DJYD-KABUM-22-ZA-004: Difference between revisions
From Dudjom Wiki
DJYD-KABUM-22-ZA-004
No edit summary |
No edit summary |
||
| Line 37: | Line 37: | ||
༄༅། །ཨོཾ་སྭསྟི། རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་གཅིག་བསྡུས་སྐུ། །ཐོད་ཕྲེང་རྩལ་འཆང་རྩ་གསུམ་འཁོར་ལོའི་སྤྲིན། །མཆོག་ཏུ་དགྱེས་བསྐྱེད་སྙན་འགྱུར་དབྱངས་རོལ་སྒྲ། །ངོ་མཚར་རི་མོའི་གཟུགས་སུ་འཕོས་འདིའོ། །དེ་ཡང་ཇི་སྐད་དུ། སློབ་དཔོན་ཆེན་པོས། གསང་སྔགས་རོལ་མོས་བསྐུལ་ན་བྱིན་རླབས་ཆེ། །ཤར་སྒྲོགས་མ་ཡིན་གདངས་སྙན་དབྱངས་སུ་གྱེར། །ཞེས་གསུངས་པས། རོལ་མོའི་བྱེ་བྲག་དུ་མའི་སྒྲ་དང་སྦྱར་ཏེ་སྙན་བརྗོད་གདངས་ཀྱི་ཉམས་འགྱུར་ཡོངས་སུ་རྫོགས་པའི་མགྲིན་དབྱངས་ལྷའི་རྔ་བོ་ཆེ་བརྡུང་བ་ལ་བརྩོན་པས། (2ན)འཁོར་ལོའི་ལྷ་རྣམས་མཉེས་ཤིང་གསང་སྔགས་སྒྲུབ་པའི་འབྲས་བུ་མྱུར་དུ་སྨིན་པ་སོགས་དགོས་པ་ཁྱད་པར་ཅན་དུ་གྲུབ་པས་ན་སྐལ་བཟང་བློ་གསལ་རིག་པ་འཛིན་པ་རྣམས་ཀྱིས་ཚུལ་འདི་ལ་ཆེ་ཐང་དུ་འབད་པར་རིགས་པ་ཡིན་ནོ། །དེ་ལ་སྤྱིར་རོལ་མོའི་སྒྲ་དང་ངག་གི་གདངས་དབྱངས་གང་ཡང་ལྷོད་ཆགས་ཤིང་སྙན་ལ་བརྗིད་པ་དང་། བྱེ་བྲག་སོ་སོའི་སྐབས་སུ་བབས་པ་བཞིན་རོལ་མོའི་དལ་བྲེལ་དང་ཆེ་ཆུང་། སྐད་གདངས་འགྱུར་ཁུག་གི་མཐོ་དམན་དང་རིང་ཐུང་རྣམས་འཚམས་ཤིང་རན་པ། ནང་གསེས་ཀྱི་དབྱེ་བ་མ་འཁྲུག་ཅིང་ཡན་(2བ)ལག་མ་ཉམས་པ་སྟེ། སློབ་དཔོན་མཁས་པའི་ཞལ་ཁྲིད་ལ་ཡིད་གཞུང་པར་འདྲིས་པའི་སྒོ་ནས་བློ་ལ་ཤིན་ཏུ་བྱང་བར་བྱ་བ་གཅེས་སོ། །དེའང་རྔ་ཆིངས་རྣམས་ལ་ངེས་གནས་ཀྱི་གོར་ཐིག །རྩེ་ཕྲན་རྣམས་ལ་ཟླ་ཚེས་ཐིག་གོར། སྦུག་ཚག་ལ་རྒྱ་གྲམ་རིས། འཆོལ་རྒྱག་རྣམས་ལ་རྒྱ་གྲམ་ཀླད་ཀོར་ཅན། ལེན་མཚམས་རྣམས་ལ་དམིགས་བསལ་གྱི་མཆན་བུ་བཏབ་པ་བཞིན་མ་འཆོལ་བར་ཤེས་པར་བྱའོ། ། | |||
༈ །(བཀའ་བསྒོའི་དབྱངས་ཁྲག་འཐུང་འབར་བའི་ངར་གདངས། བཀའ་བརྒྱད་དང་གཅིག །རོལ་མོ་སུམ་པ་བརྡུང་མཚམས་ཅན་འཇོག་མེད་ཀྱི།)ཧཱུྃ་ང་བླ་མ་རྣམས་ཀྱི་ཡ་ཧ་བྱིན་ན་རླབས་བ་ཡ་ཧ་བ་བེ་དང་༔ ང་(3ན)ཡི་དམ་ལྷ་བ་ཡི་ཏིང་འཛིན་བེ་ཡ་དང་༔ ང་བེ་ཐང་ཡ་ཡ་(བྱས་ཞེས་སུམ་བརྡུང་འཇོག་མེད་ཀྱིས།)མཁའ་འགྲོ་རྣམས་ནས་ལྷུག། | ༈ །(བཀའ་བསྒོའི་དབྱངས་ཁྲག་འཐུང་འབར་བའི་ངར་གདངས། བཀའ་བརྒྱད་དང་གཅིག །རོལ་མོ་སུམ་པ་བརྡུང་མཚམས་ཅན་འཇོག་མེད་ཀྱི།)ཧཱུྃ་ང་བླ་མ་རྣམས་ཀྱི་ཡ་ཧ་བྱིན་ན་རླབས་བ་ཡ་ཧ་བ་བེ་དང་༔ ང་(3ན)ཡི་དམ་ལྷ་བ་ཡི་ཏིང་འཛིན་བེ་ཡ་དང་༔ ང་བེ་ཐང་ཡ་ཡ་(བྱས་ཞེས་སུམ་བརྡུང་འཇོག་མེད་ཀྱིས།)མཁའ་འགྲོ་རྣམས་ནས་ལྷུག། | ||
༈ །(མཚམས་གཅོད་ཀྱི་དབྱངས་དཔའ་བོ་རྔམས་པའི་གད་རྒྱང་། ཤིན་ཏུ་དལ་བ།)ཧཱུྃ༔ ང་ཐང་ཟད་ང༷་ནི༷་ཡེ༷་ཡེ༷་ནས༷་སེ༷་(3བ)བ༷་ཡེ་བ༷་ཡེ་ང༷ང་ང༷་གིས༷་འེས༷་ཁྲོ༷༔ འོ༷་བ༷་ཡེ་བ༷་ཡེ་(སོགས།) ནམ༷་མ༷་མཁ༷འ་བ༷་ག༷ང་༔ ང༷་བ་ཡེ་བ་ཡེ་(མཚམས་རོལ་བཅས་དེས་འགྲེ།) | ༈ །(མཚམས་གཅོད་ཀྱི་དབྱངས་དཔའ་བོ་རྔམས་པའི་གད་རྒྱང་། ཤིན་ཏུ་དལ་བ།)ཧཱུྃ༔ ང་ཐང་ཟད་ང༷་ནི༷་ཡེ༷་ཡེ༷་ནས༷་སེ༷་(3བ)བ༷་ཡེ་བ༷་ཡེ་ང༷ང་ང༷་གིས༷་འེས༷་ཁྲོ༷༔ འོ༷་བ༷་ཡེ་བ༷་ཡེ་(སོགས།) ནམ༷་མ༷་མཁ༷འ་བ༷་ག༷ང་༔ ང༷་བ་ཡེ་བ་ཡེ་(མཚམས་རོལ་བཅས་དེས་འགྲེ།) | ||
Revision as of 09:02, 24 July 2024
| Wylie title | bla ma'i thugs sgrub gter kha bdun 'dus kyi cho ga'i dbyangs rol drwa mig rdo rje sgra ma'i 'khrul 'khor | |
|---|---|---|
| Location | bdud 'joms rin po che bka' 'bum Volume 22, Text 4, Pages 57-92 (Folios 1a1 to 18b2) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bla ma'i thugs sgrub gter kha bdun 'dus kyi cho ga'i dbyangs rol drwa mig rdo rje sgra ma'i 'khrul 'khor. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 57-92. Kalimpong: Dupjung Lama, 1979-1985. | |
| Side notes | Recto: dbyangs yig Verso: bla sgrub gter kha bdun 'dus | |
| More details More details | ||
| Tertön | (Dudjom Rinpoche) | |
| Genre | Notes - zin bris | |
| Cycle | ཐུགས་སྒྲུབ་གཏེར་ཁ་བདུན་འདུས་ (thugs sgrub gter kha bdun 'dus) | |