DJYD-KABUM-09-TA-019: Difference between revisions

From Dudjom Wiki
DJYD-KABUM-09-TA-019
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
(1ན)(བླ་མ་རིག་འཛིན་འདུས་པའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས་སོ།  །)ན་མོ་གུ་རུ་པདྨ་ཀ་ར་ཡེ།  (བླ་མ་རིག་འཛིན་འདུས་པའི་རྒྱུན་གྱི་རྣལ་འབྱོར་ཉམས་སུ་ལེན་པའི་ཚུལ་ལ།  །སྔོན་འགྲོ།  དངོས་གཞི།  རྗེས་སོ།  དང་པོ་ནི།) རང་གི་སྙིག་གའི་འོད་ཟེར་གྱིས་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ(ས་སད་པར་མོས་ལ།) ན་མོཿ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔    ཆེ་བའི་ཡོན་ཏན་ཀུན་རྫོགས་པའི༔    བཀའ་དྲིན་ཅན་གྱི་བླ་མ་ལ༔    བྱང་ཆུབ་བར་དུ་སྐྱབས་སུ་མཆི༔  (ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་།) ཧོ༔    མར་གྱུར་འགྲོ་བ་སེམས་ཅན་རྣམས༔    རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཕྱིར༔    རིག་འཛིན་བླ་མའི་གོ་འཕང་བསྒྲུབ༔    ཡང་གསང་དགོངས་པའི་དོན་རྟོགས་ཤོག༔  (ཞེས་ལན་གསུམ་གྱིས་སེམས་བསྐྱེད།  སྤྲོ་ན།)  ན་མོ༔    སྐུ་དང་ཡེ་ཤེས་བདག་ཉིད་ལ༔    རབ་ཏུ་གུས་པས་ཕྱག་འཚལ་ལོ༔    ལུས་དང་ལོངས་སྤྱོད་མཆོད་པ་འབུལ༔    ཚེ་རབས་བསགས་པའི་སྡིག་ལྟུང་བཤགས༔    རྣམ་དཀར་དགེ་ལ་རྗེས་ཡི་རང་༔    ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔    མྱ་ངན་མི་འདའ་བཞུགས་སུ་གསོལ༔    དགེ་རྩ་འགྲོ་བ་ཡོངས་ལ་བསྔོ༔    བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔    ཛཿཧཱུྃ་བཾ་ཧོ་ས།  ཚོགས་ཞིང་རྣམས་རང་ལ་(1བ)ཐིམ་པར་(བསམ།  གཉིས་པ་ནི།)  ཨ༔  མ་བཅོས་རང་བྱུང་ཆོས་ཀྱི་སྐུ༔    སྐྱེ་འགགས་འགྱུར་མེད་སྤྲོས་མཐའ་བྲལ༔  རྣམ་ཐར་གསུམ་ལྡན་ངོ་བོ་ཉིད༔    ངང་གནས་ཆེན་པོ་དེ་བཞིན་ཉིད༔  ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔    ཧྲཱི༔  ལྷུན་གྲུབ་འགགས་མེད་བདེ་ཆེན་རྫོགས༔    སྣང་སྲིད་རང་ཤར་རྫོིགས་པ་ལས༔  ཡེ་ཤེས་ཆེན་པོ་ཁྱབ་བརྡལ་གྱིས༔  མ་བསྒོམ་རང་གྲོིལ་སྙིང་རྗེས་བརྡལ༔  དྷརྨ་དྷཱ་ཏུ་ཛྙཱ་ན་ཧྲིཿད་ཡ་ཨཱཿཧཱུྃ༔  ཧཱུྃ༔  རང་བྱུང་ཡེ་ཤེས་སྙིང་པོའི་རྩལ༔  ཐུགས་རྗེའི་རང་གདངས་ཡི་གེ་ཧཱུྃ༔  རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི༔  རྒྱུ་རུ་རང་བྱུང་རང་ཤར་བསྒོམ༔  ཧཱུྃ་བཛྲ་ཙིཏྟ་ཨ༔    ཧཱུྃ་ལས་འོད་ཟེར་རབ་འཕྲོས་པས༔  འབྱུང་བ་རིམ་བརྩེགས་རི་རབ་སྟེང་༔  བསྲུང་བའི་འཁོར་ལོ་རིམ་བརྒྱད་ནང་༔    བྷཱུྃ་ལས་རིན་ཆེན་སྣ་ཚོགས་ཀྱིས༔  གཞལ་ཡས་མཚན་ཉིད་རབ་རྫོགས་དབུས༔  པདྨ་ཉི་ཟླའི་གདན་སྟེང་དུ༔  རང་རིག་ཧཱུྃ་ལས་འོད་འཕྲོས་པས༔  རྒྱལ་བ་མཆོད་ཅིང་འགྲོ་བ་འདུལ༔  ཚུར་འདུས་ཡོངས་སུ་གྱུར་པ་ལས༔  རང་ཉིད་རིག་འཛིན་པདྨ་འབྱུང་༔  དཀར་དམར་མདངས་ལྡན་ཞི་མ་ཁྲོ༔  ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔  གསེར་གྱི་རྡོ་རྗེ་ས་ལ་གཟིར༔  གཡོན་པས་མཉམ་གཞག་  (2ན)ཐོད་བུམ་བསྣམས༔  རྒྱལཔོ་རོལ་པའི་སྟབས་སུ་བཞུགས༔    པད་ཞྭ་ཕོད་ཀ་བེར་མཐིང་ནག༔    ཐང་ཤམ་ཆོས་གོས་སག་ལྷམ་གསོལ༔    ཁ་ཊྭཱཾ་རྩེ་གསུམ་མཆན་དུ་བསྟེན༔    རིན་ཆེན་སྙན་ཆ་མཛེས་པས་བརྒྱན༔    ཡེ་ཤེས་འཇའ་འོད་འཁྱིལ་བའི་ཀློང་༔    སྣང་སྲིད་ཟིལ་གྱིས་གནོན་པར་བསྐྱེད༔    ཕྱི་རིམ་པདྨའི་འདབ་སྟེང་དུ༔    གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད༔    རྗེ་འབངས་ཉེར་ལྔ་ལ་སོགས་པའི༔    དཔའ་བོ་དང་ནི་རྣལ་འབྱོར་མ༔    རིག་འཛིན་བླ་མ་རྒྱ་མཚོའི་ཚོགས༔    ཏིལ་གོང་ཁ་ཕྱེ་བཞིན་དུ་གསལ༔    གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔    འོད་འཕྲོས་འོག་མིན་ཆོས་དབྱིངས་དང་༔    པདྨ་འོད་ཀྱི་ཞིང་ཁམས་ནས༔    ཡེ་ཤེས་པ་རྣམས་སྤྱན་དྲངས་བསྟིམས༔  (ཞེས་ལྷ་སྐུ་ཕྱག་རྒྱའི་རྣལ་འབྱོར་གསལ་གདབ༔    སྤྲོས་པ་བསྡུ་ན་དམ་ཡེ་དབྱེར་མེད་དུ་མོས་པས་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ།  སྤྲོ་ན་སྤྱན་འདྲེན་སོགས་ལས་རིམ་མདོར་བསྡུས་ནི།) ཧཱུྃ་ཧྲཱི༔    སྔོན་གྱི་བསྐལ་པའི་དང་པོ་ལ༔    ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔    དྷ་ན་ཀོ་ཤའི་མཚོ་གླིང་དུ༔    པདྨ་གེ་སར་སྡོང་པོ་ལ༔    ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔    པདྨ་འབྱུང་གནས་ཞེས་སུ་གྲགས༔    འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔    ཁྱེད་ཀྱི་རྗེས་སུ་བདག་    (2བ)སྒྲུབ་ཀྱི༔    བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔    གནས་མཆོད་འདི་རུ་བྱིན་ཕོབ་ལ༔    སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔    བགེགས་དང་ལོག་འདྲེན་བར་ཆད་སོལ༔    མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔    ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཱི་དྱ་དྷ་ར་སརྦ་བཛྲ་ས་མ་ཡ་ཛ་ཛ༔    ཛཿ་ཧཱུྃ་བཾ་ཧོ༔    བཛྲ་ས་མ་ཡ་ཏིཥྛ་ལྷན༔    ཨཏི་པཱུ་ཧོ༔    པྲ་ཏཱིཙྪ་ཧོཿ  ཨོཾ་བཛྲ་ཨརྒྷཾ་(སོགས།) ཤཔྟ་རཱུ་པ་(སོགས།) སྤཪྴེ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ན་དྷ་རྨདྷཱ་ཏུ་པཱུ་ཛ་ཧོཿཧཱུྃ་ཧྲཱི་མ་ཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔    བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔    པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔    སྐུ་གསུམ་ལྷུན་གྲུབ་མཆོག་ལ་ཕྱག་འཚལ་བསྟོད༔  (ཅེས་སྤྱན་འདྲེན་མཆོད་བསྟོད་བྱ།  གང་ལྟར་ཡང་གསལ་བརྟན་དག་གསུམ་ལ་བསླབ་ཅིང་ང་རྒྱལ་བཟུང་།  དེས་སྐྱོན་བཟླས་པའི་རྣལ་འབྱོར་ནི།) ཐུགས་ཀར་ཉི་མའི་གདན་སྟེང་དུ༔    གསེར་གྱི་རྡོ་རྗེ་རྩེ་ལྔ་པ༔    ལྟེ་བར་ཉི་ཟླའི་གྭའུའི་ནང་༔    དྭངས་མ་ལྔ་ཡི་འོད་ཐིག་སྦུབས༔    ཐུགས་སྲོག་ཧཱུྃ་ཡིག་དཀར་དམར་ལ༔    རྩ་བའི་སྔགས་ཀྱིས་བསྐོར་བར་བསྒོམ༔    འོད་དང་འོད་ཟེར་འཕྲོ་འདུ་ལས༔    རྒྱལ་བ་མཆོད་ཅིང་འགྲོ་དོན་བསྒྲུབ༔    སྒོ་གསུམ་རྡོ་རྗེ་གསུམ་གྱི་ངང་༔    གྲོལ་ཐོབ་རྫོགས་པའི་སངས་རྒྱས་སོ༔  (3ན)(ཞེས་བཟླས་དམིགས་གསལ་བཏབ་ལ།) ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།  (ཞེས་རྩ་བསྙེན་དང་།) ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ(ཞེས་སྒྲུབ་སྔགས་ཅི་ནུས་སུ་བཟླ༔    ལས་སྦྱོར་ནི༔    སྤྲོ་བསྡུའི་དམིགས་གནད་དང་བཅས།  སྒྲུབ་སྔགས་ཤམ་དུ།) ཤིནྟིཾ་པུཥྟིཾ་ཝཱ་ཤཾ་ར་ཡ་ཕཊ༔  (ཞེས་བསྙེན་པའི་ཕྱེད་ཆ་ཙམ་དུ་བཟླའོ།  །གསུམ་པ་ནི་ཐུན་ལས་ལྡང་བར་བརྩམ་པ་ན་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་བཟླས་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ནུས་པ་བརྟན་པར་བྱས་ལ།) ཧཱུྃ༔    རྟེན་དང་རྟེན་པའི་དཀྱིལ་འཁོར་ལྷ༔    མ་ལུས་རང་གི་སྐུ་ལ་ཐིམ༔    རང་ཉིད་ཐུགས་སྲོག་ཧཱུྃ་ལ་བསྡུ༔    ཧཱུྃ་ཡིག་ཐིག་ལེ་ན་དཱ་ལ༔    དེ་ཡང་ཆོས་ཀྱི་དབྱིངས་སུ་ཐིམ༔    ཨ་ཨ་ཨ༔  (ཞེས་ལྷར་སྣང་དབྱིངས་སུ་བསྡུ།) ཧཱུྃ༔    མཁའ་ལས་འཇའ་ཚོན་ཤར་བ་ལྟར༔    རང་ཉིད་རིག་འཛིན་པདྨ་འབྱུང་༔    སྣང་སྲིད་དབང་སྡུད་སྐུར་གསལ་ལ༔    མི་ཤིགས་རྡོ་རྗེའི་གོ་ཆ་བགོ༔    ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔    བཛྲ་རཀྵ་རཀྵ་ཧཱུྃ༔  (ཞེས་ཟུང་འཇུག་གི་སྐུར་ལྡང་ཞིང་༔  ) ཧཱུྃ༔    བདག་གི་དུས་གསུམ་དགེ་རྩ་ཀུན༔    ཟག་མེད་བདེ་བ་ཆེན་པོར་བསྔོ༔    འཁོར་འདས་དག་མཉམ་རོལ་པ་རུ༔    བྱང་ཆུབ་ཆེན་པོར་སངས་རྒྱས་ཤོག༔  (ཅེས་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ༔    ཅེས་པའང་བྱང་ཆུབ་བསྟན་  (3བ)འཛིན་དང་ཕྲིན་ལས་སྒྲུབ་བརྒྱུད་ཟུང་གིས་བསྐུལ་བ་ལྟར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྟན་ཐོག་གཅིག་ཏུ་ཤར་མར་སྤེལ་བ་དགེ་ལེགས་མཆོག་གི་རྒྱུར་གྱུར་ཅིག།  སརྦ་དཱ་ཀལྱཎཾ་བྷ་ཝནྟུ།)[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|language=Tibetan
|pagestatus=Temporary stub only
|volumenumber=09
|volumeLetter=TA
|textnuminvol=019
|pdflink=File:DJYD-KABUM-09-TA-019.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-09-TA
}}
<h1>Tibetan Text</h1>
<onlyinclude>
{{TibP|(1ན)(བླ་མ་རིག་འཛིན་འདུས་པའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས་སོ།  །)ན་མོ་གུ་རུ་པདྨ་ཀ་ར་ཡེ།  (བླ་མ་རིག་འཛིན་འདུས་པའི་རྒྱུན་གྱི་རྣལ་འབྱོར་ཉམས་སུ་ལེན་པའི་ཚུལ་ལ།  །སྔོན་འགྲོ།  དངོས་གཞི།  རྗེས་སོ།  དང་པོ་ནི།) རང་གི་སྙིག་གའི་འོད་ཟེར་གྱིས་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ(ས་སད་པར་མོས་ལ།) ན་མོཿ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔    ཆེ་བའི་ཡོན་ཏན་ཀུན་རྫོགས་པའི༔    བཀའ་དྲིན་ཅན་གྱི་བླ་མ་ལ༔    བྱང་ཆུབ་བར་དུ་སྐྱབས་སུ་མཆི༔  (ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་།) ཧོ༔    མར་གྱུར་འགྲོ་བ་སེམས་ཅན་རྣམས༔    རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཕྱིར༔    རིག་འཛིན་བླ་མའི་གོ་འཕང་བསྒྲུབ༔    ཡང་གསང་དགོངས་པའི་དོན་རྟོགས་ཤོག༔  (ཞེས་ལན་གསུམ་གྱིས་སེམས་བསྐྱེད།  སྤྲོ་ན།)  ན་མོ༔    སྐུ་དང་ཡེ་ཤེས་བདག་ཉིད་ལ༔    རབ་ཏུ་གུས་པས་ཕྱག་འཚལ་ལོ༔    ལུས་དང་ལོངས་སྤྱོད་མཆོད་པ་འབུལ༔    ཚེ་རབས་བསགས་པའི་སྡིག་ལྟུང་བཤགས༔    རྣམ་དཀར་དགེ་ལ་རྗེས་ཡི་རང་༔    ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔    མྱ་ངན་མི་འདའ་བཞུགས་སུ་གསོལ༔    དགེ་རྩ་འགྲོ་བ་ཡོངས་ལ་བསྔོ༔    བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔    ཛཿཧཱུྃ་བཾ་ཧོ་ས།  ཚོགས་ཞིང་རྣམས་རང་ལ་(1བ)ཐིམ་པར་(བསམ།  གཉིས་པ་ནི།)  ཨ༔  མ་བཅོས་རང་བྱུང་ཆོས་ཀྱི་སྐུ༔    སྐྱེ་འགགས་འགྱུར་མེད་སྤྲོས་མཐའ་བྲལ༔  རྣམ་ཐར་གསུམ་ལྡན་ངོ་བོ་ཉིད༔    ངང་གནས་ཆེན་པོ་དེ་བཞིན་ཉིད༔  ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔    ཧྲཱི༔  ལྷུན་གྲུབ་འགགས་མེད་བདེ་ཆེན་རྫོགས༔    སྣང་སྲིད་རང་ཤར་རྫོིགས་པ་ལས༔  ཡེ་ཤེས་ཆེན་པོ་ཁྱབ་བརྡལ་གྱིས༔  མ་བསྒོམ་རང་གྲོིལ་སྙིང་རྗེས་བརྡལ༔  དྷརྨ་དྷཱ་ཏུ་ཛྙཱ་ན་ཧྲིཿད་ཡ་ཨཱཿཧཱུྃ༔  ཧཱུྃ༔  རང་བྱུང་ཡེ་ཤེས་སྙིང་པོའི་རྩལ༔  ཐུགས་རྗེའི་རང་གདངས་ཡི་གེ་ཧཱུྃ༔  རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི༔  རྒྱུ་རུ་རང་བྱུང་རང་ཤར་བསྒོམ༔  ཧཱུྃ་བཛྲ་ཙིཏྟ་ཨ༔    ཧཱུྃ་ལས་འོད་ཟེར་རབ་འཕྲོས་པས༔  འབྱུང་བ་རིམ་བརྩེགས་རི་རབ་སྟེང་༔  བསྲུང་བའི་འཁོར་ལོ་རིམ་བརྒྱད་ནང་༔    བྷཱུྃ་ལས་རིན་ཆེན་སྣ་ཚོགས་ཀྱིས༔  གཞལ་ཡས་མཚན་ཉིད་རབ་རྫོགས་དབུས༔  པདྨ་ཉི་ཟླའི་གདན་སྟེང་དུ༔  རང་རིག་ཧཱུྃ་ལས་འོད་འཕྲོས་པས༔  རྒྱལ་བ་མཆོད་ཅིང་འགྲོ་བ་འདུལ༔  ཚུར་འདུས་ཡོངས་སུ་གྱུར་པ་ལས༔  རང་ཉིད་རིག་འཛིན་པདྨ་འབྱུང་༔  དཀར་དམར་མདངས་ལྡན་ཞི་མ་ཁྲོ༔  ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔  གསེར་གྱི་རྡོ་རྗེ་ས་ལ་གཟིར༔  གཡོན་པས་མཉམ་གཞག་  (2ན)ཐོད་བུམ་བསྣམས༔  རྒྱལཔོ་རོལ་པའི་སྟབས་སུ་བཞུགས༔    པད་ཞྭ་ཕོད་ཀ་བེར་མཐིང་ནག༔    ཐང་ཤམ་ཆོས་གོས་སག་ལྷམ་གསོལ༔    ཁ་ཊྭཱཾ་རྩེ་གསུམ་མཆན་དུ་བསྟེན༔    རིན་ཆེན་སྙན་ཆ་མཛེས་པས་བརྒྱན༔    ཡེ་ཤེས་འཇའ་འོད་འཁྱིལ་བའི་ཀློང་༔    སྣང་སྲིད་ཟིལ་གྱིས་གནོན་པར་བསྐྱེད༔    ཕྱི་རིམ་པདྨའི་འདབ་སྟེང་དུ༔    གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད༔    རྗེ་འབངས་ཉེར་ལྔ་ལ་སོགས་པའི༔    དཔའ་བོ་དང་ནི་རྣལ་འབྱོར་མ༔    རིག་འཛིན་བླ་མ་རྒྱ་མཚོའི་ཚོགས༔    ཏིལ་གོང་ཁ་ཕྱེ་བཞིན་དུ་གསལ༔    གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔    འོད་འཕྲོས་འོག་མིན་ཆོས་དབྱིངས་དང་༔    པདྨ་འོད་ཀྱི་ཞིང་ཁམས་ནས༔    ཡེ་ཤེས་པ་རྣམས་སྤྱན་དྲངས་བསྟིམས༔  (ཞེས་ལྷ་སྐུ་ཕྱག་རྒྱའི་རྣལ་འབྱོར་གསལ་གདབ༔    སྤྲོས་པ་བསྡུ་ན་དམ་ཡེ་དབྱེར་མེད་དུ་མོས་པས་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ།  སྤྲོ་ན་སྤྱན་འདྲེན་སོགས་ལས་རིམ་མདོར་བསྡུས་ནི།) ཧཱུྃ་ཧྲཱི༔    སྔོན་གྱི་བསྐལ་པའི་དང་པོ་ལ༔    ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔    དྷ་ན་ཀོ་ཤའི་མཚོ་གླིང་དུ༔    པདྨ་གེ་སར་སྡོང་པོ་ལ༔    ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔    པདྨ་འབྱུང་གནས་ཞེས་སུ་གྲགས༔    འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔    ཁྱེད་ཀྱི་རྗེས་སུ་བདག་    (2བ)སྒྲུབ་ཀྱི༔    བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔    གནས་མཆོད་འདི་རུ་བྱིན་ཕོབ་ལ༔    སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔    བགེགས་དང་ལོག་འདྲེན་བར་ཆད་སོལ༔    མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔    ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཱི་དྱ་དྷ་ར་སརྦ་བཛྲ་ས་མ་ཡ་ཛ་ཛ༔    ཛཿ་ཧཱུྃ་བཾ་ཧོ༔    བཛྲ་ས་མ་ཡ་ཏིཥྛ་ལྷན༔    ཨཏི་པཱུ་ཧོ༔    པྲ་ཏཱིཙྪ་ཧོཿ  ཨོཾ་བཛྲ་ཨརྒྷཾ་(སོགས།) ཤཔྟ་རཱུ་པ་(སོགས།) སྤཪྴེ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ན་དྷ་རྨདྷཱ་ཏུ་པཱུ་ཛ་ཧོཿཧཱུྃ་ཧྲཱི་མ་ཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔    བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔    པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔    སྐུ་གསུམ་ལྷུན་གྲུབ་མཆོག་ལ་ཕྱག་འཚལ་བསྟོད༔  (ཅེས་སྤྱན་འདྲེན་མཆོད་བསྟོད་བྱ།  གང་ལྟར་ཡང་གསལ་བརྟན་དག་གསུམ་ལ་བསླབ་ཅིང་ང་རྒྱལ་བཟུང་།  དེས་སྐྱོན་བཟླས་པའི་རྣལ་འབྱོར་ནི།) ཐུགས་ཀར་ཉི་མའི་གདན་སྟེང་དུ༔    གསེར་གྱི་རྡོ་རྗེ་རྩེ་ལྔ་པ༔    ལྟེ་བར་ཉི་ཟླའི་གྭའུའི་ནང་༔    དྭངས་མ་ལྔ་ཡི་འོད་ཐིག་སྦུབས༔    ཐུགས་སྲོག་ཧཱུྃ་ཡིག་དཀར་དམར་ལ༔    རྩ་བའི་སྔགས་ཀྱིས་བསྐོར་བར་བསྒོམ༔    འོད་དང་འོད་ཟེར་འཕྲོ་འདུ་ལས༔    རྒྱལ་བ་མཆོད་ཅིང་འགྲོ་དོན་བསྒྲུབ༔    སྒོ་གསུམ་རྡོ་རྗེ་གསུམ་གྱི་ངང་༔    གྲོལ་ཐོབ་རྫོགས་པའི་སངས་རྒྱས་སོ༔  (3ན)(ཞེས་བཟླས་དམིགས་གསལ་བཏབ་ལ།) ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།  (ཞེས་རྩ་བསྙེན་དང་།) ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ(ཞེས་སྒྲུབ་སྔགས་ཅི་ནུས་སུ་བཟླ༔    ལས་སྦྱོར་ནི༔    སྤྲོ་བསྡུའི་དམིགས་གནད་དང་བཅས།  སྒྲུབ་སྔགས་ཤམ་དུ།) ཤིནྟིཾ་པུཥྟིཾ་ཝཱ་ཤཾ་ར་ཡ་ཕཊ༔  (ཞེས་བསྙེན་པའི་ཕྱེད་ཆ་ཙམ་དུ་བཟླའོ།  །གསུམ་པ་ནི་ཐུན་ལས་ལྡང་བར་བརྩམ་པ་ན་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་བཟླས་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ནུས་པ་བརྟན་པར་བྱས་ལ།) ཧཱུྃ༔    རྟེན་དང་རྟེན་པའི་དཀྱིལ་འཁོར་ལྷ༔    མ་ལུས་རང་གི་སྐུ་ལ་ཐིམ༔    རང་ཉིད་ཐུགས་སྲོག་ཧཱུྃ་ལ་བསྡུ༔    ཧཱུྃ་ཡིག་ཐིག་ལེ་ན་དཱ་ལ༔    དེ་ཡང་ཆོས་ཀྱི་དབྱིངས་སུ་ཐིམ༔    ཨ་ཨ་ཨ༔  (ཞེས་ལྷར་སྣང་དབྱིངས་སུ་བསྡུ།) ཧཱུྃ༔    མཁའ་ལས་འཇའ་ཚོན་ཤར་བ་ལྟར༔    རང་ཉིད་རིག་འཛིན་པདྨ་འབྱུང་༔    སྣང་སྲིད་དབང་སྡུད་སྐུར་གསལ་ལ༔    མི་ཤིགས་རྡོ་རྗེའི་གོ་ཆ་བགོ༔    ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔    བཛྲ་རཀྵ་རཀྵ་ཧཱུྃ༔  (ཞེས་ཟུང་འཇུག་གི་སྐུར་ལྡང་ཞིང་༔  ) ཧཱུྃ༔    བདག་གི་དུས་གསུམ་དགེ་རྩ་ཀུན༔    ཟག་མེད་བདེ་བ་ཆེན་པོར་བསྔོ༔    འཁོར་འདས་དག་མཉམ་རོལ་པ་རུ༔    བྱང་ཆུབ་ཆེན་པོར་སངས་རྒྱས་ཤོག༔  (ཅེས་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ༔    ཅེས་པའང་བྱང་ཆུབ་བསྟན་  (3བ)འཛིན་དང་ཕྲིན་ལས་སྒྲུབ་བརྒྱུད་ཟུང་གིས་བསྐུལ་བ་ལྟར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྟན་ཐོག་གཅིག་ཏུ་ཤར་མར་སྤེལ་བ་དགེ་ལེགས་མཆོག་གི་རྒྱུར་གྱུར་ཅིག།  སརྦ་དཱ་ཀལྱཎཾ་བྷ་ཝནྟུ།)}}
</onlyinclude>
{{TsagliCall}}
<headertabs/>

Revision as of 05:18, 1 June 2024

Wylie title DJYD-KABUM-09-TA-019.pdf
Location bdud 'joms rin po che bka' 'bum
Volume 9, Text 19, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(བླ་མ་རིག་འཛིན་འདུས་པའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས་སོ། །)ན་མོ་གུ་རུ་པདྨ་ཀ་ར་ཡེ། (བླ་མ་རིག་འཛིན་འདུས་པའི་རྒྱུན་གྱི་རྣལ་འབྱོར་ཉམས་སུ་ལེན་པའི་ཚུལ་ལ། །སྔོན་འགྲོ། དངོས་གཞི། རྗེས་སོ། དང་པོ་ནི།) རང་གི་སྙིག་གའི་འོད་ཟེར་གྱིས་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ(ས་སད་པར་མོས་ལ།) ན་མོཿ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ ཆེ་བའི་ཡོན་ཏན་ཀུན་རྫོགས་པའི༔ བཀའ་དྲིན་ཅན་གྱི་བླ་མ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ (ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་།) ཧོ༔ མར་གྱུར་འགྲོ་བ་སེམས་ཅན་རྣམས༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཕྱིར༔ རིག་འཛིན་བླ་མའི་གོ་འཕང་བསྒྲུབ༔ ཡང་གསང་དགོངས་པའི་དོན་རྟོགས་ཤོག༔ (ཞེས་ལན་གསུམ་གྱིས་སེམས་བསྐྱེད། སྤྲོ་ན།) ན་མོ༔ སྐུ་དང་ཡེ་ཤེས་བདག་ཉིད་ལ༔ རབ་ཏུ་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་མཆོད་པ་འབུལ༔ ཚེ་རབས་བསགས་པའི་སྡིག་ལྟུང་བཤགས༔ རྣམ་དཀར་དགེ་ལ་རྗེས་ཡི་རང་༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དགེ་རྩ་འགྲོ་བ་ཡོངས་ལ་བསྔོ༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོ་ས། ཚོགས་ཞིང་རྣམས་རང་ལ་(1བ)ཐིམ་པར་(བསམ། གཉིས་པ་ནི།) ཨ༔ མ་བཅོས་རང་བྱུང་ཆོས་ཀྱི་སྐུ༔ སྐྱེ་འགགས་འགྱུར་མེད་སྤྲོས་མཐའ་བྲལ༔ རྣམ་ཐར་གསུམ་ལྡན་ངོ་བོ་ཉིད༔ ངང་གནས་ཆེན་པོ་དེ་བཞིན་ཉིད༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཧྲཱི༔ ལྷུན་གྲུབ་འགགས་མེད་བདེ་ཆེན་རྫོགས༔ སྣང་སྲིད་རང་ཤར་རྫོིགས་པ་ལས༔ ཡེ་ཤེས་ཆེན་པོ་ཁྱབ་བརྡལ་གྱིས༔ མ་བསྒོམ་རང་གྲོིལ་སྙིང་རྗེས་བརྡལ༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཧྲིཿད་ཡ་ཨཱཿཧཱུྃ༔ ཧཱུྃ༔ རང་བྱུང་ཡེ་ཤེས་སྙིང་པོའི་རྩལ༔ ཐུགས་རྗེའི་རང་གདངས་ཡི་གེ་ཧཱུྃ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི༔ རྒྱུ་རུ་རང་བྱུང་རང་ཤར་བསྒོམ༔ ཧཱུྃ་བཛྲ་ཙིཏྟ་ཨ༔ ཧཱུྃ་ལས་འོད་ཟེར་རབ་འཕྲོས་པས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང་༔ བསྲུང་བའི་འཁོར་ལོ་རིམ་བརྒྱད་ནང་༔ བྷཱུྃ་ལས་རིན་ཆེན་སྣ་ཚོགས་ཀྱིས༔ གཞལ་ཡས་མཚན་ཉིད་རབ་རྫོགས་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་ཧཱུྃ་ལས་འོད་འཕྲོས་པས༔ རྒྱལ་བ་མཆོད་ཅིང་འགྲོ་བ་འདུལ༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རང་ཉིད་རིག་འཛིན་པདྨ་འབྱུང་༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ གསེར་གྱི་རྡོ་རྗེ་ས་ལ་གཟིར༔ གཡོན་པས་མཉམ་གཞག་ (2ན)ཐོད་བུམ་བསྣམས༔ རྒྱལཔོ་རོལ་པའི་སྟབས་སུ་བཞུགས༔ པད་ཞྭ་ཕོད་ཀ་བེར་མཐིང་ནག༔ ཐང་ཤམ་ཆོས་གོས་སག་ལྷམ་གསོལ༔ ཁ་ཊྭཱཾ་རྩེ་གསུམ་མཆན་དུ་བསྟེན༔ རིན་ཆེན་སྙན་ཆ་མཛེས་པས་བརྒྱན༔ ཡེ་ཤེས་འཇའ་འོད་འཁྱིལ་བའི་ཀློང་༔ སྣང་སྲིད་ཟིལ་གྱིས་གནོན་པར་བསྐྱེད༔ ཕྱི་རིམ་པདྨའི་འདབ་སྟེང་དུ༔ གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད༔ རྗེ་འབངས་ཉེར་ལྔ་ལ་སོགས་པའི༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ རིག་འཛིན་བླ་མ་རྒྱ་མཚོའི་ཚོགས༔ ཏིལ་གོང་ཁ་ཕྱེ་བཞིན་དུ་གསལ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་འོག་མིན་ཆོས་དབྱིངས་དང་༔ པདྨ་འོད་ཀྱི་ཞིང་ཁམས་ནས༔ ཡེ་ཤེས་པ་རྣམས་སྤྱན་དྲངས་བསྟིམས༔ (ཞེས་ལྷ་སྐུ་ཕྱག་རྒྱའི་རྣལ་འབྱོར་གསལ་གདབ༔ སྤྲོས་པ་བསྡུ་ན་དམ་ཡེ་དབྱེར་མེད་དུ་མོས་པས་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ། སྤྲོ་ན་སྤྱན་འདྲེན་སོགས་ལས་རིམ་མདོར་བསྡུས་ནི།) ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་ (2བ)སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོད་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཱི་དྱ་དྷ་ར་སརྦ་བཛྲ་ས་མ་ཡ་ཛ་ཛ༔ ཛཿ་ཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཨཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོཿ ཨོཾ་བཛྲ་ཨརྒྷཾ་(སོགས།) ཤཔྟ་རཱུ་པ་(སོགས།) སྤཪྴེ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ན་དྷ་རྨདྷཱ་ཏུ་པཱུ་ཛ་ཧོཿཧཱུྃ་ཧྲཱི་མ་ཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་མཆོག་ལ་ཕྱག་འཚལ་བསྟོད༔ (ཅེས་སྤྱན་འདྲེན་མཆོད་བསྟོད་བྱ། གང་ལྟར་ཡང་གསལ་བརྟན་དག་གསུམ་ལ་བསླབ་ཅིང་ང་རྒྱལ་བཟུང་། དེས་སྐྱོན་བཟླས་པའི་རྣལ་འབྱོར་ནི།) ཐུགས་ཀར་ཉི་མའི་གདན་སྟེང་དུ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བར་ཉི་ཟླའི་གྭའུའི་ནང་༔ དྭངས་མ་ལྔ་ཡི་འོད་ཐིག་སྦུབས༔ ཐུགས་སྲོག་ཧཱུྃ་ཡིག་དཀར་དམར་ལ༔ རྩ་བའི་སྔགས་ཀྱིས་བསྐོར་བར་བསྒོམ༔ འོད་དང་འོད་ཟེར་འཕྲོ་འདུ་ལས༔ རྒྱལ་བ་མཆོད་ཅིང་འགྲོ་དོན་བསྒྲུབ༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་ངང་༔ གྲོལ་ཐོབ་རྫོགས་པའི་སངས་རྒྱས་སོ༔ (3ན)(ཞེས་བཟླས་དམིགས་གསལ་བཏབ་ལ།) ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། (ཞེས་རྩ་བསྙེན་དང་།) ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ(ཞེས་སྒྲུབ་སྔགས་ཅི་ནུས་སུ་བཟླ༔ ལས་སྦྱོར་ནི༔ སྤྲོ་བསྡུའི་དམིགས་གནད་དང་བཅས། སྒྲུབ་སྔགས་ཤམ་དུ།) ཤིནྟིཾ་པུཥྟིཾ་ཝཱ་ཤཾ་ར་ཡ་ཕཊ༔ (ཞེས་བསྙེན་པའི་ཕྱེད་ཆ་ཙམ་དུ་བཟླའོ། །གསུམ་པ་ནི་ཐུན་ལས་ལྡང་བར་བརྩམ་པ་ན་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་བཟླས་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ནུས་པ་བརྟན་པར་བྱས་ལ།) ཧཱུྃ༔ རྟེན་དང་རྟེན་པའི་དཀྱིལ་འཁོར་ལྷ༔ མ་ལུས་རང་གི་སྐུ་ལ་ཐིམ༔ རང་ཉིད་ཐུགས་སྲོག་ཧཱུྃ་ལ་བསྡུ༔ ཧཱུྃ་ཡིག་ཐིག་ལེ་ན་དཱ་ལ༔ དེ་ཡང་ཆོས་ཀྱི་དབྱིངས་སུ་ཐིམ༔ ཨ་ཨ་ཨ༔ (ཞེས་ལྷར་སྣང་དབྱིངས་སུ་བསྡུ།) ཧཱུྃ༔ མཁའ་ལས་འཇའ་ཚོན་ཤར་བ་ལྟར༔ རང་ཉིད་རིག་འཛིན་པདྨ་འབྱུང་༔ སྣང་སྲིད་དབང་སྡུད་སྐུར་གསལ་ལ༔ མི་ཤིགས་རྡོ་རྗེའི་གོ་ཆ་བགོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བཛྲ་རཀྵ་རཀྵ་ཧཱུྃ༔ (ཞེས་ཟུང་འཇུག་གི་སྐུར་ལྡང་ཞིང་༔ ) ཧཱུྃ༔ བདག་གི་དུས་གསུམ་དགེ་རྩ་ཀུན༔ ཟག་མེད་བདེ་བ་ཆེན་པོར་བསྔོ༔ འཁོར་འདས་དག་མཉམ་རོལ་པ་རུ༔ བྱང་ཆུབ་ཆེན་པོར་སངས་རྒྱས་ཤོག༔ (ཅེས་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ༔ ཅེས་པའང་བྱང་ཆུབ་བསྟན་ (3བ)འཛིན་དང་ཕྲིན་ལས་སྒྲུབ་བརྒྱུད་ཟུང་གིས་བསྐུལ་བ་ལྟར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྟན་ཐོག་གཅིག་ཏུ་ཤར་མར་སྤེལ་བ་དགེ་ལེགས་མཆོག་གི་རྒྱུར་གྱུར་ཅིག། སརྦ་དཱ་ཀལྱཎཾ་བྷ་ཝནྟུ།)