྱ་པཱ་ལོའི་གླིང་དུ་འཕགས་པ་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཏེ་སྨིན་གྲོལ་གདམས་པ་ཆ་ལག་དང་བཅས་པ་གནང་ཞིང་འབྲོག་བན་ལོ་ཙཱ་ལ་བཀའི་གཏད་རྒྱ་ནན་ཆགས་སུ་སྩལ། མ་འོངས་སྙིགས་མའི་དུས་སུ་འགྲོ་བའི་དོན་དཔག་ཏུ་མེད་པ་འབྱུང་བར་ལུང་བསྟན་པ་བཞིན་མཚོ་རྒྱལ་གྱིས་མཁའ་འགྲོ་གསང་བའི་བརྡ་རིས་སུ་བཏབ་སྟེ། འབྲལ་མེད་རྟེན་མཆོག་སྐུ་ཚབ་མཐོང་བ་དོན་ལྡན། སྐྱེ་བདུན་མྱང་གྲོལ་དམ་རྫས་བདུད་རྩིའི་གར་བུ་དང་བཅས། མདོ་ཁམས་ཚ་བ་སྒྲོ་བྲག་ཙིཏྟ་གནམ་ལང་འདྲ་བའི་མགུལ་གྱི་ཀེའུ་ཚང་དུ་གཏམས་ནས་ཕྱི་ནང་གསང་བའི་བཀའ་སྲུང་རྣམས་ལ་གཉེར་དུ་གཏད་པར་མཛད་པ་ཉིད། འབྱུང་འགྱུར་འདུལ་བའི་དུས་སུ་སོན་པ་ན། གྲུ་གུ་ཡང་དབང་གི་གཏེར་ལུང་ལས། དུས་ངན་ཐ་མ་བསྟན་པ་མར་འགྲིབ་དུས༔ བོད་ཁམས་བདེ་བ་མཐའ་མིའི་དཔུང་གིས་བཅོམ༔ རི་ལྕོགས་རེ་ལ་སྔར་མེད་བཙན་རྫོང་བརྩིག༔ དེ་ཚེ་སངས་རྒྱས་ནུས་ལྡན་རྡོ་རྗེ་ནི༔ ཤར་གྱི་ཕྱོགས་ནས་བདུད་འདུལ་རྡོ་རྗེ་ཞེས༔ བོད་ཡུལ་བདེ་བའི་བྱ་བཞག་སྣ་ཚོགས་སྒྲུབ༔ (20ན)ཅེས་སོགས་གཏེར་ཁ་གསར་རྙིང་དུ་མ་ནས་ལུང་བསྟན་བསྔགས་པའི་གླིང་བུ་མགྲིན་གཅིག་ཏུ་བསྒྱུར་བ། ཨོ་རྒྱན་ཆེན་པོ་དང་འབྲོག་བན་ལོ་ཙཱ་ཟུང་དུ་འཇུག་པའི་མཁྱེན་བརྩེ་ཡེ་ཤེས་ཀྱི་རོལ་གར་གནས་གཏེར་བརྒྱ་རྩའི་ལྡེའུ་མིག །སྙན་བརྒྱུད་བཅུ་གསུམ་གྱི་མཛོད་ཁང་། མྱང་གྲོལ་སྟོང་རྩའི་བཀའ་བབས་འཛིན་པ། ས་བཅུའི་དབང་ཕྱུག་ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེ་རྩལ་གྱིས་བར་ཆད་མེད་པར་སྤྱན་དྲངས་ཏེ། ལུང་ནས་བསྟན་པའི་ཆོས་བདག་ལྷ་བཙུན་ནམ་མཁའི་འཇིགས་མེད་སོགས་སྤྲུལ་པའི་སྐྱེས་ཆེན་རྣམས་ཀྱིས་ཐོག་དྲངས་སྐལ་ལྡན་གྱི་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ལམ་ལ་བཀོད་ཅིང་འགོད་པའི་ཕྲིན་ལས་ཁྱབ་པར་བརྡལ་བཞིན་པ་སྟེ། དེ་ལྟ་བུའི་ཟབ་མོའི་གདམས་པ་དེ་ལའང་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་དབང་གི་རིམ་པ་དང་། སྨིན་ཟིན་གྲོལ་བར་བྱེད་པ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་སྨིན་བྱེད་དབང་བསྐུར་བའི་རིམ་པ་དེ་སྒྲུབ་པར་བགྱི་བ་སྐབས་སུ་བབ་པ་ཡིན། དེ་ལ་སྟ་གོན་དུ་གནས་པ་ཡན་ཆད་སྔོན་དུ་སོང་ནས། དངོས་གཞིའི་ཆོ་ག་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་(20བ)བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ལས། བདག་ཉིད་སློབ་དཔོན་གྱིས་བགྱི་བར་འོས་པ་གཞུང་ལས་ཇི་སྐད་བཤད་པའི་རིམ་པ་རྣམས་བླ་མ་དམ་པའི་ཕྱག་བཞེས་བཞིན་ཚང་ལ་མ་འཁྲུལ་བར་སོང་གྲུབ། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དང་། ཞུགས་ནས་དབང་བསྐུར་བའི་ཆོ་ག་གཉིས་ལས། འདིར་འཇུག་པའི་སྐབས་ཡིན། དེ་ལའང་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་གཉིས་ལས། ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་རིམ་པར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། (ཞེས་ལོ་རྒྱུས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །)དེ་ལྟར་མཎྜལ་ཕུལ་ནས། ཁྱེད་རང་རྣམས་སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོངས་ཏེ་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་སྤྱན་དར་དམར་པོ་རེས་གདོང་བཅིང་བའི་མོས་པ་མཛོད། ཨོཾ་(21ན)ཙཀྵུ་བྷནྡྷ་ཝཱ་ར་མ་ཎ་ཡ་ཧཱུྃ༔ (ཞེས་མིག་དར་བཅིང་།) དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་རྟེན་ཨུ་དུམྺ་རའི་མེ་ཏོག་གི་ཕྲེང་བ་གསར་པ་རེ་ཕྱག་ཏུ་གཏད་པར་མོས་ཤིག །ཨ་ཁཾ་བི་ར་ཧཱུྃ༔ (ཞེས་མེ་ཏོག་གཏད།) (གསུམ་པ་གསོལ་བ་གདབ་ཅིང་གནང་བ་སྦྱིན་པ་ནི།) སློབ་དཔོན་ཉིད་དཀྱིལ་འཁོར་གྱི་གཙོ་བོ་འཕགས་མཆོག་ནམ་མཁའི་རྒྱལ་པོ་དངོས་ཡིན་སྙམ་པའི་འདུ་ཤེས་ཀྱི་དད་གུས་དྲག་པོས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སློབ་དཔོན་ཁྱེད་ལ་བདག་སྐྱབས་མཆི༔ འཕགས་པའི་དཀྱིལ་འཁོར་དང་བཅས་པའི༔ ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ༔ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས༔ གཙོ་བོ་ཁྱོད་ཀྱིས་བསྒྲལ་དུ་གསོལ༔ ཐར་པའི་ཕོ་བྲང་དམ་པ་རུ༔ མགོན་པོས་བདག་ཅག་གཞུག་ཏུ་གསོལ༔ (ལན་གསུམ།) དེ་ལྟར་གསོལ་བ་བཏབ་པ་ལ་སྤྲོ་བ་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་འདི་ལ་གནས་པས་ཁྱབ་པར་གདའ། ཧོཿ ཡང་གསང་བླ་མེད་དཀྱིལ་(21བ)འཁོར་དུ༔ བུ་རྣམས་ལམ་ཞུགས་ཤིན་ཏུ་ལེགས༔ ཁྱེད་ཅག་སྣོད་ལྡན་བསོད་ནམས་བསགས༔ ཐུགས་རྗེ་ཆེན་པོ་ལྷ་ཡི་ལྷ༔ བདག་གིས་ཁྱེད་རྣམས་སྨིན་བྱེད་ཅིང་༔ འདོད་པའི་དངོས་གྲུབ་དམ་པ་སྦྱིན༔ (བཞི་པ་རྒྱུད་སྦྱོང་བ་ནི།) དེ་ལ་ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་འདུན་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་འཕགས་མཆོག་ནམ་མཁའི་རྒྱལ་པོ་གཉིས་སུ་མེད་པ་ལ་ཕྱོགས་དུས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་དུ་སད་པའི་སྤྱན་སྔར་དུས་འདི་ནས་བཟུང་སྟེ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་སངས་རྒྱས་འཕགས་མཆོག༴ (སོགས་ལན་གསུམ།) མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་པར་སྤྱོད་པ་འདི་རྣམས་སྡུལ་བསྔལ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ནས་རྣམ་གྲོལ་གཏན་གྱིས་བདེ་བ་ལ་འགོད་པར་བྱ། དེའི་ཆེད་དུ་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོཿ བདག་གིས་(22ན)འཕགས་པའི་(སོགས་ལན་གསུམ།) ཚོགས་ཀྱི་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་འཁོད་དེ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། མཆོད་སྤྲིན་སྤྲོ་བ། སྡིག་པ་བཤགས་པ། དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། དགེ་ཚོགས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བ་རྣམས་ཚིག་ཕྱིར་ཐུགས་གཞོལ་བའི་སྒོ་ནས་འདིའི་རྗེས་ཟློས་མཛོད། དུས་གསུམ་བཞུགས་པའི་(སོགས་ལན་གསུམ།) (ལྔ་པ་སྡོམ་པ་བཟུང་བ་ནི།) གསང་སྔགས་ཀྱི་གཞི་དབང་ལ་བརྟེན་ཀྱང་དབང་གི་སྲོག་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་ན་ཕྱི་ནང་གསང་བ་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་དང་སྡོམ་པའི་གནས་མཐའ་དག་སྔོན་གྱི་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྲུང་བ་དེ་བཞིན་དུ་བདག་གིས་ཀྱང་ལེགས་པར་བླངས་ནས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་༔ རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་(22བ)ཀྱིས༔ ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང་༔ སྡོམ་པ་རྒྱ་མཚོ་མཐའ་ཡས་བཟུང་བ་ལྟར༔ དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ༔ འགྲོ་ལ་ཕན་ཕྱིར་དེ་དག་བཟུང་བར་བགྱི༔ (ལན་གསུམ།) (དྲུག་པ་གསང་སྔགས་ནང་གི་སེམས་བསྐྱེད་པ་ནི།) དེ་ནས་གསང་སྔགས་ནང་གི་སེམས་བསྐྱེད་པའི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ནས་འབྲས་ཙམ་གྱི་ལྟེ་བར་དྭངས་མ་ལྔ་ལྡན་གྱི་ཐིག་ལེར་ཧྲཱིཿདཀར་པོ་སྤུས་བྲིས་པ་ལྟ་བུ་ཞིག་གི་གཟུགས་སུ་གནས་པར་མོས་ལ་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ (ལན་གསུམ།) སེམས་བསྐྱེད་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། (རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཞག་སྟེ།) ཏིཥྛ་བཛྲ༔ (ཞེས་བརྟན་པར་བྱ།) (བདུན་པ་སྒོ་བཞི་ནས་འཇུག་ཅིང་ཕྱག་བྱ་བ་ནི།) དེ་ནས་རིག་པ་ཡེ་ཤེས་རང་གསལ་གྱི་སྒོ་ཉིད་མ་རིག་འཁྲུལ་པས་གདོད་ནས་བཅད་པ་མཚོན་བྱེད་རྟགས་ཀྱི་དཀྱིལ་འཁོར་ཆེན་པོའི་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་(23ན)མཛོད། ཧོཿ དཀྱིལ་འཁོར་ཕྱོགས་བཞིའི་སྒོ་བཞི་ནས༔ བདུད་བཞི་འཇོམས་མཛད་ཁྲོ་བོ་བཞིས༔ འགྲོ་དྲུག་འཁོར་བའི་སྒོ་ཆོད་ལ༔ རྣམ་ཐར་བཞི་ཡི་སྒོ་ཕྱེས་ཤིག༔ (ལན་གསུམ། སློབ་དཔོན་གྱིས་དབྱེ་བའི་རྒྱ་དང་བཅས་ཏེ།) ཛཿཧཱུྃ་བྃ་ཧོ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ (ཅེས་བརྗོད་པས།) དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེ་བར་གྱུར། (ཞེས་ཡོལ་བ་བསལ།) ཁྱེད་རང་རྣམས་གཙོ་བོའི་ཐུགས་ཀ་ནས་ཕྱེ་བའི་ལས་ཀྱི་རྡོ་རྗེས་རྡོ་རྗེའི་ལམ་ནས་དཀྱིལ་འཁོར་གྱི་ནང་དུ་དྲངས་པའི་མོས་པ་མཛོད། (སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུར་བཅུག་སྟེ།) ཧཱུྃ་ཛཿཞེས་དྲངས་པས་ཚད་མེད་པ་བཞིའི་འཇུག་པས་དཀྱིལ་འཁོར་གྱི་སྒོ་བཞི་ནས་ཞུགས་ཏེ་ལྷ་ཚོགས་རྣམས་ལ་ཕྱག་བྱ་བའི་མོས་པས་གནས་གསུམ་དུ་ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས་མཛོད། ཨོཾ་ན་མ་སྟེ་ཧཱུྃ༔ ཨོཾ་ན་མཿམི་ཧཱུྃ༔ ཨོཾ་ན་མོ་ན་མཿཧཱུྃ༔ (ལན་བཞི།) དེ་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ནང་གི་ཁྱམས་ལ་འཁོད་པའི་མོས་པ་མཛོད། (ཅེས་བརྗོད་དོ། །) (གཉིས་པ་ནང་འཇུག་ལ་ལྔ་ལས། དང་པོ་དམ་ལ་བཞག་པ་ནི།) དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་སོང་། དེ་ནས་ནང་ཡེ་(23བ)ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་བཞག་པ་ལ། དེ་ཡང་གསང་སྔགས་ཀྱི་དབང་བསྐུར་ཟབ་མོ་ཐོབ་ནས་རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་མཐའ་དག་ཚུལ་བཞིན་དུ་བསྲུང་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དཀའ་བ་མེད་པར་འགྲུབ་པར་འགྱུར་པ་ཡིན་ཅེས་ཕན་ཡོན་གཙོ་བོར་བཤད་པའི་སྒོ་ནས་དམ་ལ་བཞག་པ་ནི། (རྡོ་རྗེ་མགོར་བཞག་ལ།) དེང་ཁྱོད་དཀྱིལ་འཁོར་ཆེན་པོ་འདིར༔ གཞུག་ཅིང་ཡེ་ཤེས་བསྐྱེད་བྱ་སྟེ༔ དེ་ཡིས་དངོས་གྲུབ་མཆོག་ཐོབ་འགྱུར༔ བླ་མེད་གསང་བའི་མན་ངག་རྣམས༔ སྣོད་མིན་རྣམས་ལ་མ་སྨྲ་ཞིག༔ (ཅེས་དང་།) སྣོད་མ་ཡིན་པ་ལ་གསང་བ་བསྒྲག་པ་སོགས་དམ་ལས་འགལ་ན་མི་བཟད་པའི་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ཅེས་ཉེས་དམིགས་གཙོ་བོར་བཤད་པའི་སྒོ་ནས་དམ་ལ་བཞག་པ་ནི། (རྡོ་རྗེ་སྙིང་གར་བཞག་ལ།) དེ་རིང་ཐུགས་རྗེ་ཆེན་པོའི་ལྷ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ (ཞེས་དང་།) རྡོ་རྗེ་དམ་ཚིག་གི་ཆུ་ནན་འདི་ཉིད་ལྕེ་(24ན)ལ་བཞག་ཀྱང་སྙིང་གི་དཀྱིལ་དུ་བབས་ཏེ་གནས་པས། དམ་ཚིག་བསྲུངས་ན་མགོན་སྐྱབས་བྱེད་པའི་ལྷ་ཡེ་ཤེས་སེམས་དཔར་གྱུར་ནས་རྟག་ཏུ་བྱིན་གྱིས་རློབ་ཅིང་འདི་ཕྱིའི་ཕན་བདེ་མ་ལུས་པ་སྟེར་བར་འགྱུར་ལ། གལ་ཏེ་དམ་ལས་འདས་ན་བཛྲ་ཡཀྴ་ཀྲོདྷ་ཞེས་བྱ་བ་ལྕགས་སྡིག་མགོ་དགུ་པར་གྱུར་ནས་སྙིང་ཁྲག་གཞིབས་པས་མཐོང་ཆོས་སུ་འང་ཚེ་ཐུང་ཞིང་ནད་མང་བ་དང་ཕྱི་མར་རྡོ་རྗེ་དམྱལ་བའི་མེས་རབ་ཏུ་བསྲེག་པར་འགྱུར་བ་ཡིན་ཅེས་ཁེ་ཉེན་གཉིས་ཀ་བསྟན་པའི་སྒོ་ནས་དམ་ལ་བཞག་པ་ནི། (དམ་ཆུ་བདུད་རྩི་སྦྱིན་ལ།) འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ༔ (ཞེས་དང་།) རྡོ་རྗེའི་སློབ་དཔོན་ནི་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེན་པོར་ངེས་པའི་ཕྱིར་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ལས་འགལ་བར་གྱུར་ན་མ་ལུས་པའི་དཀྱིལ་འཁོར་ཐམས་ཅད་དུས་གཅིག་ལ་སྤོང་བར་འགྱུར་ཞིང་མི་བཟད་པའི་ཉམས་པ་ཆེན་པོར་འགྱུར་བ་ཡིན་ཅེས་སློབ་དཔོན་བཀའ་གཉན་པར་(24བ)བསྟན་པའི་སྒོ་ནས་དམ་ལ་བཞག་པ་ནི། (རྡོ་རྗེ་གདེངས་ཤིང་སྤྱི་བོར་བཞག་ལ།) འདི་ནས་བཟུང་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱི༔ ང་ཡིས་ཇི་ལྟར་བསྒོས་པ་བཞིན༔ ཁྱོད་ཀྱིས་ཡང་དག་བྱ་དགོས་སོ༔ གལ་ཏེ་བཀའ་འདས་བརྙས་པ་ན༔ མནར་མེད་རྡོ་རྗེ་དམྱལ་བ་ནས༔ ཐོན་ཅིང་ཐར་པའི་དུས་མེད་དོ༔ དེ་ཕྱིར་དམ་ལས་མ་འདའ་ཞིག༔ ཨོཾ་བཛྲ་ས་མ་ཡ་རཀྵ་རཀྵ༔ (ཞེས་བསྒྲག་ལ།) དེང་ཕྱིན་ཆད་བླ་མ་རྡོ་རྗེ་འཛིན་པས་ཇི་ལྟར་བསྒོས་པ་བཞིན་གསང་བའི་དམ་ཚིག་གི་ཚུལ་ལས་ནམ་ཡང་འདའ་བར་མི་བགྱིད་དོ་སྙམ་པས་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། བཛྲ་ས་མ་ཡ་ཨི་དནྟེ་ན་ར་ཀན༔ (དེས་བྲོ་བོར་དུ་གཞུག་གོ །) (གཉིས་པ་ཡེ་ཤེས་པ་དབབ་པ་ནི།) དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་ནམ་མཁའི་རྒྱལ་པོ་དགོངས༔ བདག་གི་ལུས་ངག་ཡིད་གསུམ་ལ༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ༔ ད་ལྟ་ཉིད་དུ་དབབ་པར་མཛོད༔ (ལན་གསུམ།) ད་ནི་དབང་གི་གཞི་འམ་རྩ་བར་གྱུར་པ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་(25ན)གནད་སྐྱིལ་ཀྲུང་དྲང་པོར་བསྲོང་། ངག་གནད་རླུང་ཁ་སྦྱོར་དུ་འཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་མཛད་འཚལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་དབུས་སུ་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པྃ་ལས་པདྨ་དཀར་པོ་དང་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་སྐུ་མདོག་གངས་ལ་ཉི་མ་ཤར་བ་ལྟར་དཀར་ལ་འཚེར་ཞིང་ཅུང་ཟད་དམར་བའི་མདངས་ཆགས་པ། ཞལ་བཅུ་གཅིག་གི་རྩ་བའི་ཞལ་གསུམ་དཀར་ལྗང་དམར་བ། དེ་སྟེང་ཞལ་གསུམ་དམར་(25བ)སེར་ལྗང་བ། དེ་སྟེང་ཞལ་གསུམ་ལྗང་དཀར་དམར་བ་སྟེ་ཞི་ཞིང་འཛུམ་པའི་ཉམས་ཅན། དེ་སྟེང་ཁྲོ་ཞལ་དུད་ཀ་རྔམས་ཤིང་བརྗིད་པ། དེའི་རྩེ་མོར་འོད་དཔག་མེད་པ་སྤྲུལ་སྐུའི་ཞལ་དམར་སེར་འཛུམ་མདངས་ཅན་གྱིས་མཚན་པ། རྩ་བའི་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མས་ཤེལ་དཀར་གྱི་ཕྲེང་བ་དང་། གཡོན་གྱི་འོག་མས་པདྨ་དཀར་པོ་འཛིན་པ། ཡན་ལག་གི་ཕྱག་ཉི་ཤུ་ལས། གཡས་ཀྱི་བཅུ་པོས་རིམ་པ་བཞིན། རྒྱ་གྲམ། རྡོ་རྗེ། རིན་པོ་ཆེ། པདྨ་དམར་པོ། རལ་གྲི། འཁོར་ལོ། ཨུཏྤལ་སྔོན་པོ། ཉི་མ། ཟླ་བ། གསེར་གྱི་པདྨའི་ཆུན་པོ་རྣམས་དང་། གཡོན་གྱི་བཅུ་པོས། རལ་གྲི། པོ་ཏི། ཤེལ་ཕྲེང་། སྣ་ཚོགས་རྡོ་རྗེ། དྲིལ་བུ། སྤྱི་བླུགས། བུམ་པ། མཁར་གསིལ། ལྷུང་བཟེད། མཆོད་རྟེན་རྣམས་བསྣམས་པ། ཉིང་ལག་གི་ཕྱག་སྟོང་རྩ་གཉིས་མཆོག་སྤྱིན་གྱི་ཕྱག་རྒྱ་མཛད་པའི་མཐིལ་ན་ཡེ་ཤེས་ཀྱི་སྤྱན་རེ་རེས་མཚན་པ། ཞབས་བཞི་མཉམ་པའི་སྟབས་ཀྱིས་བཞེངས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། (26ན)མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རགས། མགུར་ཆུ། དོ་ཤལ། སེ་མོ་དོ་རྣམས་ཀྱིས་མཛེས་པར་བརྒྱན་ཅིང་། དར་ཟབ་ཁ་དོག་སྣ་ཚོགས་པའི་སྟོད་གཡོགས་དང་སྨད་དཀྲིས་ཅོད་པན་དར་དཔྱང་འཕུར་བ། ཕྱག་ཞབས་རིགས་བཞིའི་སྦྲུལ་གྱིས་དཀྲིས་ཤིང་རི་དྭགས་ཀྱི་ལྤགས་པས་ནུ་མ་གཡོན་པ་བཀབ་པ། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་ཌཱ་མ་རུ་གྲི་གུག་ཁ་ཊྰཾ་དང་། གཡོན་གསུམ་དྲིལ་བུ་ནོར་བུ་ཐོད་ཁྲག་བསྣམས་ཤིང་། དར་དང་རིན་པོ་ཆེ་རུས་པས་བརྒྱན་པ་དང་དགྱེས་པར་འཁྲིལ་བ། གཉིས་ཀའང་མཚན་དཔེ་ཡོངས་སུ་རྫོགས་ཤིང་བདེ་བ་ཆེན་པོ་མཆོག་ཏུ་འབར་བའི་འོད་ཟེར་མཐའ་ཡས་པར་འཕྲོ་བ། སྣང་སྟོང་སྒྲིབ་བྲལ་འོད་ཀྱི་སྐུ་ཅན་དུ་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་མོ་ཨཱ༔ ཡིས་མཚན་པ། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། ཐུགས་ཀའི་ཆ་སྨད་དུ་གཡུང་དྲུང་དམར་(26བ)པོ་གྲ་བཞི་ལ་དགའ་བ་འཁྱིལ་བ་རེ་རེ་དང་འོག་ཏུ་གཡོ་བྱེད་རླུང་གི་ས་བོན་ཡྃ་གིས་མཚན་པ། གཡུང་དྲུང་གི་ལྟེ་བར་ཟླ་བ་ལ་གནས་པའི་ཧྲཱིཿདཀར་པོ་གསལ་ཞིང་འབར་བའི་མཐའ་མར་རྩ་བའི་སྔགས་ཀྱི་ཕྲེང་བས་བསྐོར་བ་དང་བཅས་པ་གསལ་ཐོབ། རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་སློབ་དཔོན་ཉིད་དཀྱིལ་འཁོར་མངའ་བདག་འཕགས་མཆོག་ནམ་མཁའི་རྒྱལ་པོ་དངོས་ཡིན་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པ་ལ་བརྟེན་ནས། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པ་ཁྱེད་རང་རྣམས་ཀྱི་སྙིང་གར་ཕོག་པས་ཡྃ་ལས་རླུང་གཡོས། དེའི་རྐྱེན་གྱིས་གཡུང་དྲུང་ཡིག་འབྲུ་དང་བཅས་པ་གཡས་བསྐོར་དུ་དྲག་ཏུ་འཁོར་བ་ལས་འོད་ཟེར་གྱི་སྣང་བ་དཔག་ཏུ་མེད་པ་འཕྲོས་པས། རང་བཞིན་གྱི་གནས་མཆོག་རི་བོ་པོ་ཏ་ལ་སོགས་ཕྱོགས་བཅུ་དག་པའི་ཞིང་ཁམས་རབ་འབྱམས་རྣམས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་(27ན)ཅད་འཕགས་པ་ནམ་མཁའི་རྒྱལ་པོའི་ལྷ་ཚོགས་ཀྱི་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་པ་འོད་ཟེར་གྱི་ཕུང་པོར་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་བ་སྤུའི་ཁུང་བུ་ནས་ཞུགས། ལུས་ཐམས་ཅད་མེར་ཁྲིག་གང་བས་བདེ་བ་བཟོད་མེད་དུ་འབར་བའི་མོས་པ་མཛོད། (ཅེས་དམིགས་པ་བརྡ་སྤྲད་ལ། ཁྱད་པར་གྱི་སྤོས་གྱིས་བདུག །ཌཱ་དྲིལ་དང་རྐང་གླིང་སོགས་རོལ་མོའི་སྒྲ་དང་སྦྱར་ཏེ།) ཨོཾ་སརྦ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨཱརྱ་ལོ་ཀི་ཤྭ་ར་ག་ག་རཱ་ཛ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཨ་བེ་ཤ་ཡ་ཨ་ཨཱ༔ (ཞེས་དྲག་ཏུ་བཟླ་ཞིང་དབབ། བྱིན་ཕེབས་པ་ན།) དེ་ལྟར་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལ་རོ་གཅིག་ཏུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲཿ (ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །) (གསུམ་པ་མེ་ཏོག་དོར་བ་ནི།) དེ་ནས་རིགས་བརྟག་པར་བྱ་བའི་སླད་དུ། འདི་ན་འཕགས་པ་འཇིག་རྟེན་དབང་ཕྱུག་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞུགས་པ་ཡིན་པས། ངོ་བོ་ཡེ་ཤེས་གཅིག་གི་རོལ་པ་ལ་བཟང་ངན་(27བ)མེད་ཀྱང་། རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་ལ་འབབ་པར་ཤོག་ཅིག་སྙམ་དུ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་ལྟོས་པ་མེད་པར་དོར་མཛོད། ཨེ་མ༔ བླ་མ་འཕགས་པའི་དཀྱིལ་འཁོར་དུ༔ རིན་ཆེན་མེ་ཏོག་འདི་དོར་བས༔ སྔོན་སྦྱངས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་ཕོག་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོཿ (ཞེས་དངོས་སུ་དཀྱིལ་འཁོར་ལ་འདོར་རྒྱུ་ཡིན་ཀྱང་འཇུག་པ་བདེ་བའི་ཕྱག་ལེན་དུ་མཎྜལ་ཚོམ་བུ་ཅན་ནམ་རིགས་ལྔའི་ཕྱག་མཚན་བཀྲམ་པ་དཀྱིལ་འཁོར་དང་རོ་གཅིག་ཏུ་མོས་ནས་དེར་དོར་བ་ཡིན་ཅིང་། དབུས་སུ་བབས་ན་ཀུན་ཏུ་གཟིགས་པ། ཤར་དུ་ཐུགས་མཆོག་དབང་ཕྱུག །ལྷོར་ཡོན་ཏན་སྙིང་པོ། ནུབ་ཏུ་པདྨ་དགྱེས་པ། བྱང་དུ་ཕྲིན་ལས་མཐའ་ཡས་སོགས་དང་། བུད་མེད་ལ་ནམ་མཁར་སྤྱོད་མ་སོགས་རིགས་དང་མཐུན་པའི་གསང་མཚན་སོ་སོར་གདགས་པའམ། སྤྱི་ཙམ་དུ།) དེ་ལྟར་ཁྱེད་རང་རྣམས་ཀྱི་མེ་ཏོག་དབུས་དང་ཕྱོགས་མཚམས་གང་དུ་ཕོག་ཀྱང་ཐམས་ཅད་དཀྱིལ་འཁོར་གྱི་ཁྱབ་བདག་གཙོ་བོའི་ཐུགས་ཀ་ཁོ་ནར་བབས་པ་ཡིན་ཏེ། འཁོར་གྱི་ཚོམ་བུར་སྣང་བ་ཐམས་ཅད་ཀྱང་གཙོ་བོའི་ཐུགས་ཡེ་ཤེས་ཀྱི་རང་མདངས་གང་འདུལ་གྱི་རོལ་པར་འཆར་བ་ཡིན་པའི་ཕྱིར། ཁྱེད་ཅག་(28ན)རྣམས་ཀྱི་ལྷག་མའི་ལྷ་སྐལ་དུ་འཕགས་མཆོག་ནམ་མཁའི་རྒྱལ་པོ་ཉིད་ཟུངས་ལ་ཚུལ་བཞིན་བསྙེན་ཅིང་སྒྲུབ་པར་གྱིས་ཤིག །(ཅེས་བརྗོད།) ལྷ་དང་མི་འབྲལ་ཞིང་རང་རྒྱུད་བྱིན་གྱིས་རློབ་པའི་བརྡར་མེ་ཏོག་དེ་ཉིད་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པའི་མོས་པ་མཛོད། ཧོཿ བུ་ཁྱོད་རིགས་འདུས་ཐུགས་རྗེའི་ལྷ༔ ནམ་མཁའི་རྒྱལ་པོ་དངོས་ཡིན་པས༔ རང་རིགས་བླ་མ་ཅོད་པན་དབང་༔ བསྐུར་བས་འཁོར་ལོའི་བདག་པོར་ཤོག༔ པུཥྤེ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཱཾ༔ (ཞེས་ཅོད་པན་སྤྱི་བོར་བཞག །) (བཞི་པ་མིག་དབྱེ་བ་ནི།) དེ་ནས་མིག་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མར་འཕགས་པ་ཆེ་བའི་མཆོག༔ བདག་ཅག་མ་རིག་མུན་པས་བསྒྲིབས༔ ཐབས་མཁས་ཐུགས་རྗེའི་གསེར་ཐུང་གྱིས༔ མ་རིག་ལིང་ཏོག་བསལ་དུ་གསོལ༔ (ལན་གསུམ།) སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས་པས་ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད། (གསེར་ཐུར་(28བ)ཐོགས་ལ།) ཧོཿ ང་ནི་ཐར་པའི་ལམ་སྟོན་ཏེ༔ ཁྱོད་ཀྱི་མ་རིག་འཐུག་པོའི་མིག༔ ཐབས་ཤེས་རོལ་པའི་ཏིང་འཛིན་གྱིས༔ ཡེ་ཤེས་སྤྱན་དུ་ད་དབྱེའོ༔ ཨོཾ་བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ (ཅེས་མིག་དར་བསལ།) (ལྔ་པ་མཐོང་བ་བསྟན་པ་ནི། རྡོ་རྗེའམ་ཕྱག་ཤིང་གིས་མཚོན་ཏེ།) དེ་ལྟར་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པར་བྱ་བ་ཡིན་ཏེ། ཀྱེ་ཧོཿ སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ ཁྱོད་རྣམས་ལས་སད་འཁྲུལ་པ་ཞིག༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ལུས་ངག་ཡིད་ཀྱིས་དད་གུས་བསྐྱེད༔ བླ་མེད་དངོས་གྲུབ་ཚེ་འདིར་ཐོབ༔ དམ་ཚིག་སྔགས་ལ་བརྩོན་པར་གྱིས༔ (ཞེས་བལྟ་བར་བསྐུལ་ལ།) དེ་ཡང་འདི་ན་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་བཞུགས་པ་དང་། མཚན་མའི་རྟེན་རང་སྣང་དབྱེར་མེད་ཀྱི་དཀྱིལ་འཁོར་དུ་མངོན་པར་གསལ་བ་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། དེ་ཡང་གཉིས་འཛིན་གྱི་རྟོག་པ་སྲེག་པའི་བརྡར་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། དེའི་ནང་དུ་མི་རྟོག་པའི་ཡེ་ཤེས་ལ་ཅིས་ཀྱང་མི་ཤིགས་པའི་བརྡར་(29ན)རྡོ་རྗེའི་ར་བ། རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་བརྡར་དུར་ཁྲོད་ཆེན་པོ་བརྒྱད། འཁོར་བར་གནས་ནས་འགྲོ་དོན་མཛད་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨའི་ཕྲེང་བ། བདེ་བ་ཆེན་པོའི་ཡེ་ཤེས་ལ་སྤྲོས་པའི་ཟུག་རྔུ་མེད་པའི་བརྡར་ཕྱི་ཟླུམ་པོར་འཁོར་བ། རྟེན་འབྲེལ་བཅུ་གཉིས་རྣམ་པར་དག་པའི་བརྡར་འོག་གཞི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ། སངས་རྒྱས་ཀྱི་ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་རང་སྣང་བས་གདུལ་བྱའི་རེ་བ་སྐོང་བའི་བརྡར་གཞལ་ཡས་ཁང་རྒྱུ་རིན་པོ་ཆེ་ལས་གྲུབ་པ། ཆོས་ཉིད་ཀུན་ཏུ་མི་མཉམ་པ་མེད་པའི་བརྡར་གྲུ་བཞི་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་ཡེ་ཤེས་རྣམ་པ་བཞིར་སྣང་བའི་བརྡར་ནང་གི་གཞི་དང་སྒོ་ཁང་རྣམས་ཕྱོགས་མདོག །ཚད་མེད་པ་བཞི་མཚོན་པའི་སྒོ་བཞི། ལམ་སྟེགས་ཀྱི་ཐེག་པ་བརྒྱད་མཚོན་པའི་ཐེམ་སྐས་བརྒྱད། བསྡུ་བའི་དངོས་པོ་བཞི་མཚོན་པའི་རྟ་བབས་བཞི། ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བ་མཚོན་པའི་འཁོར་ལོ་དང་རི་དྭགས། དྲན་པ་ཉེ་བར་བཞག་པ་(29བ)བཞི་མཚོན་པའི་འདོད་སྣམ་དུམ་བུ་བཞི། ཡང་དག་པར་སྤོང་བ་བཞི་མཚོན་པའི་རྟ་བབས་ཀྱི་ཀ་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་མཚོན་པའི་སྒོ་ཁང་བཞི། དབང་པོ་ལྔ་རྣམ་པར་དག་པ་མཚོན་པའི་རྩིག་པ་རིམ་པ་ལྔ། སྟོབས་ལྔ་མཚོན་པའི་ཕ་གུ་བྲེ་ཕུལ་ཤར་བུ་མདའ་ཡབ་ཕྱུར་བུ་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན་མཚོན་པའི་རིན་པོ་ཆེའི་དྲྭ་བ། དྲྭ་ཕྱེད། མེ་ཏོག་ཕྲེང་བ། དར་དཔྱང་། མེ་ལོང་། ཟླ་གཟུགས། རྔ་ཡབ་བཅས། འཕགས་ལམ་བརྒྱད་མཚོན་པའི་ཀ་བ་བརྒྱད། རྣམ་པར་ཐར་པ་བརྒྱད་མཚོན་པའི་ཀ་ཞུ་བརྒྱད། མི་འཇིགས་པ་བཞི་མཚོན་པའི་རྡོ་རྗེའི་གདུང་མ་བཞི། སྟོབས་བཅུ་དང་མ་འདྲེས་པ་བཅོ་བརྒྱད་མཚོན་པའི་ཁྱམས་ཉེར་བརྒྱད། བསམ་གྱིས་མི་ཁྱབ་པའི་ཡོན་ཏན་མཚོན་པའི་དྲལ་ཐོག །སོ་སོ་ཡང་དག་རིག་པ་བཞི་མཚོན་པའི་ཕྱུར་བུའི་ཀ་བ་བཞི། ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་ཀྱི་ཀློང་དུ་འཁྱིལ་བ་མཚོན་པའི་རྩེ་མོའི་ཏོག །ཆོས་ཉིད་རྣམ་པར་དག་པའི་བླ་བྲེ། འགྲོ་བ་སྐྱོབ་པའི་གདུགས། སྙིང་རྗེ་ཆེན་པོའི་བ་དན། བདུད་ལས་རྒྱལ་བའི་རྒྱལ་མཚན། སྟོང་ཉིད་ཀྱི་ཆོས་སྒྲ་(30ན)སྒྲོག་པའི་དྲིལ་བུ་སོགས་མ་འདྲེས་ཤིང་མི་སྒྲིབ་པར་གསལ་བའི་ཕོ་བྲང་གི་ལྟེ་བར་སྙིང་རྗེ་ཆེན་པོའི་དམ་ཚིག་ལས་བྱུང་བ་མཚོན་པའི་པདྨ་འདབ་བཞི་སྙིང་པོ་དང་བཅས་པ། ལྷ་གནས་ཐམས་ཅད་ཀྱི་གནས་སུ་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨའི་གདན་དང་། དེའི་སྟེང་དུ་གཙོ་བོ་ལ་ཐབས་ཤེས་ཟུང་འཇུག་མཚོན་པ་ཉི་ཟླའི་གདན། འཁོར་རྣམས་ལ་ཐབས་མི་འགགས་པ་མཚོན་པའི་བརྡར་ཟླ་བའི་གདན་རེ་རེ་སྟེ། དེ་དག་ནི་རྟེན་གཞལ་ཡས་ཁང་གི་དོན་རྟགས་སོ། །བརྟེན་པ་ལྷའི་དོན་རྟགས་ནི། དཀྱིལ་འཁོར་གྱི་དབུས་སུ། ཆོས་སྐུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་གཟུགས་སྐུ་མི་འགྱུར་བདེ་བ་ཆེན་པོའི་སྣང་བརྙན་དུ་བཞེངས་པ་བཅོམ་ལྡན་འདས་འཕགས་མཆོག་ནམ་མཁའི་རྒྱལ་པོ། ཉོན་མོངས་པའི་དྲི་མས་མ་གོས་པ་མཚོན་པའི་སྐུ་མདོག་དཀར་པོ། དེ་ཡང་སེམས་ཅན་ལ་རྗེས་སུ་ཆགས་པའི་བརྡར་ཅུང་ཟད་དམར་མདངས་གསལ་བ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནས་འགྲོ་དོན་ཕྱོགས་མེད་དུ་མཛད་པའི་བརྡར་ཞལ་བཅུ་གཅིག །ཡེ་ཤེས་བཞི་མཚོན་(30བ)པ་རྩ་བའི་ཕྱག་བཞི། ཟུང་འཇུག་བདེ་ཆེན་གྱི་རང་རྩལ་ཕྲིན་ལས་འདོད་རྒུར་འཇོ་བ་མཚོན་པའི་དང་པོ་གཉིས་ཐལ་སྦྱར་གྱི་བར་དུ་ནོར་བུ་བསྣམས་པ། འོག་མ་གཉིས་ཐུགས་རྗེས་འགྲོ་བ་འདྲེན་པའི་བརྡར་ཤེལ་དཀར་གྱི་ཕྲེང་བ་དང་། འཁོར་བའི་ཆགས་པས་མ་གོས་པའི་བརྡར་པདྨ་དཀར་པོའི་སྡོང་བུ་འཛིན་པ། ཕ་རོལ་ཏུ་ཕྱིན་པ་བཅུ་དང་སྟོབས་བཅུ་མཚོན་པའི་ཡན་ལག་གི་ཕྱག་ཉི་ཤུ། དེ་དག་ཀྱང་སེམས་ཅན་གྱི་རེ་བ་ཐབས་སྣ་ཚོགས་ཀྱིས་སྐོང་བའི་བརྡར་ཕྱག་མཚན་སྣ་ཚོགས་འཛིན་པ། བསྐལ་བཟང་གི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་རྩ་གཉིས་ཀྱིས་ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་མཚོན་པའི་ཉིང་ལག་གི་ཕྱག་སྟོང་དང་རྩ་གཉིས་མཆོག་སྦྱིན་ཕྱག་རྒྱ་མཛད་པ། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཀྱིས་མཛད་པ་བཅུ་གཉིས་མཐར་ཕྱིན་ནས་འགྲོ་བའི་དོན་ལ་དགོངས་པའི་བརྡར་ཕྱག་མཐིལ་དུ་ཞི་བའི་སྤྱན་རེ་རེ། ཚད་མེད་པ་བཞི་མཚོན་པའི་ཞབས་བཞི། སེམས་ཅན་གྱི་དོན་སྐད་ཅིག་ཙམ་ཡང་མི་གཡེལ་བའི་བརྡར་བཞེངས་པ། སྙིང་རྗེའི་རླན་དང་མ་བྲལ་བའི་བརྡར་རི་དྭགས་ཀྱི་པགས་(31ན)པ་ཕྲག་ལ་བཀལ་བ། ཆོས་ཀྱི་ངོ་ཚ་དང་ལྡན་པའི་བརྡར་དར་གྱི་ཤམ་ཐབས་གསོལ་བ། སྙིང་རྗེ་ཆེན་པོས་ཞེ་སྡང་རང་སར་འདུལ་བའི་བརྡར་སྦྲུལ་ཆུན་དཀྲིས་པ། འདོད་ཡོན་མ་སྤངས་ཡེ་ཤེས་ཀྱི་རོལ་པར་རྫོགས་པའི་བརྡར་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། དེའི་པང་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཕྱག་རྒྱའི་སྣང་བརྙན་དུ་ཤར་བ་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ། པདྨའི་རིགས་སུ་སྣང་བའི་བརྡར་སྐུ་མདོག་དམར་གསལ། རྣམ་ཐར་གསུམ་གྱི་བརྡར་དབུ་གསུམ། ཕར་ཕྱིན་དྲུག་གི་བརྡར་ཕྱག་དྲུག་གང་འདུལ་གྱི་ཕྱག་མཚན་འཛིན་པ། བདེ་སྟོང་ཐབས་ཤེས་མི་འབྲལ་བའི་བརྡར་ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བ། ཡབ་ཀྱི་ཐུགས་ཀར་ཞེ་སྡང་དབྱིངས་སུ་སྒྲོལ་བ་ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ་རྟ་མགྲིན། ཕྱི་རོལ་པདྨའི་འདབ་མ་རྣམས་ལ་རིམ་བཞིན་མདངས་སྤྲུལ་པའི་སྒྱུ་འཕྲུལ་གང་འདུལ་དུ་རོལ་པ་སྲས་དང་སྲས་མོ། འགྲོ་རྣམས་འཇིགས་པ་བརྒྱད་སོགས་ལས་སྐྱོབ་ཅིང་འཆི་མེད་ཀྱི་མཆོག་སྩོལ་བའི་སྒྲོལ་མ་ལྗང་དཀར། ཕུང་པོ་ལྔ་དང་(31བ)འབྱུང་བ་ལྔ་གནས་སུ་དག་པ་འཇིག་རྟེན་དབང་ཕྱུག་རིགས་ལྔ་ཡབ་ཡུམ། རྣམ་པར་ཤེས་པའི་ཚོགས་བརྒྱད་དང་ཡུལ་བརྒྱད་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། དུག་ལྔ་སེར་སྣ་དང་དྲུག་གནས་སུ་དག་པ་འགྲོ་འདུལ་ཐུབ་པ་དྲུག །རྟག་ཆད་མུ་བཞི་གནས་སུ་དག་པ་སྒོ་སྐྱོང་ཁྲོ་བོའི་བཞི། ཕྱིའི་ཁོར་ཡུག་ལ་འཁོར་བའི་ཆོས་ཐམས་ཅད་ཀྱང་བདག་ཉིད་ཆེན་པོར་རང་སྣང་བའི་བརྡར་ལྷ་དང་རིག་འཛིན་མཁའ་འགྲོ་ཆོས་སྐྱོང་བཀའ་ཉན་ཕོ་ཉའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །དེ་ལྟ་བུའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཀྱང་རང་སེམས་ལས་གུད་ན་ཡོད་པ་མ་ཡིན་ཏེ། དོན་དམ་པར་རང་ལ་གདོད་ནས་བཞུགས་པའི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཉིད་ད་རེས་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་ཏེ་མངོན་སུམ་དུ་མཇལ་བར་གྱུར་སྙམ་དུ་མོས་པ་དང་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་མཛོད། (ཅེས་དཀྱིལ་འཁོར་བསྟན་ཅིང་ངོ་སྤྲད་ནས།) དེ་དག་གིས་ནི་ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ། དེ་ལྟར་ཞུགས་(32ན)པའི་ཕན་ཡོན་ཀྱང་། མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་མངོན་དུ་མཐོང་བ་ཡི། །བསོད་ནམས་རྟག་པ་གང་ཡིན་པ། །ཕྱིས་བྱས་པ་ཡང་དེ་བཞིན་ནོ། །ཞེས་གསུངས་པས་སྔོན་འོག་མིན་དུ་མཐར་ལམ་པ་ཞུགས་པ་དང་སྐལ་པ་མཉམ་པ་ཡིན་ནོ། །(ཞེས་བརྗོད།) (གཉིས་པ་ཞུགས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་གསུམ། སྨིན་བྱེད་རྩ་བའི་དབང་བཞི། ཡན་ལག་ཕྲིན་ལས་ཀྱི་དབང་གསུམ། མཐའ་རྟེན་མངའ་གསོལ་བའོ། །སྔ་མ་བུམ་གསང་ཤེར་ཡེ་ཚིག་དབང་བཞི་ལས། དང་པོ་བུམ་པའི་དབང་ལའང་གཉིས། ཕྱི་ཕན་པའི་དབང་དང་། ནང་ནུས་པའི་དབང་ངོ་། །) (དང་པོ་ནི།) ཞུགས་ནས་མངོན་པར་དབང་བསྐུར་བ་ལ། སྤྱིར་དབང་གི་ངོ་བོ་ནི། ཐོབ་བྱའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ལས་ཀྱི་བདག་ཉིད་ཅན་ཡིན་ལ། ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བ་ཞེས་བྱ་བ། དངོས་སུ་ལུས་ངག་ཡིད་གསུམ་གྱི་དྲི་མ་འཁྲུད་པ་དང་། བརྒྱུད་ནས་སྐལ་པ་འཇོག་པ་འཇུག་སྟེ། ཧེ་རུ་ཀ་འདུས་པའི་རྒྱུད་ལས། རྒྱུད་དག་ནུས་པ་ཐོར་ཕྱིར་དབང་། ཞེས་གསུངས། དབྱེ་ན་སྒྱུ་(32བ)འཕྲུལ་གསང་བ་སྙིང་པོའི་རྒྱུད་ཕྱི་མ་ལས། །སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་པས་དབང་བཞིར་འགྱུར་ཞིང་། དེའི་རྒྱུ་མཚན་ཀྱང་དབང་བཞི་བསྐུར་བའི་ནུས་པས། སྦྱང་བྱ་ལུས་ངག་ཡིད་གསུམ་ཆ་མཉམ་དང་བཅས་པའི་དྲི་མ་བཞི་ཡོད་པ། དེ་སྦྱོང་བྱེད་ལམ་བསྐྱེད་པའི་རིམ་པ་དང་། གཏུམ་མོ་དང་། ཕོ་ཉའི་ལམ་དང་། དེ་ཁོ་ན་ཉིད་རྫོགས་པ་ཆེན་པོ་དང་བཞིས་སྦྱངས་པས། སྦྱངས་འབྲས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་སྐུ་བཞི་མངོན་དུ་བྱེད་པས་ན་དབང་བཞིར་ངེས་པའི་ཕྱིར། འདིར་ནི་དགོས་པ་དེ་ལྡན་གྱི་དབང་བཞི་མཐའ་རྟེན་དང་བཅས་པ་རིམ་པར་འབྱུང་བ་ལས། ཐོག་མར་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སྤྲོས་བཅས་བུམ་པའི་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེ་ལའང་ཕན་དབང་ངམ་སློབ་མའི་དབང་དང་། ནུས་དབང་ངམ་སློབ་དཔོན་གྱི་དབང་གཉིས་སུ་ཡོད་པ་ལས། དང་པོ་གདུལ་བྱ་དད་པ་ཅན་རྗེས་སུ་བཟུང་བར་བྱ་བའི་ཕྱིར་ཕན་པའི་དབང་རིམ་པའི་དབང་ལྔ་བསྐུར་བ་ལ། བླ་མ་སྐུ་རྡོ་རྗེ་བདག་ཉིད་ཅན་དུ་བཞུགས་པ་ལ་བུམ་པའི་ (33ན)དབང་བསྐུར་བ་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་འཕགས་མཆོག་ནམ་མཁའི་རྒྱལ༔ དུས་གསུམ་སངས་རྒྱས་ཀུན་གྱི་དངོས༔ ཐར་པའི་ལམ་སྟོན་རིན་པོ་ཆེ༔ སྨིན་གྲོལ་དབང་གི་དངོས་གྲུབ་སྩོལ༔ (ལན་གསུམ།) དེ་ལྟར་གསོལ་བ་གདབ་པ་སྔོན་དུ་འགྲོ་བས་དངོས་གཞིའི་སླད་དུ་དམིགས་པའི་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་སྒོའི་ཁྱམས་སུ་དབང་སྟེགས་པདྨ་དང་ཉི་ཟླའི་གདན་ལ་འཕགས་པ་ནམ་མཁའི་རྒྱལ་པོའི་སྐུའི་རྣམ་པས་འཁོད་པར་མོས་ཤིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཐད་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་རྣམས་ཀྱི་རྣམ་པར་མདུན་གྱི་ནམ་མཁའི་གནས་སུ་སྤྲིན་ཕུང་གཏིབས་པ་བཞིན་དུ་སད་ནས་བཞུགས་པ་ལ་སློབ་དཔོན་གྱིས་མཆོད་ཅིང་གསོལ་བ་བཏབ་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པུཥྤེ་པྲ་(33བ)ཏཱིཙྪ་སྭཱཧཱ། (ཞེས་སོགས་ནས།) ཤཔྡའི་(བར་གྱིས་མཆོད།) རྡོ་རྗེ་ཅན་གྱིས་སངས་རྒྱས་ལ༔ འགྲོ་བ་སྐྱོབ་པའི་ཆེད་དུ་དབང་༔ ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ༔ དེ་ལྟར་འདི་ལའང་སྩལ་དུ་གསོལ༔ ཅེས་གསོལ་བ་བཏབ་པས། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། རིག་པའི་ལྷ་མོ་རྣམས་ཀྱིས་མི་བསྐྱོད་ནམ་མཁའི་རྒྱལ་པོའི་རང་བཞིན་ཅན་གྱི་བུམ་པའི་ཆུས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། (རྣམ་བུམ་སྤྱི་བོར་བཞག་ལ།) རྡོ་རྗེ་མི་བསྐྱོད་ཆུ་ཡི་དབང་༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་ཐུགས་ནི་རབ་བསྒྲུབ་ཕྱིར༔ ཆུ་ཡི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་ཆུ་སྤྱི་བོར་གཏིགས། དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པའི་ངོ་བོར་གནས་གྱུར། མེ་ལོང་ལྟ་(34ན)བུའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །(ཞེས་རྟོགས་པ་བསྐྱེད།) ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རིན་འབྱུང་ནམ་མཁའི་རྒྱལ་པོའི་རང་བཞིན་ཅན་གྱི་དབུ་རྒྱན་དར་དཔྱངས་དང་ལྡན་པས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། (དབུ་རྒྱན་ཅོད་པན་ཐོགས་ལ།)རིན་ཆེན་འབྱུང་ལྡན་ཅོད་པན་དབང་༔ དེ་རིང་ཁྱོད་ལ་བསྐུར་བའི་བྱ༔ སངས་རྒྱས་ཡོན་ཏན་རབ་བསྒྲུབ་ཕྱིར༔ ཅོད་པན་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷིཥིཉྩ་ཏྲཱྃ༔ (ཞེས་མགོ་བོར་བཅིང་།) དེ་ལྟར་དབུ་རྒྱན་ཅོད་པན་གྱིས་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །(ཞེས་རྟོགས་པ་བསྐྱེད།) ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྣང་མཐའ་ནམ་མཁའི་རྒྱལ་པོའི་རང་བཞིན་ཅན་གྱི་རྡོ་རྗེས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། (རྡོ་རྗེ་ཐོགས་ལ།) སྣང་བ་མཐའ་ཡས་རྡོ་རྗེའི་དབང་༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་གསུང་ནི་རབ་བསྒྲུབ་ཕྱིར༔ རྡོ་རྗེའི་དབང་འདི་ཁྱོད་(34བ)ཀྱིས་ལོངས༔ ཨོཾ་མ་ཧཱ་བཛྲ་ཨ་བྷི་ཥིཉྩ་ཧྲཱིཿ (ཞེས་ལག་གཡས་སུ་གཏད་ཅིང་སྙིང་གར་གསོར་དུ་གཞུག) ། དེ་ལྟར་རྡོ་རྗེས་དབང་བསྐུར་བས་ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་ཀྱི་ངོ་བོར་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །(ཞེས་རྟོགས་པ་བསྐྱེད།) ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་གྲུབ་ནམ་མཁའི་རྒྱལ་པོའི་རང་བཞིན་ཅན་གྱི་དྲིལ་བུས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། (དྲིལ་བུ་ཐོགས་ལ།) དོན་ཡོད་གྲུབ་པ་དྲིལ་བུའི་དབང་༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་ཕྲིན་ལས་རབ་བསྒྲུབ་ཕྱིར༔ དྲིལ་བུའི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་མ་ཧཱ་གྷཎྜེ་ཨ་བྷི་ཥིཉྩ་ཨཱ༔ (ཞེས་ལག་གཡོན་དུ་གཏད་དེ་གསིལ་ཞིང་དཀུར་བརྟེན་དུ་གཞུག །)དེ་ལྟར་དྲིལ་བུས་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པའི་ངོ་བོར་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །(ཞེས་རྟོགས་པ་བསྐྱེད།) ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣམ་སྣང་ནམ་མཁའི་རྒྱལ་པོའི་རང་བཞིན་གྱི་མིང་གིས་མངོན་(35ན)པར་དབང་བསྐུར་བའི་མོས་པ་མཛོད། (རྡོ་དྲིལ་ལྷན་ཅིག་ཏུ་བཟུང་བ་སྤྱི་བོར་དཀྲོལ་ལ།) རྣམ་པར་སྣང་མཛད་མིང་གི་དབང་༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་སྐུ་ནི་རབ་བསྒྲུབ་ཕྱིར༔ མིང་གི་དབང་འདི་ཁྱོད་ཀྱིས་ཡོངས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ ཀྱེ་དཔལ་ཀུན་ཏུ་གཟིགས་པ་ནམ་མཁའི་རྒྱལ་པོ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །(ཞེས་དང་སྤྲོ་ན་སློབ་མ་རྣམས་རང་རང་གི་གསང་མིང་ནས་བརྗོད་དོ། །)དེ་ལྟར་མིང་གིས་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ཀྱི་ངོ་བོར་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ལྟར་དབང་ལྔ་པོ་ཐོབ་པས་ནི་སྤང་བྱ་མ་རིག་པ་ལྔ་སྤངས་ནས་ཐོབ་བྱ་རིག་པའི་ཡེ་ཤེས་ལྔའི་ནུས་པ་འཇོག་པར་བྱེད་པས་རིག་པའི་དབང་ངམ། རིགས་ལྔ་སོ་སོ་དང་འབྲེལ་བའི་ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་རྣམས་མཉན་དུ་རུང་བ་ཙམ་ལས་ད་ལྟ་ཉིད་ནས་རང་གཞན་གྱི་དོན་གཉིས་སྒྲུབ་པའི་ནུས་པ་སོ་སོར་བཞག་ཏུ་མེད་པས་ཕྱི་ཕན་པའི་དབང་ངམ་རྡོ་རྗེ་སློབ་མའི་དབང་ཞེས་གྲགས་པ་ཡིན་ནོ། །(35བ)དེ་ནས་གདུལ་བྱ་བརྩོན་འགྲུས་ཅན་རྗེས་སུ་འཛིན་པར་བྱེད་པ་ནང་ནས་པའི་དབང་ལ། རྡོ་རྗེ་སློབ་དཔོན་གྱི་དབང་དང་། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་སྦྱིན་པ་དང་གཉིས་ལས། དང་པོ་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་རྡོ་རྗེ་སློབ་དཔོན་མཆོག་ཏུ་མངའ་གསོལ་བའི་ཕྱིར་དཀྱིལ་འཁོར་གྱི་ཤར་ཁྱམས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་གནས་པའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕུབ་ཅིང་མཐའ་སྐོར་དུ་མཆོད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར་པ་ལས། རིགས་ཐམས་ཅད་འདུས་པའི་སྤྱི་གཟུགས་འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྐུར་གྱུར་པ་ལ་ཐབས་བདེ་བ་ཆེན་པོའི་ངོ་བོ་རྡོ་རྗེ་ལག་གཡས་དང་། ཤེས་རབ་སྟོང་པ་ཉིད་ཀྱི་ངོ་བོ་དྲིལ་བུ་ལག་གཡོན་དུ་གཏད་པ་སྙིང་གར་བསྣོལ་ཏེ་འཁྱུད་རྒྱ་བྱས་པས་ཁྱེད་རང་རྣམས་རིགས་འདུས་ནམ་མཁའི་རྒྱལ་པོར་གསལ་བའི་པང་དུ་རང་སྣང་ཡེ་ཤེས་ཀྱི་ཕྱག་རྒྱ་གསང་ཡེ་ལོ་བཅུ་དྲུག་ལོན་པ་ལྟ་བུ་རེ་རེས་ཡང་དག་པར་འཁྱུད་པས་ཐུགས་རྒྱུད་བདེ་བ་ཆེན་(36ན)པོས་ཡོངས་སུ་ཁྱབ་པར་གྱུར་པའི་མོས་པ་མཛོད། (གདུགས་དབུབ་པ་སོགས་བྱ་ཞིང་ལག་ཏུ་རྡོ་དྲིལ་གཏད་ལ།) ཐབས་ཀྱི་རྡོ་རྗེ་ཤེས་རབ་དྲིལ༔ འཛིན་དང་བཅས་པས་སྙེམས་མར་སྦྱོར༔ བདེ་སྟོང་གཉིས་སུ་མེད་པར་ནི༔ བརྟུལ་ཞུགས་རྡོ་རྗེ་སློབ་དཔོན་ཆེའི༔ གོ་འཕང་ཉིད་དུ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཱ་ཙརྻ་ཏིཥྛ་ན་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་བསྐུར།) དེ་ལྟར་རྡོ་རྗེ་ཐུགས་ཀྱི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག །ཕྱག་རྒྱ་སྐུ་ཡི་དམ་ཚིག་གསུམ་པོ་ལེགས་པར་སྦྱིན་པས་ཕྱི་ནང་གི་རྡོ་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་ཀྱིས་རྒྱུད་གང་བས་དོན་གཉིས་སྒྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དེ་ཉིད་ལ་རྐང་འོག་ཏུ་འཁོར་ལོ། ལག་ཏུ་དུང་དང་གླེགས་བམ་གཏད་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་བྱེད་ལས་གཞན་དོན་འཆད་ཕྲིན་གྱི་གནང་བ་སྩལ་བར་གྱུར་སྙམ་པའི་མོས་པ་མཛོད། (ཆས་རྣམས་གཏད་ལ།) ཇི་སྲིད་ནམ་མཁའ་དེ་སྲིད་དུ༔ སྐལ་ལྡན་གདུལ་བྱ་རྣམ་མང་པོར༔ ཆོས་སྟོན་ཆོས་ཀྱི་རྒྱལ་མཚན་ཟུངས༔ ཐེག་མཆོག་ལམ་དུ་དབུགས་དབྱུངས་ཤིག༔ (36བ)(ཅེས་གདམས།) དེས་ནི་སློབ་མ་རྗེས་སུ་འཛིན་པའི་ཕྲིན་ལས་ལ་དབང་འབྱོར་བར་བྱས་པ་ཡིན་ནོ། །དེ་ཉིད་བརྟན་པར་བྱ་བའི་སླད་དུ་སངས་རྒྱས་ཀུན་གྱིས་རྡོ་རྗེ་མི་ཤིགས་པའི་བདག་ཉིད་ཅན་རྣམ་རྒྱལ་བུམ་པའི་ཆུ་རྒྱུན་གྱིས་རྒྱལ་ཐབས་སྤྱི་བླུགས་སུ་དབང་བསྐུར་བའི་མོས་པ་མཛོད། (རྣམ་བུམ་ཐོགས་ལ།) ཧཱུྃ་ཧྲཱིཿ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང་༔ འཕགས་མཆོག་ནམ་མཁའི་རྒྱལ་པོའི་ལྷ་ཚོགས་བཞུགས༔ སྐྱེ་འགག་གཉིས་མེད་བརྗོད་བྲལ་ཏིང་འཛིན་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག༔ ཨོཾ་ཨཱ༔ ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་མ་ཧཱ་གུ་རུ་ཨཱརྱ་ལོ་ཀི་ཤྭ་ར་ག་ག་རཱ་ཛ་ཛྙྭ་ན་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན།) དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་སྐུ་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན། ནམ་མཁར་བཞུགས་པའི་དབང་ལྷ་ཐམས་ཅད་ཀྱང་ཐིམ་པར་གྱུར་པ་ལ། དཀྱིལ་འཁོར་གྱི་ལྷ་དང་སློབ་དཔོན་ལྷན་ཅིག་པས་ཤིས་བརྗོད་མེ་ཏོག་གི་ཆར་དབབ་པས་རབ་ཏུ་གནས་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་(37ན)སྭཱཧཱ། (ཞེས་མེ་ཏོག་འཐོར།) དེ་ལྟར་ཁྱེད་རང་རྣམས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་བྱིན་གྱིས་བརླབས་པ་ལ་མངའ་དབུལ་བའི་སླད་དུ་མཆོད་པར་གྱུར་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱཧཱ། (ཞེས་སོགས་ནས།) ཤཔྡའི་(བར་བྱ།) དེ་དག་གིས་རིགས་དྲུག་དང་འབྲེལ་བའི་ཕྱི་དཀྱིལ་ཉན་བསྒོམ་འཆད་པ་དང་ལས་ཚོགས་སྒྲུབ་པ་སོགས་ལ་དབང་བར་བྱས་པ་ཡིན་ནོ། དེ་ནས་རྗེས་འབྲེལ་དུ་ནང་ལུས་དཀྱིལ་གྱི་བསྐྱེད་རིམ་ལ་དབང་བའི་སླད་དུ་སྐུ་གསུང་ཐུགས་ཀྱི་དབང་སྦྱིན་པ་ལས། དང་པོ་ལུས་ཐ་མལ་གྱི་ཞེན་རྟོག་སྦྱོང་བ་སྐུའི་དབང་བསྐུར་བའི་སླད་དུ། ཁྱེད་རང་རྣམས་འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྐུར་བསྒོམས་པའི་ཐུགས་ཀར་གཞལ་ཡས་ལྷའི་གདན་དང་བཅས་པ་གསལ་བར་གྱུར་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པར་སྤྲོས་ཏེ་སྤྱི་བོ་ནས་སོ་སོའི་གནས་སུ་བཞུགས་པའི་མོས་པ་མཛོད། (ལྷ་ཙཀ་རྣམས་ལས། ཐོག་མར་ཕྱི་སྒྲུབ་འགྲོ་འདུལ་ཕྱག་བཞི་པའི་སྐུ་ཐོགས་ལ།) ཧཱུྃ་ཧྲཱིཿ སྐྱོན་གྱིས་མ་གོས་སྐུ་མདོག་དཀར༔ (37བ)མཚན་དཔེས་རབ་བརྒྱན་ཞི་འཛུམ་ལྡན༔ མགོན་མཆོག་ཐུགས་རྗེ་ཆེན་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨཱརྱ་ལོ་ཀི་ཤྭ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ནང་སྒྲུབ་པདྨ་རྒྱལ་པོའི་སྐུ་ཐོགས་ལ། ཧཱུྃ་ཧྲཱིཿ ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་༔ སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་༔ གང་འདུལ་དོན་མཛད་འཕགས་པ་ནམ་མཁའི་རྒྱལ༔ གསང་བ་ཡེ་ཤེས་ཡུམ་དང་གཉིས་མེད་འཁྲིལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ (ཡིག་བཅུ་དང་།) ཨཱརྱ་ལོ་ཀི་ཤྭ་ར་ག་ག་རཱ་ཛ་གུ་ཧྱ་ན་དྷཱ་ཀི་ནཱི་ཀཱ་ཡ༴ ། ཡང་གསང་བཅུ་གཅིག་ཞལ་གྱི་སྐུ་ཐོགས་ལ། ཧཱུྃ་ཧྲཱིཿ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ༔ འགྲོ་དྲུག་འདྲེན་ཕྱིར་འཕགས་མཆོག་སྤྱན་རས་གཟིགས༔ ནམ་མཁའི་ལྟ་བུར་ཁྱབ་པའི་(38ན)བཅུ་གཅིག་ཞལ༔ ཟག་མེད་མཆོག་གསང་ཡུམ་དང་གཉིས་མེད་འཁྲིལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ (ཡིག་བཅུ་དང་།) ཨཱརྱ་ལོ་ཀི་ཤྭ་ར་ག་ག་རཱ་ཛ་གུ་ཧྱ་ཛྙཱ་ན་དྷཱ་ཀི་ནཱི་ཀཱ་ཡ༴ སྲས་ཡུམ་བཞིི་སྐུ་ཐོགས་ལ། ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར་མ༔ སྒྲོལ་མ་སྔོ་ལྗང་འཇིགས་བརྒྱད་མ་ལུས་སྐྱོབས༔ འཆི་མེད་མཆོག་སྩོལ་ཡིད་བཞིན་ཚེ་འཕེལ་མ༔ དགོས་འདོད་རེ་སྐོང་སྲས་མཆོག་ནོར་བུ་འཛིན༔ མཚན་བཟང་སྲས་མོ་གསང་སྔགས་འཛིན་རྣམས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱརྻ་ཏཱ་རེ་ཨཱ་ཡུ་པུཥྚིཾ་པུ་ཏྲ་མ་ཎི་གུ་ཧྱ་མུ་ནི་ཀཱ་ཡ༴ ཐུགས་ཆེན་རིགས་ལྔའི་སྐུ་ཐོགས་ལ། ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་ཀུན་རིགས་ཀྱི་འཁོར་ལོས་སྒྱུར༔ རྣམ་པར་སྣང་མཛད་མི་བསྐྱོད་རིན་ཆེན་འབྱུང་༔ སྣང་བ་མཐའ་ཡས་དོན་ཡོད་གྲུབ་པ་སྟེ༔ ཐུགས་ཆེན་རྒྱལ་བ་རིགས་ལྔ་ཡབ་ཡུམ་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ (ཡིག་བཅུ་དང་།) ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿ ཨཱ༔ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ ཀཱ་ཡ༴ སེམས་དཔའ་བརྒྱད་ཀྱི་སྐུ་ཐོགས་ལ། ཧཱུྃ་ཧྲཱིཿ(38བ)འགྲོ་བའི་དོན་མཛད་བྱང་ཆུབ་སེམས་དཔའི་ཚུལ༔ ས་སྙིང་ནམ་སྙིང་སྤྱན་གཟིགས་རྡོ་རྗེ་འཛིན༔ བྱམས་པ་ཀུན་བཟང་སྒྲིབ་སེལ་འཇམ་དཔལ་ཏེ༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་དབང་བསྐུར་རོ༔ ཀྵིཾ་ཏྲཱཾ་ཧྲཱིཿཛྲིཾ་མེ་ཐླྷི་ཧཱུྃ་མཱུྃ༔ ཀ་ཡ༴ (སེམས་མ་བརྒྱད་ཀྱི་སྐུ་ཐོགས་ལ།) ཧཱུྃ་ཧྲཱིཿ འགྲོ་བའི་དོན་མཛད་བྱང་ཆུབ་སེམས་མའི་ཚུལ༔ ལཱ་སྱ་མཱ་ལྱ་གཱིརྟི་ནི་རྟི་མ༔ པུཥྤེ་དྷུ་པེ་ཨཱ་ལོ་གནྡྷེ་སྟེ༔ རིགས་ཀྱི་སེམས་མ་བརྒྱད་ཀྱིས་དབང་བསྐུར་རོ༔ ཧཱུྃ་ཏྲཱཾ་ཧྲྰི་ཨ་ཛཿཧཱུྃ་ཏྲཱཾ་ཧྲཱི་ཨ་ཛཿཧཱུྃ་བཾ་ཧོཿ ཀཱ་ཡ༴ (ཐུབ་པ་དྲུག་གི་སྐུ་ཐོགས་ལ།) ཧཱུྃ་ཧྲཱིཿ ཆོས་ཀྱི་དབྱིངས་ལ་འཁོར་འདས་དབྱེར་མེད་ཀྱང་༔ མ་རྟོགས་གདུལ་བྱ་འགྲོ་ཀུན་འདུལ་བའི་ཕྱིར༔ བཅོམ་ལྡན་ཐུབ་པ་དྲུག་གིས་དབང་བསྐུར་བས༔ འགྲོ་དྲུག་སྡུག་བསྔལ་ལམ་དྲུག་ཁོག་པར་ཤོག༔ ཀྲེཾ་བྲེཾ་སྲུཾ་ཏྲུཾ་ཀྵཾ་ཡེ༔ ཀཱ་ཡ༴ (སྐབས་འདིར་སྤྲོ་ཞིང་དགོས་པ་ཡོད་ན་སངས་རྒྱས་སྟོང་རྩའི་ལྷ་དབང་ལོགས་སུ་བཀོད་པའི་བཞིན་རྒྱས་པར་བསྐུར་བའམ། བསྡུ་ན་ཕྱག་སྟོང་སྤྱན་སྟོང་ངམ་དུས་གསུམ་སངས་རྒྱས་ཀྱི་སྐུ་ཐོགས་ལ།) ཧཱུྃ་ཧྲཱིཿ ཐོག་མེད་དུས་ནས་བྱང་ཆུབ་ཐུགས་བསྐྱེད་དེ༔ རྒྱུན་ཆད་མེད་པར་འགྲོ་བའི་དོན་མཛད་པ༔ འགྲོ་ཀུན་མ་ལུས་སྐྱོབ་པའི་ཐུགས་རྗེ་ཅན་ (39ན)བསྐལ་བཟང་སངས་རྒྱས་སྟོང་རྩའི་དབང་ཐོབ་ཤོག༔ (ཡིག་བཅུ་དང་།) སརྦ་བུདྡྷ་ཀཱ་ཡ༴ (སྒོ་བ་བཞིའི་སྐུ་ཐོགས་ལ།) ཧཱུྃ་ཧྲཱིཿ ལས་བཞི་སྒྲུབ་མཛད་ཚད་མེད་བཞི་དང་ལྡན༔ མི་གཡོ་སྟོབས་ཆེན་གཤིན་རྗེ་གཤེད་པོདང་༔ དབང་ཆེན་རྟ་མགྲིན་བདུད་རྩི་འཁྱིལ་བ་སྟེ༔ ཁྲོ་རྒྱལ་སྒོ་བ་བཞི་ཡིས་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་བྱེད་ཤོག༔ ཛཿཧཱུྃ་བྃ་ཧོཿ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་རིམ་པར་བསྐུར།) དེའི་རྗེས་འབྲེལ་དུ་ལྷ་བསྒོམ་པའི་ལུང་འབོགས་པར་བྱ་སྟེ། འཕགས་པའི་སྐུ་བརྙན་མེ་ལོང་གི་ནང་དུ་འཆར་བ་འདིས་མཚོན་བྱེད་དུ་བྱས་ནས། དེང་ཕྱིན་ཆད་བསྐྱེད་པའི་རིམ་པ་སྣང་ལ་རང་བཞིན་མ་གྲུབ་མེ་ལོང་གི་གཟུགས་བརྙན་ལྟ་བུ་སྒོམ་པ་དང་མ་བྲལ་བར་མཛོད་ཅིག །(གཙོ་བོའི་སྐུ་མེ་ལོང་དུ་འཆར་བ་བསྟན་ལ།) ཨེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ འཕགས་མཆོག་ནམ་མཁའི་རྒྱལ་པོའི་ལྷ་ཚོགས་ནི༔ རང་རྒྱུད་རྟག་ལྟ་ཐེར་ཟུག་མ་ཡིན་པར༔ སྣང་ལ་རང་བཞིན་མ་གྲུབ་སྟོང་པའི་གཟུགས༔ སྒྱུ་མ་ཆུ་ཟླ་འཇའ་ཚོན་ལྟ་བུར་བསྒོམ༔ སརྦ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ འདི་(39བ)ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ལྷའི་འཁོར་ལོར་དག་པ་ཡིན་ནོ། །དེ་ནས་ངག་ཐ་མལ་གྱི་ཞེན་རྟོག་སྦྱོང་བ་གསུང་གི་དབང་བསྐུར་བའི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གའི་ལྷ་ཚོགས་རྣམས་གསུང་ཡི་གེའི་དཀྱིལ་འཁོར་དུ་གྱུར། དཀྱིལ་འཁོར་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་བ་མགྲིན་པའི་ལམ་ནས་ཞུགས། སྙིང་གའི་ཡི་གེའི་འཁོར་ལོ་ལ་ཐིམ་པའི་མོས་པ་མཛོད། (རིན་པོ་ཆེས་བྲིས་པའི་སྔགས་བྱང་དང་ཕྲེང་བ་ཐོགས་ལ།) ཧཱུྃ་ཧྲཱིཿ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་རྣམས་ལ༔ གསུང་མཆོག་ཡིག་འབྲུ་བཞི་ཡིས་དབང་བསྐུར་བས༔ སྐྱེ་གནས་རྣམ་བཞིའི་སྒྲིབ་པ་སྦྱོང་བ་དང་༔ སྐུ་བཞི་ཡེ་ཤེས་ལྔ་རུ་བྱིན་གྱིས་རློབས༔ གསུང་མཆོག་ཡི་གེ་དྲུག་མས་དབང་བསྐུར་བས༔ མཐའ་ཡས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན༔ མ་དག་རིགས་དྲུག་སྐྱེ་བའི་སྒོ་བཅད་ཅིང་༔ ལུས་ངག་ཡིད་ཀྱིས་སྒྲིབ་པ་སྦྱོང་བ་དང་༔ འཕགས་པའི་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག༔ (ཡིག་བཅུ་དང་།) སརྦ་ཏ་ཐཱ་ག་ཏ་ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་མགྲིན་པར་བཞག །)དེའི་རྗེས་འབྲེལ་དུ་སྔགས་ (40ན)བཟླ་བའི་ལུང་འབོགས་པར་བྱ་སྟེ། (བདུད་རྩི་ལྕེ་ལ་བཞག་ཅིང་།) ཨེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ གྲགས་པ་ཐམས་ཅད་ཡི་གེ་བཅུ་པའི་སྒྲ༔ འཛིན་མེད་བྲག་ཆ་ཆུ་རྒྱུན་ལྟ་བུར་ཟློས༔ བསྙེན་སྒྲུབ་མཐར་སོན་ཡི་དམ་ལྷ་དང་མཇལ༔ (ཕྲེང་བ་གཏད་ལ།) སྔགས་ཕྲེང་སྙིང་གའི་འཁོར་ལོ་ལ་ཐིམ་པའི་དམིགས་པ་དང་སྦྱར་ཏེ་སྙིང་པོའི་གསང་སྔགས་འདི་རྣམས་ཀྱི་རྣམས་ཀྱི་རྗེས་ཟློས་མཛོད། (ཡིག་བཅུ། རྩ་བའི་གཟུངས་སྔགས། སྤྱི་དྲིལ་རྣམས་ལན་གསུམ་རེ་རྗེས་ཟློས་བྱ།) དེང་ཕྱིན་ཆད་འཛིན་མེད་བྲག་ཆ་ལྟ་བུའི་སྔགས་ཀྱིས་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བརྩོན་པར་མཛོད་ཅིག །(ཨ་ལི་ཀ་ལི་དང་རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར།) འདི་ལྟར་འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་གི་འཁོར་ལོར་དག་པ་ཡིན་ནོ། །དེ་ནས་ཡིད་ཐ་མལ་གྱི་ཞེན་རྟོག་སྦྱོང་བ་ཐུགས་ཀྱི་དབང་བསྐུར་བའི་སླད་དུ། ལྷ་སྔགས་ཀྱི་སྣང་ཆ་ཐམས་ཅད་འཛིན་མེད་ཁྱབ་བརྡལ་སྤྲོས་པ་དང་བྲལ་བའི་ངང་ལ་མ་བཅོས་པར་ཞོག་ཅིག །(ཤེལ་རྡོ་སྙིང་གར་བཞག་ལ།) ཧཱུྃ་ཧྲཱིཿ ཆོས་དབྱིངས་སྟོང་གསལ་གཞལ་ཡས་(40བ)ན༔ འགག་མེད་འཛིན་བྲལ་འོད་ཀྱི་སྐུ༔ ཀ་དག་བློ་འདས་ཐུགས་རྗེའི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག་༔ སརྦ་ཏ་ཐཱ་ག་ཏཙིཏྟ་ཨབྷི་ཥིཉྩ་ཧཱུྃ༔ དེའི་དོན་སླར་ཡང་ངོ་སྤྲད་དེ་ཏིང་འཛིན་བསྒོམ་པའི་ལུང་འབོག་པ་ནི། རྡོ་རྗེ་སེམས་དཔའི་མེ་ལོང་གཟུགས་བརྙན་གྱི་ཚོན་རིས་ཅིར་ཡང་སྣང་ལ་རང་བཞིན་མ་གྲུབ་པ་འདིས་མཚོན་པ་ཡིན་ཏེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ ལྟོས་ཤིག་གསལ་སྟོང་ཤེལ་རྡོ་འདི་ལ་ལྟོས༔ ཕྱི་གསལ་ནང་གསལ་འགག་མེད་ཟང་ཐལ་ཀློང་༔ གསལ་སྟོང་ཟུང་འཇུག་འཛིན་ཆགས་ཀུན་བྲལ་བ༔ མ་བཅོས་སྤྲོས་མེད་རང་སེམས་གཉུག་མ་ནི༔ འུབ་ཆུབ་བློ་འདས་ཆེན་པོའི་ངང་ལ་ཞོག༔ དེང་ཕྱིན་ཆད་མཉམ་བཞག་སྤྲོས་བྲལ་ནམ་མཁའ་ལྟ་བུ་དང་། རྗེས་ཐོབ་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་དང་མ་བྲལ་བར་མཛོད་ཅིག །(ཅེས་ངོ་སྤྲད།) འདི་ལྟར་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་རིག་སྟོང་སྤྲོས་བྲལ་བདེ་བ་ཆེན་པོ་ཐུགས་ཀྱི་འཁོར་ལོར་དག་པ་ཡིན་ནོ། །དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་དབང་རྗེས་འབྲེལ་(41ན)དང་བཅས་པ་ཐོབ་པས་ནི་རང་གཞན་གྱི་དོན་ད་ལྟ་ཉིད་ནས་དངོས་སུ་བྱེད་པའི་ནུས་པ་བཞག་པས་ན་བུམ་པའི་དབང་ཞེས་གྲགས་པ་ཡིན་ནོ། །དེ་ལྟ་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །(ཞེས་རྟོགས་པ་བསྐྱེད་དོ། །) (གཉིས་པ་གསང་བའི་དབང་བསྐུར་བ་ནི།) དེ་ནས་གདུལ་བྱ་བརྟུལ་ཞུགས་ཅན་རྗེས་སུ་བཟུང་བར་བྱེད་མ་མཆོག་གི་དབང་གོང་མ་གསུམ་བསྐུར་བ་ལས། ཐོག་མར་བླ་མ་གསུང་རྡོ་རྗེའི་བདག་ཉིད་ཅན་དུ་བཞུགས་པ་ལ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་འཕགས་པའི་བཀའ་དྲིན་གྱིས༔ དེང་བདག་བླ་མེད་བྱ་བ་ཐོབ༔ དེ་ཕྱིར་གསང་བའི་དབང་མཆོག་གིས༔ དད་ལྡན་རྗེས་སུ་བཟུང་དུ་གསོལ༔ (ལན་གསུམ།) སྔོན་ཆད་(41བ)ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཇལ་བ་མཚོན་བྱེད་དུ་སྤྱན་དར་འཆིང་བར་མཛོད། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱཧཱ། (ཞེས་མིག་དར་འཆིང་།) སློབ་དཔོན་འཕགས་མཆོག་ནམ་མཁའི་རྒྱལ་པོ་རང་སྣང་གི་ཡུལ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་རྗེས་སུ་ཆགས་པའི་སྦྱོར་བས་སྙེམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རྟེན་དུ་གྱུར་པ་དྷུ་ཏིའི་ལམ་ནས་བརྒྱུད། འཁོར་ལོ་བཞིར་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བ་ཡུམ་གྱི་པདྨོར་འཁྱིལ་བས་ཉི་ཟླ་གཉིས་འདྲེས་ཀྱི་ཐིག་ལེ་བདུད་རྩི་དྭངས་མའི་རྒྱུན་དེ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། (གསང་རྫས་བདུད་རྩི་རིལ་བུ་ཅན་ཐོགས་ལ།) ཧཱུྃ་ཧྲཱིཿ བྱང་སེམས་དཀར་དམར་ཐབས་དང་ཤེས་རབ་སྟེ༔ བཅུད་མཆོག་བདུད་རྩིའི་རོ་མྱོང་བདེ་བ་སྐྱེད༔ ཡབ་ཡུམ་སྙོམས་འཇུག་བྱང་ཆུབ་སེམས་རྒྱུན་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལུས་ངག་ཡིད་ལ་ཟག་མེད་བདེ་སྐྱེད་ཤོག༔ (ཡིག་བཅུ་དང་།) བོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་སྦྱིན་པ་མྱང་དུ་གཞུག །)མགྲིན་པ་(42ན)ནས་ཐིག་ལེ་འཕེལ་བས་ལུས་ཐམས་ཅད་རྩས་ཁྱབ། རྩ་ཐམས་ཅད་བྱང་ཆུབ་སེམས་ཀྱིས་གང་ཞིང་ཁྱབ། དེ་ཐམས་ཅད་ཀྱང་བདེ་བས་ཁྱབ། དུས་གསུམ་གྱི་རྟོག་པ་འགགས། ཞུ་བདེ་ཁྱད་པར་དུ་བྱས་པས་སེམས་གསལ་སྟོང་གི་ཡེ་ཤེས་ཉམས་སུ་མྱོང་བ་ནི་གསང་བདག་གི་ངོ་བོ་སྟེ། དེ་ཉིད་མཇལ་བའི་བརྡར་སྤྱན་དར་སོལ་ཅིག །(ཅེས་འབྲུ་གསུམ་གྱིས་གདོང་གཡོགས་བསལ།) དེ་ལྟ་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་གཏུམ་མོ་བསྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུའི་བདག་བྱིན་བརླབ་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །(ཞེས་རྟོགས་པ་བསྐྱེད།) (གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི།) དེ་ནས་བླ་མ་ཐུགས་རྡོ་རྗེའི་བདག་ཉིད་ཅན་དུ་བཞུགས་པ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་ཏན་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་འཕགས་(42བ)པའི་བཀའ་དྲིན་གྱིས༔ དེང་བདག་བླ་མེད་བྱ་བ་ཐོབ༔ དེ་ཕྱིར་ཤེས་རབ་ཡེ་ཤེས་དབང་༔ སྨིན་པར་བྱ་ཕྱིར་བསྐུར་དུ་གསོལ༔ (ལན་གསུམ།) སྔོན་ཆད་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་མ་མཇལ་བ་མཚོན་བྱེད་དུ་སྤྱན་དར་འཆིང་བར་མཛོད། ཨོྃ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱཧཱ། (ཞེས་མིག་དར་འཆིང་།) སློབ་དཔོན་གྱིས་མཚན་ཉིད་དང་ལྡན་པའི་རིག་མ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པས་མཛེས་པ་ཞིག་གི་ལག་པ་གཡས་ནས་བཟུང་སྟེ་ཁྱེད་རང་རྣམས་ཀྱི་ལག་གཡོན་དུ་གཏད་པའི་མོས་པ་མཛོད། (མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ཐོགས་ལ།) ཧཱུྃ་ཧྲཱིཿ ཐབས་དང་ཤེས་རབ་གཉིས་མེད་རྟགས་ཀྱི་རྒྱ༔ ཡིད་བཞིན་ལྷ་མོ་བདེ་བའི་གནས་སྟེར་མ༔ ཟུང་འཇུག་ཐབས་མཆོག་ལམ་ལ་རབ་སྦྱོར་ཕྱིར༔ རང་བྱུང་ཟག་མེད་སྤྱོད་ལ་རྟག་ཏུ་བརྩོན༔ ཨོཾ་མ་ཧཱ་པྲཛྙཱ་ཛྙཱ་ན་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་མིཿ (ཞེས་ལྟེ་བའི་ཡིག་འབྲུ་ལས་སྲིན་ལག་གིས་བླངས་པའི་ཐིག་ལེ་སྙིང་གར་བྱུགས།) དེ་ལྟར་གཏད་པའི་རིག་མ་དེས་ཀྱང་དགྱེས་པའི་མདངས་དང་བཅས་ལུས་གོས་དང་བྲལ་བར་བྱས་ཏེ་དྲི་བཟང་པོས་བགོས་པའི་ཆུ་སྐྱེས་རྒྱས་པ་བསྟན་ཅིང་འདི་སྐད་གསུངས་(43ན)པར་མོས་ཤིག །ཨེ་མ་བདག་གི་གསང་བའི་མཁའ༔ བདེ་ཆེན་མཆོག་ནི་ཡང་དག་ལྡན༔ གང་ཞིག་ཚོགས་བརྟེན་བྱེད་པ༔ དེ་ཡི་མདུན་དུ་བདག་གནས་སོ༔ ཐུགས་རྗེ་ཆེན་པོ་དགྱེས་ལ་སོགས༔ བྱ་བ་གསང་བ་ཇི་བཞིན་བྱེད༔ རྣལ་འབྱོར་རྒྱལ་པོ་ཁྱོད་ཉིད་ནི༔ དཀྱིལ་འཁོར་འདིར་ནི་རྟག་ཞུགས་མཛོད༔ བླ་ཆེན་སྲེད་དང་བྲལ་བའི་ངང༔ དགའ་བཞིའི་ཡེ་ཤེས་མཆོག་ལ་རེག༔ བྷཉྩ་མོཀྵ་ཧོ༔ ཞེས་བདེ་བ་བརྟེན་པར་བསྐུལ་ཏེ་པང་དུ་བྱོན་པར་མོས་མཛད། དེ་ནས་ཁྱེད་རང་རྣམས་འཕགས་པ་ནམ་མཁའི་རྒྱལ་པོ་དང་། རིག་མ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མར་གསལ་བ་ལྷའི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ལྟེ་བར་ཧཱུྃ་དང་བུ་གར་ཕཊ་ཀྱིས་མཚན་པ། ཡུམ་གྱི་མཁའ་ཨ་ལས་པདྨ་ཟེའུ་འབྲུར་ཨས་མཚན་པར་བསམ་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པས་རྗེས་ཆགས་ཀྱི་མེས་སྤྱི་བོའི་ཧཾ་ཡིག་(43བ)བཞུ་བའི་བྱང་སེམས་ཀྱི་རྒྱུན་སྤྱི་བོ་ནས་མགྲིན་པར་བབས་པས་དགའ་བ། མགྲིན་པ་ནས་སྙིང་གར་བབས་པས་མཆོག་དགའ། སྙིང་གནས་ལྟེ་བར་བབས་པས་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་གསང་བར་བབས་པས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཏེ་ལུགས་འབྱུང་གི་དགའ་བ་བཞི་ཉམས་སུ་མྱོང་། མཁའ་གསང་གི་རྩེ་མོར་འཛག་མེད་དུ་བཟུང་བ་དེ་ཉིད་སླར་ཡང་སྲོག་རྩོལ་གྱི་སྦྱོར་བས་གྱེན་དུ་དྲངས་པས་འཁོར་ལོ་བཞིར་ལུགས་ལྡོག་གི་དགའ་བ་བཞི་རིམ་པར་ཉམས་སུ་མྱོང་བས། རང་བཞིན་ལྷན་སྐྱེས་འོད་གསལ་རང་རིག་པའི་གཤིས་སུ་ཆོས་ཐམས་ཅད་རོ་གཅིག་པར་མཐོང་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་སྟེ། དེ་ཉིད་མཇལ་བའི་བརྡར་སྤྱན་དར་སོལ་ཅིག །(ཅེས་འབྲུ་གསུམ་གྱིས་གདོང་གཡོགས་བསལ།) དེ་ལྟ་ན་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་བསྒོམ་པ་ལ་དབང་། ཆོས་ཐམས་ཅད་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །(44ན)(ཞེས་རྟོགས་པ་བསྐྱེད།) (བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི།) དེ་ནས་བླ་མ་ཡེ་ཤེས་རྡོ་རྗེའི་བདག་ཉིད་ཅན་དུ་བཞུགས་པ་ལ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས་ཤིན་ཏུ་དད་ཅིང་གུས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་འཕགས་པའི་ཚོགས་དང་བཅས༔ ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས༔ གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ༔ དེ་རིང་རིན་ཆེན་བཞི་པའི་དབང་༔ སློབ་དཔོན་གྱིས་ནི་བསྐུར་དུ་གསོལ༔ (ལན་གསུམ།) ཁྱེད་རང་རྣམས་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དྲང་པོར་སྲོང་། ངག་གནད་རླུང་རྩོལ་མེད་རང་བབས་སུ་བཞག །ཡིད་ཀྱི་གནད་སྔར་འདས་པའི་རྗེས་མི་བཅད། མ་འོངས་པའི་མདུན་མི་བསུ། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་དེ་ལ་ཡང་བཟོ་བཅོས་མེད་པར་ལྷོད་ཀྱིས་ཀློད་ལ་རང་སོར་ཞོག་ཅིག །(ཆོས་དབྱུག་སློབ་མའི་སྙིང་གར་གཏད་ལ།) ཧཱུྃ་ཧྲཱིཿ རང་བྱུང་ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགགས་མེད་སྣ་ཚོགས་འཆར་བ་རིག་པའི་རྩལ༔ དབང་པོ་ཚོགས་(44བ)དྲུག་ཡུལ་བརྒྱད་དབྱིངས་ན་གསལ༔ ཕུང་ལྔ་དུག་ལྔ་སྐུ་ལྔ་ཡེ་ཤེས་ལྔ༔ ཉོན་མོངས་དྲུག་ནི་སྐུ་དྲུག་ཡེ་ཤེས་དྲུག༔ རང་ཤར་རང་གྲོལ་ཆོས་ཉིད་རོལ་པའི་ཀློང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ རང་བྱུང་རིག་པའི་རྩལ་དབང་ཐོབ་པར་ཤོག༔ (ཡིག་བཅུ་དང་།) སརྦ་དྷརྨ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འདི་ལྟར་ཆོས་དབྱུག་གི་བརྡས་མཚོན་ཏེ། ཆོས་ཉིད་བྱང་ཆུབ་སེམས་དྲི་མ་མེད་པའི་རྟགས་སུ་ཁ་དོག་དཀར་པོ། མ་བཅོས་རང་བྱུང་གི་རྟགས་སུ་གཅིག་པུར་སྐྱེས་པ། སྐུ་གསུམ་རང་ལ་ཤར་བའི་རྟགས་སུ་ཚིགས་པ་གསུམ་དང་ལྡན་པ་སྟེ། དཔེ་ཇི་ལྟར་བར་རང་གི་རིག་པ་གདོད་མ་རྣམ་པར་དག་ཅིང་འཕོ་འགྱུར་མེད་པ། སུས་ཀྱང་མ་བྱས་ཤིང་རང་བྱུང་བ། སྐུ་གསུམ་ཡེ་ཤེས་ལྔ་སོགས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རང་ཆས་སུ་རྫོགས་པ་ཡིན་པས། དོན་ཉོན་མོངས་པ་སྤང་དུ་མེད། ཡེ་ཤེས་བསྒྲུབ་ཏུ་མེད། རང་བྱུང་རང་ཤར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དབྱིངས་སུ་གྲོལ་བ་ཞེས་བྱ་བ་ཡིན་ནོ། །(སླར་ཡང་རྡོ་རྗེ་སེམས་དཔའི་མེ་ལོང་སྤྱི་བོར་བཞག་ལ།) བུ་ཀྱེ་ལྟོས་ཤིག་ལྟོས་ཤིག་(45ན)དབྱིངས་ལ་ལྟོས༔ བདག་ཏུ་འཛིན་པའི་ཁུང་སྦུབས་ན༔ མངོན་སུམ་ཆོས་ཀྱི་སྐུར་སྣང་བ༔ མ་ཡེངས་མདུང་ཚུགས་དེ་ལ་གཏོད༔ སྣང་ལ་རང་བཞིན་མ་གྲུབ་སྟེ༔ ངོ་བོ་སྨྲ་བརྗོད་མཐའ་དང་བྲལ༔ རང་བཞིན་སྒྲིབ་གཡོགས་བྲལ་བར་སྣང་༔ ཐུགས་རྗེས་ཀུན་ཁྱབ་ལུ་གུ་རྒྱུད༔ འདི་ནི་གདོད་ནས་ཉིད་ལ་བཞུགས༔ གཞན་ནས་མ་བྱུང་གཞིར་བཞག་ཉིད༔ འདི་མཐོང་དོན་ཆེན་སྐལ་བཟང་མཆོག༔ བུ་ཁྱོད་དེང་ནས་འབྲས་བུ་བརྙེས༔ ཐུགས་རྗེའི་རྩལ་རྫོགས་དབང་ཆེན་ཐོབ༔ རྩོལ་བྲལ་སྒྲིབ་མེད་ཡེ་སངས་རྒྱས༔ དཔེར་ན་ཤེལ་དང་མེ་ལོང་བཞིན༔ ཕན་ཚུན་མངོན་སྣང་རང་བཞིན་བྲལ༔ ཆོས་ཀུན་རོལ་པའི་ཆོ་འཕྲུལ་ཏེ༔ དེ་དོན་སེམས་ཀྱི་ཁུང་བུར་འཆང་༔ དུས་གསུམ་རྒྱལ་བའི་དབང་ལུང་རྫོགས༔ (ཞེས་དང་།) དེ་ལྟར་སེམས་ཉིད་གཉུག་མའི་གཤིས་གང་དུའང་མ་གྲུབ་པའི་རང་སར་རང་རིག་སེམས་བྱུང་གི་སྤྲོས་པ་ཐམས་ཅད་དང་བྲལ་བས་རྣམ་པར་མི་རྟོག་པ། མདངས་བདེ་བ་ཆེན་པོའི་རོལ་པ་མ་འགགས་པ། རྩལ་ཅིར་ཡང་འཆར་བ། དྭངས་(45བ)གསལ་མི་གཡོ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་ནི་ཀ་དག་རང་བྱུང་གི་ཡེ་ཤེས་ཏེ་དབང་བཞི་པའི་ངོ་བོ་ཉིད་ཡིན་ནོ། །(ཞེས་ངོ་སྤྲད།) དེ་ལྟ་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ཕྲ་བའི་སྒོ་གསུམ་སྣང་གསུམ་གྱི་དྲི་མ་དག །ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །(ཞེས་རྟོགས་པ་བསྐྱེད་དོ། །) (གཉིས་པ་ཡན་ལག་ཕྲིན་ལས་ཀྱི་དབང་ལ་གསུམ་ལས། དང་པོ་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་ནི།) དེ་རྣམས་ཀྱིས་སྨིན་བྱེད་རྩ་བའི་དབང་བཞི་ཡོངས་རྫོགས་པ་གྲུབ་ནས། དེའི་རྗེས་འབྲེལ་ཡན་ལག་ཕྲིན་ལས་ཀྱི་དབང་རྣམས་བསྐུར་བ་ལ། ཐོག་མར་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་འཕགས་མཆོག་ནམ་མཁའི་རྒྱལ༔ མོས་ལྡན་བུ་ལ་(46ན)བརྩེ་བས་དགོངས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རང་བྱུང་དབང་དང་དངོས་གྲུབ་སྩོལ༔ (ལན་གསུམ།) གཏོར་སྣོད་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་མེད་ཁང་ཆེན་པོར་གཏོར་མ་འཕགས་མཆོག་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་བཞུགས་པའི་གནས་གསུམ་ནས་སྐུ་གསུང་ཐུགས་རྡོ་རྗེའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་བདུད་རྩིའི་རང་བཞིན་ཅན་གྱི་འོད་ཟེར་འཕྲོ་བཞིན་པར་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ལྷག་མེད་དུ་སྦྱངས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་དངོས་གྲུབ་མ་ལུས་པ་ཆིག་རྫོགས་སུ་ཐོབ་པར་གྱུར་པའི་མོས་པ་མཛོད། (སྤོས་དང་རོལ་མོས་སྣ་དྲངས་ཏེ་གཏོར་མ་ཐོགས་ལ།) ཧཱུྃ་ཧྲཱིཿ གཏོར་སྣོད་བྷནྡྷ་ཆོས་དབྱིངས་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཡེ་ཤེས་ལྔ་དང་ལྡན༔ འཕགས་པའི་ལྷ་ཚོགས་(46བ)སྐུ་དང་གཉིས་སུ་མེད༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་རྫོགས་ཤོག༔ སྐུ་ཡི་བྱིན་རླབས་ལུས་ལ་སྩལ་དུ་གསོལ༔ ཟག་བཅས་གནས་འགྱུར་ལྷ་སྐུར་བསྐྱེད་དུ་གསོལ༔ གསུང་གི་བྱིན་རླབས་ངག་ལ་བསྟིམ་དུ་གསོལ༔ ཐ་མལ་སྒྲ་ཚིག་སྔགས་སུ་སྦྱང་དུ་གསོལ༔ ཐུགས་ཀྱི་བྱིན་རླབས་སེམས་ལ་བསྐྲུན་དུ་གསོལ༔ རྟོགས་པའི་ཡེ་ཤེས་ནང་ནས་སྤར་དུ་གསོལ༔ ཡོན་ཏན་ཕྲིན་ལས་རབ་འབྱམས་ཡོངས་རྫོགས་བྱིན༔ སློབ་མའི་ལུས་ངག་ཡིད་གསུམ་བརླབས་ནས་ཀྱང་༔ འགྲོ་དོན་ཕྲིན་ལས་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་ཨཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་མ་ཧཱ་བ་ལིཾ་ཏ་ཨ་བྷི་ཥིཉྩ་བྷྲཱུྃ༔ (ཞེས་གཏོར་མ་གནས་བཞིར་བཞག །)མཐར་གཏོར་མའི་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ། གཏོར་ཟན་ཟག་མེད་ཀྱི་བདུད་རྩིར་འཁྱིལ་བ་མགྲིན་པར་མྱང་བས་དངོས་གྲུབ་རྣམ་གཉིས་སྟན་ཐོག་དེ་ཉིད་དུ་ཐོབ་པར་མོས་ཤིག །ཅེས་གཏོར་མའི་ཆ་ཤས་བདུད་རྩི་དང་བསྲེས་པ་དངོས་གྲུབ་ཏུ་སྦྱིན། གཏོར་དབང་འདི་ཉིད་དབང་བསྐུར་ཡོངས་རྫོགས་ཡིན་པས་ཁོལ་འདོན་དུ་བསྐུར་ཀྱང་ཆོག་ལ། མོས་ལྡན་གྱི་སྐྱེ་འགྲོ་ཐུན་(47ན)མོང་པའི་འཇུག་སྒོར་འདི་ཙམ་འཚམས་ཤིང་ལེགས་པའང་ཡིན་ནོ། ། (གཉིས་པ་མ་བསྒོམ་སངས་རྒྱས་བཏགས་གྲོལ་གྱི་དབང་ནི། དེ་ནས་མ་བསྒོམ་སངས་རྒྱས་བཏགས་གྲོལ་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་འཕགས་མཆོག་ནམ་མཁའི་རྒྱལ༔ ཡེ་ཐོག་དང་པོའི་བསྟན་པ་མགོན༔ སངས་རྒྱས་བཏགས་གྲོལ་ཟབ་པའི་དབང་༔ དེང་འདིར་བདག་ལ་བསྐུར་དུ་གསོལ༔ (ལན་གསུམ།) སློབ་མའི་མགོར་རིགས་ལྔའི་དབུ་རྒྱན་བཀོན། ལག་ཏུ་རྡོ་རྗེ་དང་དྲིལ་བུ་གཏད། བཏགས་གྲོལ་ཙཀྲ་དར་སྣ་ལྔའི་ལྕིབས་ཀྱིས་བླངས་པ་སྙིང་གར་བཟུང་ལ།) ཨོཾ་ཨཱ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ འཕགས་པ་ནམ་མཁའི་རྒྱལ་པོ་ཡི༔ དགོངས་པ་བླ་ན་མེད་པའི་དོན༔ མ་གསུངས་གསུང་བ་མེད་པའི་ཆོས༔ ཡང་ཞུན་གསེར་གྱི་སྙིང་པོ་ཉིད༔ མཐོང་ཐོས་རེག་དྲན་དོན་ལྡན་ཏེ༔ རང་གྲོལ་ཆེན་པོར་དབང་བསྐུར་རོ༔ ཡིག་བཅུ་དང་། ཨེ་ཀ་གུ་ཧྱ་རི་བ་ལ་ཙཀྲ་ཨ་བྷི་ཥིཉྩ་མྃ༔ (ཞེས་བསྐུར། འགྲུབ་ན་ལུས་ལ་བཅང་དུ་གཞུག་གོ །)དེ་ལྟར་སངས་རྒྱས་སྲས་གཅིག་གི་དབང་བསྐུར་བ་ཐོབ་(47བ)པས་དགེ་སྤྱད་སྡིག་སྤྱད་འབྲས་བུ་མཉམ་ཉིད་ཀྱི་ཀློང་དུ་གྲོལ་ཏེ་འཚང་རྒྱ་བ་ལ་ཐེ་ཚོམ་མེད་པ་ཡིན་ནོ། ། (གསུམ་པ་འཆི་མེད་ཚེའི་དབང་ནི།) དེ་ནས་འཆི་མེད་ཚེ་ཡི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོཿ པདྨ་རྣམ་པར་རྒྱས་པ་ཡི༔ ཐུགས་ཀྱི་གསང་བ་དམ་པ་འདིར༔ མགོན་པོས་བདག་ནི་རྗེས་བཟུང་སྟེ༔ ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ (ལན་གསུམ།) ཚེ་འབྲང་འཕགས་མཆོག་ནམ་མཁའི་རྒྱལ་པོ་ཚེ་དཔག་མེད་པ་ཡན་ལག་གི་ཕྱག་གཡས་རྣམས་མདའ་དར་དང་གཡོན་རྣམས་ཚེ་བུམ་བསྣམས་པ། ཡུམ་གསང་བ་ཡེ་ཤེས་དམར་མོ་རྩ་ཕྱག་མདའ་དར་ཚེ་བུམ་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་ཞིང་འོད་ཟེར་མཐའ་ཡས་མུ་མེད་པ་སྤྲོ་བའི་བདག་ཉིད་ཅན་དུ་གསལ་བའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་དང་། འཁོར་འདས་བརྟན་གཡོའི་ཚེ་བསོད་(48ན)དཔལ་ཡོན་དྭངས་བཅུད་མ་ལུས་པ་ཐམས་ཅད་འཇའ་འོད་ཐིག་ལེ་ཡི་གེ་ཨ་ནྲྀ་ཧྲཱིཿགསུམ་གྱི་རྣམ་པས་བསྡུས་ནས་ཕྱག་གི་བུམ་པར་ཞུགས། བུམ་པའི་བདུད་རྩི་ཆིལ་ཁོལ་ཏེ་ཁ་ནས་ལུད་པ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་པས་ལུས་ཀྱི་ནང་ཀུན་ལྟེམ་གྱིས་གང་། སྐྱེ་འཆི་གཞོམ་གཞིག་དང་བྲལ་བའི་རྡོ་རྗེའི་སྐུ་ཐོབ་པའི་མོས་པ་མཛོད། (ཚེ་འབྲང་མགོར་བཞག་ལ།)ཧཱུྃ་ཧྲཱིཿ འཕགས་མཆོག་ནམ་མཁའི་རྒྱལ་པོ་ནི༔ ཡབ་ཡུམ་གཙོ་འཁོར་ཚེ་ཡི་བདག༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་ལ༔ འཆི་མེད་ཚེ་དབང་འདིར་སྩོལ་ཅིག༔ ཨོཾ་ཨཱ༔ ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་སརྦ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ག་ག་རཱ་ཛ་གུ་ཧྱ་ཛྙཱ་ན་དྷཱ་ཀི་ནཱི་ཨ་མི་དྷེ་ཝ་ཨ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ (ཞེས་དང་། སྔགས་དེ་ཉིད་ཀྱིས་ཚེ་རིལ་དང་ཚེ་ཆང་ཡང་སྦྱིན། མེ་ཏོག་འཐོར་ལ།) ཧོཿ ཚེ་དབང་དུ་གྱུར་ཅིག༔ དབང་དངོས་གྲུབ་ཏུ་གྱུར་ཅིག༔ མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག༔ མི་ཤིགས་པའི་རྡོ་རྗེར་གྱུར་ཅིག༔ ཚེ་སྲོག་རྡོ་རྗེའི་བྲག་བས་སྲ་ཞིང་བརྟན་པར་གྱུར་ཅིག༔ ཅེས་བརྗོད། དེས་ནི་དུས་མ་ཡིན་པའི་འཆི་བཟློག་ཅིང་ཚེ་མཐར་ཕྱིན་པར་འགྱུར་བ་ཡིན་ནོ། །(48བ)(ཞེས་ཡན་ལག་གི་དབང་གསུམ་པོ་འདིའི་སྔ་མ་གཞུང་གི་དངོས་བསྟན་ལ་བསྐུར་ཚིག་གི་སྤྲོས་པ་ཅུང་ཟད་གཏེར་ཁ་རིས་མཐུན་ལས་ཁ་བསྐང་ཞིང་། ཕྱི་མ་གཉིས་པོ་གཏེར་གཞུང་གི་དགོངས་པར་སྣང་ཡང་བར་ལམ་འགའ་ཞིག་གིས་ཕྱག་ལེན་ཁ་ཐོར་ལམ་ལུས་སུ་སོང་འདུག་པ་འདིར་ཁོ་བོས་དཀྱུས་གཅིག་ཏུ་གསལ་བར་བྱས་པ་ཡིན་ནོ། །) (གསུམ་པ་མཐའ་རྟེན་མངའ་གསོལ་བ་ནི།) དེ་རྣམས་ཀྱིས་དབང་བསྐུར་དངོས་གཞི་ཡན་ལག་དང་བཅས་པ་ལེགས་པར་གྲུབ་ནས་མཐའ་རྟེན་དུ་བཀྲ་ཤིས་དགེ་བའི་རྫས་རྟགས་རྣམས་དང་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཕྱག་ཏུ་གཏད་ཅིང་མངའ་གསོལ་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་ལེགས་ཀྱི་དཔལ་ཡོན་ཇི་སྙེད་པ་ལ་མངའ་བརྙེས་པའི་མོས་པ་མཛོད། (རྫས་བརྒྱད་རིམ་པར་ལག་ཏུ་གཏད་ལ།) ཧཱུྃ༔ ཡུངས་དཀར་རྒྱལ་པོ་ཤ་རཱི་རཾ༔ བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་བརླབས༔ སྟོང་ཕྲག་བརྒྱད་ཅུའི་གདོན་བགེགས་འཇོམས༔ དཔའ་བོ་སྟོབས་ཀྱིས་དབང་ཐོབ་ཤོག༔ སྭསྟི་སྭསྟི་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བཀྲ་ཤིས་རྩྭ་མཆོག་དཱུརྦ་འདི༔ ལྷ་ཡི་དབང་པོས་བྱིན་གྱིས་བརླབས༔ ནད་གདོན་གནོད་ཀུན་ལས་རྒྱལ༔ སྡུག་བསྔལ་ཞི་(49ན)བྱེད་དབང་ཐོབ་ཤོག༔ སྭསྟི༴ ཧཱུྃ༔ རྫས་མཆོག་བིཝ་ལུང་ཏོང་ཙེ༔ རྒྱུ་ཆུང་འབྲས་བུ་འཕེལ་སྟོབས་ཆེ༔ མཐུ་སྟོབས་མི་འཇིགས་སྐུ་ལྔ་རྫོགས༔ སྨིན་རྒྱས་འཕེལ་བའི་དབང་ཐོབ་ཤོག༔ སྭསྟི༴ ཧཱུྃ༔ ལི་ཁྲི་མཚལ་ཆེན་ཆུ་ལས་སྐྱེས༔ སེམས་མས་བྱིན་བརླབས་རིན་པོ་ཆེ༔ ཁམས་གསུམ་ལྷ་མི་ཀུན་དབང་སྡུད༔ ཐུགས་རྗེས་གཞན་སྒྲོལ་དབང་ཐོབ་ཤོག༔ སྭསྟི༴ ཧཱུྃ༔ གི་ཝཾ་ཁྱུ་མཆོག་ལས་བྱུང་རྫས༔ དཀར་པོའི་ཆོས་རྣམས་མ་ལུས་འཛིན༔ བཞི་བརྒྱ་རྩ་བཞིའི་ནད་ཀུན་སེལ༔ ཤེས་ཀུན་དཔལ་ལྡན་དབང་ཐོབ་ཤོག༔ སྭསྟི༴ ཧཱུྃ༔ ཞོ་ནི་སྙིང་པོ་ཀུན་གྱི་གཞི༔ དབང་པོ་རྩི་མདངས་བཅུད་ཀུན་འཕེལ༔ བསམ་གཏན་ཏིང་འཛིན་ཡོན་ཏན་སྐྱེ༔ སེམས་ཉིད་དྲི་མེད་དབང་ཐོབ་ཤོག༔ སྭསྟི༴ ཧཱུྃ༔ མེ་ལོང་ཟླུམ་པོ་སྐུ་གསུམ་མཚོན༔ ཆོས་རྣམས་གཟུགས་བརྙན་རྣམ་དག་ཅིང་༔ མ་རིག་བག་ཆགས་རང་སངས་ནས༔ མངོན་རྫོགས་སངས་རྒྱས་དབང་ཐོབ་ཤོག༔ སྭསྟི༴ ཧཱུྃ༔ དུང་མཆོག་གཡས་འཁྱིལ་རིན་པོ་ཆེ༔ གསུང་དབྱངས་ཡན་(49བ)ལག་དྲུག་ཅུར་ལྡན༔ ཡོན་ཏན་རྒྱ་མཚོ་ཚངས་པའི་གསུང༔ ཆོས་སྒྲ་ཀུན་ཁྱབ་དབང་ཐོབ་ཤོག༔ སྭསྟི༴ (རྟགས་བརྒྱད་རིམ་པར་གཏད་ལ།) ཉོན་མོངས་ཚད་པ་སྐྱོབས་པའི་ཕྱིར༔ བཀྲ་ཤིས་གསེར་གདུགས་འཁྱིལ་བ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྲོ་བ་སྐྱོབ་པའི་དབང་ཐོབ་ཤོག༔ སུརྻ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཆོས་དབྱིངས་ཀློང་དུ་ཡེ་ཤེས་གསལ༔ སྤྱན་ལྔ་ལྡན་པའི་གསེར་ཉ་ཡིས༔ རིགས་ཀྱི་བུ་ལ༴ ཇི་སྙེད་མཁྱེན་པའི་དབང་ཐོབ་ཤོག༔ པྲ་ནི་ས་མ་ཡ༴ དྲི་མེད་དག་པ་སྐྱོན་མ་གོས༔ མདངས་ལྡན་པདྨ་འབར་བ་ཡིས༔ རིགས་ཀྱི༴ ཚོགས་དྲུག་སྐྱོན་བྲལ་དབང་ཐོབ་ཤོག༔ ཏི་ཀ་དྷ་ཡི༴ ཆོས་ཀྱི་རང་སྒྲ་དབྱིངས་ནས་སྒྲོག༔ ཡན་ལག་དྲུག་ཅུ་བཀྲ་ཤིས་དུང་༔ རིགས་ཀྱི༴ གྲགས་སྟོང་རྟོགས་པའི་དབང་ཐོབ་ཤོག༔ ས་ཧ་ཡ་ཏྲྰི༴ མ་བཅོས་ལྷུན་གྲུབ་ཆོས་ཀྱི་དབྱིངས༔ བཀྲ་ཤིས་གཏེར་གྱི་བུམ་པ་ཡིས༔ རིགས་ཀྱི་བུ་ལ༴ འགྲོ་བའི་རེ་སྐོང་དབང་ཐོབ་ཤོག༔ ཏི་ཏ་ཀཱ་ཡ༴ ཐེག་པའི་ཡང་རྩེ་བླ་མེད་ཆོས༔ བསྟན་པ་མི་ནུབ་རྒྱལ་མཚན་འདིས༔ རིགས་ཀྱི༴ དམ་ཆོས་བསྟན་(50ན)འཛིན་དབང་ཐོབ་ཤོག༔ དྷ་རྨ་རཱ་ཛ་ཀ་ཏུ༴ རང་གསལ་དོན་ལྡན་རིགས་པའི་ཐུགས༔ འགྱུར་མེད་འོད་གསལ་དཔལ་བེའུས༔ རིགས་ཀྱི་བུ༴ སྣང་རིག་དག་པའི་དབང་ཐོབ་ཤོག༔ ཙིཏྟ༴ ཚོགས་བརྒྱད་འཛིན་པ་གཅོད་པ་ཡི༔ རིན་ཆེན་འཁོར་ལོ་རྩིབས་བརྒྱད་འདིས༔ རིགས་ཀྱི༴ འཛིན་མེད་ཡེ་ཤེས་དབང་ཐོབ་ཤོག༔ ཛྙཱ་ན་ཙཀྲ༴ (སྣ་བདུན་རིམ་པར་གཏད་ལ།) བདེན་བཞིའི་ཆོས་ཀྱི་གསང་བའི་མཛོད༔ འཁོར་ལོའི་རང་བཞིན་རིན་པོ་ཆེ༔ འཁོར་བའི་འཁོར་ལོ་རྒྱུན་བཅད་ནས༔ ཆོས་དང་མཐུན་པར་བསྐོར་བར་ཤོག༔ རཏྣ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཕ་རོལ་ཕྱིན་བཅུས་སྐྱོབས་པའི་ཕྱིར༔ ཤེས་རབ་བཙུན་མོ་རིན་པོ་ཆེ༔ བསྡུ་བཞི་ཚད་མེད་བཞི་པ་ཡི༔ ཚེ་དང་གཏེར་རྣམས་སྤྱོད་པར་ཤོག༔ ཝ་སྟྰི༴ དཀོན་མཆོག་ཡོན་ཏན་ཡིད་བཞིན་གཏེར༔ འཁོར་བའི་མུན་སེལ་སྙིང་པོ་འབྱུང་༔ དགོས་པའི་ནོར་བདུན་ཕུན་སུམ་ཚོགས༔ ཡིད་བཞིན་ནོར་བུར་སྤྱོད་པར་ཤོག༔ མ་ཎི་རཏྣ༴ གང་ལ་དཔག་བསམ་ཤིང་ལྟ་བུའི༔ འགྲོ་ལ་ཚོགས་གཉིས་རྫོགས་པར་སྟོན༔ དབང་ཕྱུག་ཁྱིམ་བདག་རིན་པོ་ཆེ༔ (50བ)འཁོར་ལོས་བསྒྱུར་རྒྱལ་ཐོབ་པར་ཤོག༔ མ་ཧཱ་ཏ་རཏྣ༴ ཐབས་དང་ཤེས་རབ་མཐར་ཕྱིན་ནས༔ འཇིགས་ཚོགས་རི་བོ་འཇོམས་པ་ཡི༔ རྒོལ་འཇོམས་དམག་དཔོན་རིན་པོ་ཆེ༔ ཕུན་སུམ་ཚོགས་པ་དང་ལྡན་ཤོག༔ ཁཏྒ་རཏྣ༴ འཁོར་བའི་ཆུ་བོ་ལས་སྒྲོལ་བ༔ བརྩོན་འགྲུས་རྫུ་འཕྲུལ་ཤུགས་ཀྱིས་བསྐྱོད༔ ཅང་ཤེས་སྤྲིན་གྱི་ཤུགས་འཆང་བ༔ མི་གནས་ཡེ་ཤེས་སྤྱོད་པར་ཤོག༔ ཏུ་རངྒ་ཨ་ཤྭ་རཏྣ༴ ཐེག་པ་བླ་མེད་སྟོན་པའི་མཆོག༔ ཡན་ལག་བདུན་མཛེས་འབར་བའི་མདོག༔ སྟོབས་ལྡན་གླང་པོ་རིན་པོ་ཆེ༔ རླབས་ཆེན་སྟོབས་བཅུ་རྫོགས་པར་ཤོག༔ ཧསྟི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་བསྐུར།) ནམ་མཁའི་གང་བའི་ལྷ་ཚོགས་རྣམས་ཀྱིས་ཤིས་པ་བརྗོད་པའི་གླུ་དབྱངས་སྒྲོག་ཅིང་མེ་ཏོག་སྣ་ཚོགས་ཀྱི་ཆར་སིལ་མར་བསྙིལ་བས་དབང་དོན་གྱི་ཡེ་ཤེས་བྱིན་རླབས་ནུས་མཐུ་ཐམས་ཅད་རབ་ཏུ་བརྟན་ཅིང་མི་ཉམས་གོང་འཕེལ་དུ་བྱས་པའི་མོས་པ་མཛོད། (ཅེས་རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་ཞིང་ལས་བྱང་ནས་འབྱུང་བས་མཚོན་ཤིས་བརྗོད་རྒྱ་ཆེར་སྤེལ་ལོ། །) (རྩ་བའི་གསུམ་པ་རྗེས་ཀྱི་ལས་རིམ་ལ་གཉིས། དབང་གི་རྗེས་རིམ་དང་། ཆོ་གའི་རྗེས་རིམ་(51ན)མོ། །དང་པོ་ནི།) དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་འཕགས་མཆོག་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་བྱ་བ་རྣམས་ལེགས་པར་བསྒྲུབས་ཟིན་པ་སྟེ། ཟབ་མོའི་དབང་ཐོབ་པའི་ཕན་ཡོན་བརྗོད་ཅིང་སྣོད་དུ་ངེས་ཤེས་བསྐྱེད་པ་ནི་རྡོ་རྗེའི་ཚིག་འདི་ལ་གསན་པས་ཁྱབ་པར་གདའ། ལེགས་འོང་ཁྱོད་ནི་སྐལ་པ་བཟང་༔ དེ་ལྟར་དབང་རྫོགས་སྤྱན་རས་གཟིགས༔ ཁྱོད་ཡིན་སངས་རྒྱས་སྐུ་གསུང་ཐུགས༔ མཁའ་མཉམ་འགྲོ་དོན་ད་སྤྱོད་ཅིག༔ དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མ་ལུས་ཀུན༔ ཡིག་བཅུའི་དབང་ལ་ཡང་དག་རྫོགས༔ དབང་ཐོབ་ཡོན་ཏན་མཐའ་ཡས་ཏེ༔ རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱིས༔ སྟོང་གསུམ་འཇིག་རྟེན་ཁམས་འདི་དག༔ ཏིལ་འབྲུར་བསིལ་ནས་བགྲང་ན་འཛད༔ དབང་ཐོབ་ཡོན་ཏན་ཟད་མི་ཤེས༔ འཇིག་རྟེན་སེམས་ཅན་སྲོག་བཏོན་པའི༔ བསོད་ནམས་འཕགས་པས་བསྒྲང་ནུས་ཀྱི༔ ཡིག་བཅུ་ལན་གཅིག་བརྗོད་པ་ཡི༔ ཡོན་ཏན་བརྗོད་པར་ག་ལ་ནུས༔ ཁམས་གསུམ་སེམས་ཅན་(51བ)མ་ལུས་ཀུན༔ སངས་རྒྱས་སར་བཀོད་ཡོན་ཏན་རྣམས༔ བགྲང་བར་ནུས་ཀྱི་ཡི་གེ་བཅུ༔ གཅིག་བརྗོད་ཡོན་ཏན་བགྲང་མ་ནུས༔ རྒྱལ་བ་ནམ་མཁའ་གང་བ་ལ༔ མཆོད་པ་ཕུལ་བའི་བསོད་ནམས་ཚོགས༔ བགྲང་བར་ནུས་ཀྱི་ཡིག་བཅུ་པ༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ ཡིག་བཅུའི་དབང་ཐོབ་འཛིན་ཐོས་མིས༔ ལས་དང་ལས་ཀྱི་རྣམ་སྨིན་རུང་༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ དུས་འདི་ཉིད་ལ་སྦྱོང་བར་བྱེད༔ ཡང་སྙིང་ཡིད་ལ་སུས་བྱེད་ཚད༔ ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར༔ བར་གཅོད་བགེགས་ཞི་འགྲོ་བ་འདུལ༔ སྣང་སྲིད་འཁོར་འདས་དབང་དུ་འགྱུར༔ ཡང་སྙིང་མཐོང་ཐོས་དྲན་རེག་རུང་༔ སྒོམ་བཟླས་འབྲི་འཆང་སྟོན་པ་རྣམས༔ ཡོན་ཏན་ལྡན་ཅིང་གར་སྐྱེས་ཀྱང་༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ ཅེས་གདམས་པར་མཛད་པ་ཉིད་རྟག་ཏུ་མི་བསྙེལ་བར་ཐུགས་ལ་གཅག་པ་དང་། དབང་ཐོབ་ཀྱི་དམ་ཚིག་སྲོག་གི་ཕྱིར་ཡང་མ་བཏང་བར་སྲུངས་ཤིག་ཅེས་སླར་ཡང་ནན་ཏན་དུ་འདོམས་པ་ཡིན་ཏེ། (ཞེས་ལྕེ་ལ་བདུད་རྩི་སྦྱིན། སྤྱི་བོར་རྡོ་རྗེ་བཞག་ལ།) ཨེ་མ༔ སྐལ་ལྡན་རིགས་(52ན)ཀྱི་བུ་མཆོག་རྣམས༔ ཐུན་མོང་སྐྱབས་སེམས་ནས་བརྩམས་ཏེ༔ སོ་ཐར་བྱང་སེམས་སྡོམ་པ་དང་༔ གསང་སྔགས་བླ་མེད་དམ་ཚིག་ཀུན༔ འདི་བཟུང་བྱང་ཆུབ་སྙིང་པོའི་བར༔ སྲོག་གི་ཕྱིར་ཡང་མ་བཏང་ཞིག༔ དམ་བསྲུང་དངོས་གྲུབ་འབད་མེད་འགྲུབ༔ དམ་ཉམས་ཚེ་ཐུང་ནད་མང་ཞིང༔ མི་རུང་རྐྱེན་ངན་སྣ་ཚོགས་འབྱུང༔ བདུད་མགོན་སེང་གདོང་ཡབ་ཡུམ་གྱིས༔ ལོ་ཟླར་མི་འགྱང་སྲོག་རྩ་གཅོད༔ སྙིང་ཁྲག་ཐང་ལ་ཕོ་བར་ངེས༔ ཤི་ནས་མནར་མེད་གནས་ལྟུང་ཞིང་༔ བསྐལ་པ་བྱེ་བ་དུ་མ་རུ༔ སྡུག་བསྔལ་བཟོད་མེད་མྱོང་བར་འགྱུར༔ དེ་ཕྱིར་སྲུངས་ཤིག་སྐལ་ལྡན་རྣམས༔ ཡང་གསང་བླ་མེད་དགོངས་དོན་འདི༔ སྒྲུབ་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་རྣམས་ལ་རླུང་ཕྱོགས་ཙམ༔ སྨྲ་བར་མི་རུང་དམ་དུ་སྲུངས༔ སྙིང་ལ་ཕུར་ཅིག་བཛྲ་ས་མ་ཡ༔ (ཞེས་དང་།) ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ་རྣམས་དམ་ཚིག་ལ་སྤྱིར་བསམ་གྱིས་མི་ཁྱབ་ཀྱང་༔ རྩ་བ་སྐུ་གསུང་ཐུགས་སུ་འདུས་སོ༔ དེ་ལ་སྐུའི་དམ་ཚིག་ཏུ་རྡོ་རྗེ་སློབ་དཔོན་དང་སངས་རྒྱས་བྱང་ཆུབ་(52བ)སེམས་དཔའ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་༔ མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས༔ རང་ལུས་སྐྱེ་འགྲོ༔ འབྱུང་བ་ལྔ་ལ་སོགས་པ་ཐམས་ཅད་ལ་མི་གུས་པ༔ ལོག་རྟོག་རྐུ་འཕྲོག་བསད་གཅོད༔ ངན་སྨྲས་སྐུར་འདེབས་མི་དགེ་བའི་རིགས་གྱུར་ཐམས་ཅད་སྤང་༔ དོན་ལ་སྣང་སྲིད་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ཡི་དམ་ལྷའི་ངོ་བོར་མ་གྱུར་པ་གཅིག་ཀྱང་མེད་པས་གཉིས་འཛིན་དགྲ་གཤེད་ཀྱི་དབང་དུ་མ་བཏང་བར་ཤིན་ཏུ་བསྲུང་དགོས་སོ༔ གསུང་གི་དམ་ཚིག་ཏུ་རྡོ་རྗེ་སློབ་དཔོན་གྱི་ཅི་གསུང་གི་བཀའ་མི་བཅག༔ རྫོགས་པའི་སངས་རྒྱས་ནས་གང་ཟག་ཕལ་པའི་གསུང་ཡན་ཆད་ལ་བརྙས་པར་མི་བྱ་ཞིང་གུས་པ་བསྐྱེད༔ མདོར་ན་སྐྱེ་འགྲོའི་སྐད་དང་འབྱུང་བའི་རང་སྒྲ་ལ་སོགས་པ་ཐམས་ཅད་ལ་ཁོང་ཁྲོ་ཞེ་སྡང་སྤངས་ཏེ་བླ་མ་ཡི་དམ་གྱི་གསུང་དུ་མོས་པར་བྱའོ༔ ཐུགས་ཀྱི་དམ་ཚིག་ཏུ་མི་དགེ་བའི་རྟོག་པ་ཕྲ་མོ་སྐད་ཅིག་མ་ཡན་ཆད་སྤངས་ལ༔ བདག་གཞན་བརྗེ་ཕོད་པའི་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དུང་དུང་དུ་བསྒོམ་པར་བྱའོ༔ ནང་གི་སྐུའི་དམ་ཚིག་ཏུ་འཕགས་(53ན)པའི་བསྐྱེད་རིམ་རྒྱུན་ཆད་མེད་པར་བསྒོམ༔ གསུང་གི་དམ་ཚིག་ཏུ་ཡི་གེ་བཅུ་པའི་བཟླས་པ་རྒྱུན་མི་འཆད་དུ་བྱ༔ ཐུགས་ཀྱི་དམ་ཚིག་ཏུ་རྫོགས་རིམ་མཉམ་ཉིད་ཁྱབ་བརྡལ་ཆེན་པོའི་དགོངས་པ་དང་མ་བྲལ་བར་བྱའོ༔ དེ་ལྟར་དམ་ཚིག་གཉན་པོ་བསྲུང་བས༔ གནས་སྐབས་སུ་ཚེ་རིང་ཞིང་ནད་མེད་པ་དང་༔ ཕྲིན་ལས་བཞི་སོགས་ཅི་བསམ་དོན་ཐམས་ཅད་འབད་མེད་ཡིད་བཞིན་དུ་འགྲུབ༔ མཐར་ཐུག་འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱད་དེ༔ གཟུགས་སྐུ་རྣམ་པ་གཉིས་ཀྱིས་འགྲོ་བའི་དོན་གང་ལ་གང་འདུལ་དུ་སྤྲུལ་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་འགྲུབ་པར་འགྱུར་རོ༔ (ཞེས་དམ་བསྒྲག །)ཇི་སྐད་བསྒོས་པའི་དམ་ཚིག་རྣམས་མི་ཉམས་པར་རྟག་ཏུ་བསྲུང་བར་བགྱིའོ་སྙམ་པའི་འདུན་པ་དྲག་པོས་འདིའི་རྗེས་ཟློས་མཛོད། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །(ཞེས་ལན་གསུམ་གྱིས་ཁས་བླང་།) དེ་ལྟར་ལེགས་པར་ཐོབ་པའི་སྐུ་དྲིན་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། (ཅེས་(53བ)མཎྜལ་འབུལ་དུ་གཞུག །)གཞན་ཡང་ཇི་སྐད་དུ། བུ་དང་ཆུང་མ་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་འབུལ༔ སྤང་དག་ལན་གསུམ་ཚར་བའི་རྗེས༔ སྒྱུ་ལུས་བླ་མའི་བྲན་དུ་འབུལ༔ ཅེས་གསུངས་པས་དོན་དུ་བླ་མ་ལ་བཞེད་པ་མི་མངའ་ཡང་རང་ཉིད་བསོད་ནམས་ཀྱི་ཚོགས་ཆེན་རྫོགས་པའི་རྟེན་འབྲེལ་གྱིས་སྐྱེ་བ་ཀུན་ཏུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་ཅིང་། རྒྱུའི་ཚོགས་ལ་བརྟེན་ནས་འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་པར་ངེས་པའི་ཕྱིར། རང་རང་གི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་འབུལ་ན་ཆ་ཤས་རེ་རེ་ནས་བཞེས་ལ་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །(ཞེས་ལུས་ལོངས་སྤྱོད་འབུལ།) དེ་ལྟར་དབང་ཐོབ་པ་ལས་བྱུང་བའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་ཚོགས་ཐམས་ཅད་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་(54ན)འདི་ལྷན་ཅིག་ཏུ་གནང་བ་དང་། ཁྱད་པར་འཕགས་པའི་ཟབ་ཆོས་འདི་ཉིད་ཀྱི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་ཀུན་སྒྲོལ་བར་ཤོག །(ཅེས་སོགས་ཀྱི་དགེ་བ་བསྔོས་ཏེ་སློབ་མ་རྣམས་རང་གནས་སུ་བཏང་ངོ་། །ཡང་སྐབས་འགའ་ཞིག་གི་ཚེ་སྐྱེ་བདུན་སྒྲུབ་ཆེན་དང་འབྲེལ་བའམ། མི་འབྲེལ་ཡང་བསྟན་པ་ལ་ཕན་པའི་སློབ་བུར་དབང་གི་རྒྱུན་མི་ཉམས་པའི་ཕྱིར་སྐྱེ་བདུན་བུམ་པའི་དབང་བསྐུར་བའི་ཕྱག་སྲོལ་མཛད་པ་ལྟར་ན། སྦྱོར་བའི་སྐབས་སུ་དཀྱིལ་འཁོར་གྱི་མདུན་དུ་སྐྱེ་བདུན་རིལ་བུ་བཞུགས་པའི་བུམ་པའང་བཤམས་པ་ལ་དབང་སྒྲུབ་བཟླས་ཀྱི་རྗེས་སུ།) བུམ་པ་རང་བྱུང་གི་ཕོ་བྲང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་བུམ་བཅུད་འཁོར་བ་དོང་སྤྲུགས་འཕགས་མཆོག་ནམ་མཁའི་རྒྱལ་པོའི་ལྷ་ཚོགས་སུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ་འགྲོ་འདུལ་གྲོལ་བ་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་(མོས་ལ། ཡིག་བཅུའི་ཤམ་བུར།) ཨ་ར་པ་ཙ་མི་ཏ་ཧྲྀ་ད་ཡ་སྭཱཧཱ༔ (54བ)ཞེས་བཏགས་པའི་ཅི་འགྲུབ་བཟླ། དབང་དངོས་གཞིའི་བུམ་དབང་ཡན་ལག་བཅས་རྫོགས་པའི་རྗེས་སུ། དེ་ནས་བུམ་དབང་གི་མཐའ་རྟེན་དུ་འགྲོ་འདུལ་ཕྲིན་ལས་མྱང་གྲོལ་བདུད་རྩིའི་དྭངས་མས་དབང་བསྐུར་བ་ལ། བུམ་པ་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་མེད་ཁང་ཆེན་པོར་རིལ་བུ་རེ་བཞིན་འཕགས་མཆོག་ནམ་མཁའ་རྒྱལ་པོ་ཡབ་ཡུམ་དུ་ཤར་བས་དབང་བསྐུར་བ་ཙམ་གྱིས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་འཕགས་པའི་གསང་བ་གསུམ་དང་དབྱེར་མེད་དུ་བྱིན་གྱིས་བརླབས་ཏེ་མཁའ་འགྲོ་ཀུན་སྒྲོལ་བའི་ནུས་སྟོབས་ཡོངས་སུ་རྫོགས་པའི་མོས་པ་མཛོད། (རིལ་བུམ་སྤྱི་བོར་བཞག་ལ།) ཧྲཱིཿ ཕྱི་ནི་རང་བྱུང་བདེ་ཆེན་གཞལ་ཡས་ཁང་༔ ནང་ན་ཐུགས་རྗེ་འཕགས་པའི་ལྷ་ཚོགས་བཞུགས༔ སྒྲིབ་གསུམ་དག་ནས་སྐུ་གསུམ་མངོན་གྱུར་དབང་༔ དེང་འདིར་སྦྱིན་ནོ་འགྲོ་ཀུན་ཡོངས་སྒྲོལ་ཤོག༔ (ཡིག་བཅུ་དང་།) སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱ༔ ཧཱུྃ༔ (ཞེས་དབང་བསྐུར་ལ།) རིལ་བུ་ནམ་མཁའི་རྒྱལ་པོ་དངོས་སུ་གསལ་བ་ཁྱེད་རང་རྣམས་ལྷ་དམ་ཚིག་པར་གསལ་བའི་(55ན)ཁའི་སྒོ་ནས་བྱོན། སྙིང་པདྨ་འདབ་བརྒྱད་ཀྱི་ཟེའུ་འབྲུར་ཡེ་ཤེས་སེམས་དཔའི་ཚུལ་དུ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་པའི་མོས་པ་མཛོད། (ཅེས་རིལ་བུ་གསུམ་རེ་མིད་དུ་གཞུག །)དེ་ལྟར་ཐོབ་པའི་ཕན་ཡོན་ཀྱང་རྒྱུད་ལས། རིལ་བུ་སུ་ཡི་ལྟོར་སོང་བ༔ ཚེ་རབས་གང་དང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ ཐུགས་རྗེ་ཆེན་པོའི་ཞིང་དུ་འགྲོ༔ འདི་ལ་ཐེ་ཚོམ་མི་བྱ་སྟེ༔ མ་བསྒོམ་སངས་རྒྱས་ཐོབ་པའི་ཐབས༔ རྫས་མཆོག་རེག་ཆོག་ངོ་མཚར་ཆེ༔ ཞེས་སོགས་རྒྱལ་བ་བདེན་པར་གསུངས་པའི་དཔལ་གྱི་མགུར་ནས་ཡང་དང་ཡང་དུ་བསྔགས་པ་དོན་དང་ལྡན་པ་ལགས་སོ། །(ཞེས་བརྗོད།) དེ་ལྟ་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། (ཅེས་སོགས་དཀྱུས་བཞིན་སྦྱར་བས་འགྲུབ་བོ། །)

(གཉིས་པ་ཆོ་གའི་རྗེས་རིམ་ནི། ཚོགས་ལ་རོལ་ཞིང་ལྷག་ཆོག་བྱ། ཆོས་སྐྱོང་གི་གཏོར་འབུལ་དང་ཆད་བརྟན་བསྐྱང་ཞིང་རྟ་བྲོ་བརྡུང་། གཏང་རག་གི་མཆོད་བསྟོད་འབུལ། ནོངས་པ་བཤགས། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟན་བཞུགས་བྱ། ཚོམ་བུ་ཡིན་ན་ཡེ་ཤེས་པ་གཤེགས་སུ་གསོལ། བདག་བསྐྱེད་(55བ)ཉེར་བསྡུ། ལྷར་ལྡང་། བསྔོ་སྨོན། ཤིས་བརྗོད་ཀྱི་བར་ལས་བྱང་མཐའ་རྒྱས་སུ་བྱའོ། །འཕགས་པའི་སྒྲུབ་ཐབས་རྒྱ་ཆེ་མ་དྲོས་ཀླུང་། །གང་འབྲེལ་ཐར་པའི་སྲོག་འཚོ་འབའ་ཞིག་ཀྱང་། །སྙིང་པོའི་མན་ངག་ངོ་མཚར་བདུད་རྩིའི་གཏེར། །མཚོ་སྐྱེས་བླ་མའི་ཐུགས་བཅུད་འདི་ཁོ་ན། །གང་དེའི་གོ་འཕང་ནོར་བུའི་དབྱིག་སྟེར་བའི། །སྨིན་ལམ་གཏན་པ་མེད་པའི་མཆོད་སྦྱིན་དུ། །ལེགས་བཤད་གསར་པའི་སྒོ་འཕར་ཕྱེས་ཟིན་གྱི། །དོན་གཉེར་སྐལ་བཟང་དགའ་བས་དེང་ཞུགས་མཛོད། །དེ་ལྟའི་ལེགས་བྱས་རིན་ཆེན་ཆུ་འཛིན་ལས། །བསོད་ནམས་ཕན་བདེའི་གྲུ་ཆར་རབ་འཇོ་བས། །ལུས་ཅན་ཐར་པའི་མྱུ་གུ་བསྐྱེད་བསྲིངས་ཏེ། །རྣམ་གྲོལ་སྐུ་བཞིའི་འབྲས་བཟང་མངོན་བྱེད་ཤོག །དེ་ལྟར་འཕགས་མཆོག་ནམ་མཁའི་རྒྱལ་པོའི་དབང་གཞུང་བདུད་རྩིའི་ལྟེང་ཀ་ཕྱག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་ཕན་བདེའི་འཛུམ་རླབས་ཞེས་བྱ་བ་འདི་ནི། ཡོངས་ལ་སྨན་པར་བརྩོན་པའི་ཐུགས་བསྐྱེད་ཀྱི་ཕྲིན་ལས་རྨད་དུ་བྱུང་བ་བྱང་ཆུབ་སེམས་དཔའ་ཆེན་པོའི་ངང་ཚུལ་ཅན་མི་དབང་རིག་པ་འཛིན་པ་ཚེ་རིང་དཔལ་འབྱོར་བཟང་པོའི་ཞལ་སྔ་ནས་བཀྲ་ཤིས་པའི་ལྷ་གོས་ཉིན་མོ་བདེ་ལེགས་སོགས་ཕུལ་དུ་བྱུང་བའི་མཎྜལ་དང་བཅས་ཏེ་དང་བའི་གསུང་གིས་རྗེས་སུ་བསྐུལ་བར་མཛད་པ་ལས། གདུལ་བྱའི་འགྲོ་བ་རྣམས་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་མཐོང་ནས། རིག་འཛིན་གྱི་(56ན)མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་གསུམ་པའི་ཐོག་ཏུ་སོན་པ་འཛིན་བྱེད་ཀྱི་ལོ་སྨིན་དྲུག་ཉ་བའི་ཡར་ངོ་རྒྱལ་བ་དང་པོའི་དུས་དགེ་བ་ལ། གངས་ཅན་གྲུ་འཛིན་གྱི་རི་བོའི་ལྷོ་ཕྱོགས་མོན་ཡུལ་བཀྲ་ཤིས་འཁྱིལ་བའི་ལྗོངས་ཀྱི་བྱེ་བྲག་སྤ་གྲོ་རིན་ཆེན་སྤུངས་ཀྱི་སྐྱེད་མོས་ཚལ་ཉམས་དགའ་བའི་གནས་སུ་ལེགས་པར་སྦྱར་བ་སྟེ། འདིས་ཀྱང་ཟབ་ལམ་གྱི་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། མཐའ་ཡས་པའི་འགྲོ་བ་ཐམས་ཅད་ཟུང་འཇུག་འཕགས་པའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།)