DJYD-KABUM-19-DZA-011: Difference between revisions
From Dudjom Wiki
DJYD-KABUM-19-DZA-011
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
(243ན)ཨོཾ་སྭསྟི། གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུའི་སྐྱེ་བ་བཅུ་བདུན་པ་མངའ་བདག་ཉང་རལ་པ་ཅན་ཉི་མ་འོད་ཟེར་གྱིས་ལྷོ་བྲག་མཁོ་མཐིང་ལྷ་ཁང་གི་རྣམ་སྣང་སྐུ་རྒྱབ་གཏེར་སྒྲོམ་དབུས་མ་ནས་སྤྱན་དྲངས་པའི་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ལུང་ཡོངས་རྫོགས་ནོས་པ་ལ། ཐོག་མར་དབང་ནི། ཁྲོ་བོ་རྩ་བའི་དཀྱིལ་འཁོར་རས་བྲིས་ལ་བརྟེན་ནས་སྒྲུབ་ཆེན་གྱི་ལས་རིམ་རྒྱས་པས་ཁོག་ཕུབ་ཅིང་། ཞི་བ་དང་བཀའ་སྲུང་ཡང་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། རིམ་པ་དབང་གི་ཆོ་གའི་སྟེང་ནས་ཞི་བ་རིགས་བརྒྱའི་དབང་། མདོ་བྱང་ཆེན་མོའི་ཏི་ཀ་དང་། བསྐྱེད་རྫོགས་ཆེན་མོའི་དབང་ཆོག་གི་སྟེང་ནས་ཁྲོ་བོའི་དབང་། སྔགས་སྒྲུབ་ནར་མའི་དབང་ཆོག ། པདྨ་ཤེལ་ཕུག་མའི་སྟེང་ནས་རྣལ་འབྱོར་རྒྱུན་དབང་། དྲེགས་པའི་མཐུ་དབང་ཆེན་མོ། ཞི་བའི་ཚེ་ལུང་བདུན་དང་། ཁྲོ་བོའི་ཚེ་ལུང་གཉིས་ཀྱི་སྒོ་ནས་བཀྲ་ཤིས་ཚེའི་དབང་། ཡོངས་རྫོགས་མཐའ་རྟེན་སྒྲུབ་རྫས་ཀྱི་དབང་བཅས་སྨིན་(243བ)རྒྱས་སུ་ནོས། རྒྱབ་བརྟེན་ལུང་ལ། ཐེམས་ཅན་དང་ཐེམས་མེད་གཉིས། དང་པོ་བཻ་རོས་མཛད་པའི་ལོ་རྒྱུས་ཐེམས་བྱང་གསལ་སྒྲོན་གཞིར་བཞག་པའི་ཆོས་སྡེའི་རྣམ་གྲངས་ལ། རྒྱུད་ལུང་མན་ངག་གསུམ། དང་པོ་རྒྱུད་ཀྱི་སྐོར་ལ། སྤྱི་རྒྱུད་དང་། སྒོས་རྒྱུད་གཉིས། དང་པོ་སྒྲུབ་སྡེ་ཀུན་གྱི་རྩ་བ་སྤྱི་རྒྱུད་ཆེན་མོ་ལྔ་ལ། བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་བཅོ་བརྒྱད་པ། བདེ་བར་གཤེགས་པ་འདུས་པ་ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལེའུ་བཅུ་གཅིག་པ། བདེ་བར་གཤེགས་པ་འདུས་པ་ཕྱི་མའི་སྔགས་ཀྱི་རྒྱུད་ལེའུ་ཉི་ཤུ་པ། བདེ་བར་གཤེགས་པ་འདུས་པ་མ་ཚང་བ་ཁ་སྐོང་བའི་རྒྱུད་ལེའུ་གཅིག་པ་ཞུ་ལན་མང་པོ་ཅན། བདེ་བར་གཤེགས་པ་འདུས་པ་འབྱེད་པར་བྱེད་པ་ལྡེ་མིག་གི་རྒྱུད་ཞི་ཁྲོའི་སྐབས་གཉིས་པོ་བསྡོམས་པས་ལེའུ་བཅུ་བདུན་པ་རྣམས་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་དང་བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནའི་འགྱུར། གཉིས་པ་སྒོས་རྒྱུད་བཅུ་ལ། ཞི་བ་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་(244ན)གཉིས་པ། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལེའུ་དགུ ། ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་གསུམ། གཤིན་རྗེའི་འདུས་པ་ལེའུ་བདུན་པ། དབང་ཆེན་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་གསུམ། ཕུར་པ་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་གསུམ། མ་མོ་འདུས་པ་རྩ་བའི་རྒྱུད་ལེའུ་བདུན་པ། རིག་འཛིན་འདུས་པ་རྩ་བའི་རྒྱུད་ལེའུ་བཞི་པ། དྲེགས་པ་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་གཅིག་པ། དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་གཅིག་པ་སྟེ་སྒོས་རྒྱུད་བཅུ་ནི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་དང་བཻ་རོས་བསྒྱུར་བ། དང་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་ལུང་ལྔ་ལས་ལེགས་པར་དྲངས་པའ་བཤད་པའི་མ་ལུང་ཆེན་པོ་སྡེ་ལྔ་ལ། ཐུགས་རྗེ་དཔྱང་ཐག་གནས་ཀྱི་ལུང་། མཛད་པ་ཆོ་འཕྲུལ་ལྷའི་ལུང་། ཕྲིན་ལས་མཐར་ཕྱིན་སྒྲུབ་པའི་ལུང་། གསང་(244བ)སྔགས་ངེས་པ་དོན་གྱི་ལུང་། གསལ་བར་བྱེད་པ་སྒྲོན་མེའི་ལུང་རྣམས་ནི་སློབ་དཔོན་ཆེན་པོ་དང་པོ་བཻ་རོའི་འགྱུར། དེ་ལྔ་ནི་མདོ་རྒྱུད་ཀྱི་རྟོགས་པ་བསྡུས་པ་རྒྱུད་དོན་གོ་བར་བྱེད་པའི་ཆོས་སྡེ་ཡིན་པས་མ་བུའི་རིམ་པ་གཞན་མེད་དོ། ། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms rin po che bka' 'bum | |||
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། | |||
|totalvolumes=25 | |||
|author=Dudjom Rinpoche | |||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=19 | |||
|volumeLetter=DZA | |||
|textnuminvol=011 | |||
|pdflink=File:DJYD-KABUM-19-DZA-011.pdf | |||
|InitCategories=Dudjom Tersar Project; DJYD-KABUM-Volume-19-DZA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|(243ན)ཨོཾ་སྭསྟི། གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུའི་སྐྱེ་བ་བཅུ་བདུན་པ་མངའ་བདག་ཉང་རལ་པ་ཅན་ཉི་མ་འོད་ཟེར་གྱིས་ལྷོ་བྲག་མཁོ་མཐིང་ལྷ་ཁང་གི་རྣམ་སྣང་སྐུ་རྒྱབ་གཏེར་སྒྲོམ་དབུས་མ་ནས་སྤྱན་དྲངས་པའི་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ལུང་ཡོངས་རྫོགས་ནོས་པ་ལ། ཐོག་མར་དབང་ནི། ཁྲོ་བོ་རྩ་བའི་དཀྱིལ་འཁོར་རས་བྲིས་ལ་བརྟེན་ནས་སྒྲུབ་ཆེན་གྱི་ལས་རིམ་རྒྱས་པས་ཁོག་ཕུབ་ཅིང་། ཞི་བ་དང་བཀའ་སྲུང་ཡང་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། རིམ་པ་དབང་གི་ཆོ་གའི་སྟེང་ནས་ཞི་བ་རིགས་བརྒྱའི་དབང་། མདོ་བྱང་ཆེན་མོའི་ཏི་ཀ་དང་། བསྐྱེད་རྫོགས་ཆེན་མོའི་དབང་ཆོག་གི་སྟེང་ནས་ཁྲོ་བོའི་དབང་། སྔགས་སྒྲུབ་ནར་མའི་དབང་ཆོག ། པདྨ་ཤེལ་ཕུག་མའི་སྟེང་ནས་རྣལ་འབྱོར་རྒྱུན་དབང་། དྲེགས་པའི་མཐུ་དབང་ཆེན་མོ། ཞི་བའི་ཚེ་ལུང་བདུན་དང་། ཁྲོ་བོའི་ཚེ་ལུང་གཉིས་ཀྱི་སྒོ་ནས་བཀྲ་ཤིས་ཚེའི་དབང་། ཡོངས་རྫོགས་མཐའ་རྟེན་སྒྲུབ་རྫས་ཀྱི་དབང་བཅས་སྨིན་(243བ)རྒྱས་སུ་ནོས། རྒྱབ་བརྟེན་ལུང་ལ། ཐེམས་ཅན་དང་ཐེམས་མེད་གཉིས། དང་པོ་བཻ་རོས་མཛད་པའི་ལོ་རྒྱུས་ཐེམས་བྱང་གསལ་སྒྲོན་གཞིར་བཞག་པའི་ཆོས་སྡེའི་རྣམ་གྲངས་ལ། རྒྱུད་ལུང་མན་ངག་གསུམ། དང་པོ་རྒྱུད་ཀྱི་སྐོར་ལ། སྤྱི་རྒྱུད་དང་། སྒོས་རྒྱུད་གཉིས། དང་པོ་སྒྲུབ་སྡེ་ཀུན་གྱི་རྩ་བ་སྤྱི་རྒྱུད་ཆེན་མོ་ལྔ་ལ། བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་བཅོ་བརྒྱད་པ། བདེ་བར་གཤེགས་པ་འདུས་པ་ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལེའུ་བཅུ་གཅིག་པ། བདེ་བར་གཤེགས་པ་འདུས་པ་ཕྱི་མའི་སྔགས་ཀྱི་རྒྱུད་ལེའུ་ཉི་ཤུ་པ། བདེ་བར་གཤེགས་པ་འདུས་པ་མ་ཚང་བ་ཁ་སྐོང་བའི་རྒྱུད་ལེའུ་གཅིག་པ་ཞུ་ལན་མང་པོ་ཅན། བདེ་བར་གཤེགས་པ་འདུས་པ་འབྱེད་པར་བྱེད་པ་ལྡེ་མིག་གི་རྒྱུད་ཞི་ཁྲོའི་སྐབས་གཉིས་པོ་བསྡོམས་པས་ལེའུ་བཅུ་བདུན་པ་རྣམས་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་དང་བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནའི་འགྱུར། གཉིས་པ་སྒོས་རྒྱུད་བཅུ་ལ། ཞི་བ་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་(244ན)གཉིས་པ། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལེའུ་དགུ ། ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་གསུམ། གཤིན་རྗེའི་འདུས་པ་ལེའུ་བདུན་པ། དབང་ཆེན་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་གསུམ། ཕུར་པ་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་གསུམ། མ་མོ་འདུས་པ་རྩ་བའི་རྒྱུད་ལེའུ་བདུན་པ། རིག་འཛིན་འདུས་པ་རྩ་བའི་རྒྱུད་ལེའུ་བཞི་པ། དྲེགས་པ་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་གཅིག་པ། དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་གཅིག་པ་སྟེ་སྒོས་རྒྱུད་བཅུ་ནི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་དང་བཻ་རོས་བསྒྱུར་བ། དང་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་ལུང་ལྔ་ལས་ལེགས་པར་དྲངས་པའ་བཤད་པའི་མ་ལུང་ཆེན་པོ་སྡེ་ལྔ་ལ། ཐུགས་རྗེ་དཔྱང་ཐག་གནས་ཀྱི་ལུང་། མཛད་པ་ཆོ་འཕྲུལ་ལྷའི་ལུང་། ཕྲིན་ལས་མཐར་ཕྱིན་སྒྲུབ་པའི་ལུང་། གསང་(244བ)སྔགས་ངེས་པ་དོན་གྱི་ལུང་། གསལ་བར་བྱེད་པ་སྒྲོན་མེའི་ལུང་རྣམས་ནི་སློབ་དཔོན་ཆེན་པོ་དང་པོ་བཻ་རོའི་འགྱུར། དེ་ལྔ་ནི་མདོ་རྒྱུད་ཀྱི་རྟོགས་པ་བསྡུས་པ་རྒྱུད་དོན་གོ་བར་བྱེད་པའི་ཆོས་སྡེ་ཡིན་པས་མ་བུའི་རིམ་པ་གཞན་མེད་དོ། ། | |||
གཉིས་པ་རྒྱ་གར་གྱི་རིག་འཛིན་རྣམས་ཀྱི་འགྲེལ་པ་ལ། ཕྱི་བཤད་ཐབས་གསལ་བར་བྱེད་པའི་མན་ངག །ནང་སྒྲུབ་ཐབས་གསལ་བར་བྱེད་པའི་མན་ངག ། གསང་བ་བསྐྱེད་རྫོགས་སྲང་དུ་གཅུར་ཏེ་ཉམས་སུ་བླང་བའི་མན་ངག་དང་གསུམ། དང་པོ་ལ། སྤྱིའི་སྡོམས་ལྔ། རྒྱུད་ཀྱི་ཆིངས་ལྔ། ལུང་གི་སྡེབས་ལྔ། སྒྲུབ་ཐབས་ཀྱི་སྦྱོར་བ་ཆེན་པོ་ལྔ་དང་བཞི། | གཉིས་པ་རྒྱ་གར་གྱི་རིག་འཛིན་རྣམས་ཀྱི་འགྲེལ་པ་ལ། ཕྱི་བཤད་ཐབས་གསལ་བར་བྱེད་པའི་མན་ངག །ནང་སྒྲུབ་ཐབས་གསལ་བར་བྱེད་པའི་མན་ངག ། གསང་བ་བསྐྱེད་རྫོགས་སྲང་དུ་གཅུར་ཏེ་ཉམས་སུ་བླང་བའི་མན་ངག་དང་གསུམ། དང་པོ་ལ། སྤྱིའི་སྡོམས་ལྔ། རྒྱུད་ཀྱི་ཆིངས་ལྔ། ལུང་གི་སྡེབས་ལྔ། སྒྲུབ་ཐབས་ཀྱི་སྦྱོར་བ་ཆེན་པོ་ལྔ་དང་བཞི། | ||
དང་པོ་ལ། གསང་སྔགས་ལུང་གི་བང་མཛོད། གསང་སྔགས་བཀའི་ཐ་རམ། གསང་སྔགས་ལུང་གི་ལྡེ་མིག ། གསང་སྔགས་ལུང་གི་བཀའ་འགོ ། སྒྲུབ་པ་ལུང་གི་བཀའ་འགོ་དང་ལྔ། དང་པོ་ལ། བཀའ་དང་བསྟན་བཅོས་ཀྱི་བང་མཛོད། བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔས་བཤད་པའི་བང་མཛོད། ཐེག་པ་དགུའི་དགོས་བྱེད་གསུངས་པའི་བང་མཛོད། མུ་སྟེགས་(245ན)གྲུབ་མཐའ་སུན་འདོན་པའི་བང་མཛོད། ཉན་ཐོས་གྲུབམཐའ་བཤད་པའི་བང་མཛོད། རང་རྒྱལ་གྱི་ལྟ་བ་བཤད་པའི་བང་མཛོད། བྱང་ཆུབ་སེམས་དཔའི་ལྟ་སྤྱོད་བཤད་པའི་བང་མཛོད། ཀྲྀ་ཡའི་གྲུབ་མཐའ་བཤད་པའི་བང་མཛོད། ཨུ་པའི་གྲུབ་མཐའ་བཤད་པའི་བང་མཛོད། ཡོ་གའི་གྲུབ་མཐའ་བཤད་པའི་བང་མཛོད། རྣལ་འབྱོར་ཆེན་པོའི་གྲུབ་མཐའ་བཤད་པའི་བང་མཛོད། རྗེས་སུ་རྣལ་འབྱོར་གྱི་གྲུབ་མཐའ་བཤད་པའི་བང་མཛོད། རྫོགས་པ་ཆེན་པོའི་གྲུབ་མཐའ་བཤད་པའི་བང་མཛོད། ཐེག་པ་བཅུའི་འཇུག་སྒོ་སྤྱོད་པའི་ཕྲིན་ལས། བསྲུང་བའི་ཚུལ་ཁྲིམས། རྟོགས་པའི་ལྟ་བ། སྒོམ་པའི་ཐབས། མཐར་ཕྱིན་པའི་འབྲས་བུ་སྟེ་དྲུག་ཏུ་བསྟན་པ། གསང་སྔགས་ཐམས་ཅད་སྒྲུབ་པ་བཀའ་བརྒྱད་དུ་འདུས་པའི་ཚུལ་དེ་དག་ལ། མ་ཧཱ་ཡོ་ག ། ཨ་ནུ་ཡོ་ག ། ཨ་ཏི་ཡོ་གའི་བསྒྲུབ་ལུགས་བཤད་པ་དང་བཅུ་གཉིས་བསྟན་པ་ལ་ཆོས་སྡེ་གཅིག་རྣམས་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན་དང་། གནུབས་ནམ་(245བ) མཁའི་སྙིང་པོ་རྣམས་ཀྱིས་མཛད་པ། | དང་པོ་ལ། གསང་སྔགས་ལུང་གི་བང་མཛོད། གསང་སྔགས་བཀའི་ཐ་རམ། གསང་སྔགས་ལུང་གི་ལྡེ་མིག ། གསང་སྔགས་ལུང་གི་བཀའ་འགོ ། སྒྲུབ་པ་ལུང་གི་བཀའ་འགོ་དང་ལྔ། དང་པོ་ལ། བཀའ་དང་བསྟན་བཅོས་ཀྱི་བང་མཛོད། བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔས་བཤད་པའི་བང་མཛོད། ཐེག་པ་དགུའི་དགོས་བྱེད་གསུངས་པའི་བང་མཛོད། མུ་སྟེགས་(245ན)གྲུབ་མཐའ་སུན་འདོན་པའི་བང་མཛོད། ཉན་ཐོས་གྲུབམཐའ་བཤད་པའི་བང་མཛོད། རང་རྒྱལ་གྱི་ལྟ་བ་བཤད་པའི་བང་མཛོད། བྱང་ཆུབ་སེམས་དཔའི་ལྟ་སྤྱོད་བཤད་པའི་བང་མཛོད། ཀྲྀ་ཡའི་གྲུབ་མཐའ་བཤད་པའི་བང་མཛོད། ཨུ་པའི་གྲུབ་མཐའ་བཤད་པའི་བང་མཛོད། ཡོ་གའི་གྲུབ་མཐའ་བཤད་པའི་བང་མཛོད། རྣལ་འབྱོར་ཆེན་པོའི་གྲུབ་མཐའ་བཤད་པའི་བང་མཛོད། རྗེས་སུ་རྣལ་འབྱོར་གྱི་གྲུབ་མཐའ་བཤད་པའི་བང་མཛོད། རྫོགས་པ་ཆེན་པོའི་གྲུབ་མཐའ་བཤད་པའི་བང་མཛོད། ཐེག་པ་བཅུའི་འཇུག་སྒོ་སྤྱོད་པའི་ཕྲིན་ལས། བསྲུང་བའི་ཚུལ་ཁྲིམས། རྟོགས་པའི་ལྟ་བ། སྒོམ་པའི་ཐབས། མཐར་ཕྱིན་པའི་འབྲས་བུ་སྟེ་དྲུག་ཏུ་བསྟན་པ། གསང་སྔགས་ཐམས་ཅད་སྒྲུབ་པ་བཀའ་བརྒྱད་དུ་འདུས་པའི་ཚུལ་དེ་དག་ལ། མ་ཧཱ་ཡོ་ག ། ཨ་ནུ་ཡོ་ག ། ཨ་ཏི་ཡོ་གའི་བསྒྲུབ་ལུགས་བཤད་པ་དང་བཅུ་གཉིས་བསྟན་པ་ལ་ཆོས་སྡེ་གཅིག་རྣམས་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན་དང་། གནུབས་ནམ་(245བ) མཁའི་སྙིང་པོ་རྣམས་ཀྱིས་མཛད་པ། | ||
| Line 57: | Line 76: | ||
ཡང་རྩ་རྒྱུད་ཀྱི་རྣམ་བཤད་ཆེན་མོ་གཏེར་སྟོན་གྱིས་མཛད་པ་རྒྱུད་ཀྱི་ཁོག་དོན་དུ་གྲགས་པ་ཐོབ་པའི་བརྒྱུད་པ་ནི། མཁའ་ཀློང་ཡངས་པ་ཡན་གོང་ལྟར་ལས། དེ་ནས་ཀོང་པོ་དྲི་མེད་སངས་རྒྱས། སྤྲུལ་སྐུ་ཆོས་ཀྱི་དབང་པོ། སྲས་ཀུན་བཟང་ཆོས་རྒྱལ། སྤྲུལ་སྐུ་ཀརྨ་གུ་རུ། གྲུབ་ཆེན་ཀུན་བཟང་དཔལ་འབྱོར། རྗེ་པདྨ་དཀོན་(267བ)མཆོག ། རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་མཁའ་ཀློང་པའི་ཆོག་སྒྲིགས་ལས་བྱང་བདེ་ཆེན་གསལ་བའི་བརྒྱུད་པ་ནི། མཁའ་ཀློང་པ། ཀོང་པོ་སྐལ་ལྡན་རྒྱ་མཚོ། རྒྱ་མ་ལས་འཕྲོ་བ། རྗེ་རིན་ཆེན་ཕུན་ཚོགས། བཀྲ་ཤིས་རྒྱ་མཚོ། དུ་མ་རང་གྲོལ། ངག་དབང་ཡེ་ཤེས་གྲུབ། ཆོས་དབྱིངས་རང་གྲོལ། | ཡང་རྩ་རྒྱུད་ཀྱི་རྣམ་བཤད་ཆེན་མོ་གཏེར་སྟོན་གྱིས་མཛད་པ་རྒྱུད་ཀྱི་ཁོག་དོན་དུ་གྲགས་པ་ཐོབ་པའི་བརྒྱུད་པ་ནི། མཁའ་ཀློང་ཡངས་པ་ཡན་གོང་ལྟར་ལས། དེ་ནས་ཀོང་པོ་དྲི་མེད་སངས་རྒྱས། སྤྲུལ་སྐུ་ཆོས་ཀྱི་དབང་པོ། སྲས་ཀུན་བཟང་ཆོས་རྒྱལ། སྤྲུལ་སྐུ་ཀརྨ་གུ་རུ། གྲུབ་ཆེན་ཀུན་བཟང་དཔལ་འབྱོར། རྗེ་པདྨ་དཀོན་(267བ)མཆོག ། རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་མཁའ་ཀློང་པའི་ཆོག་སྒྲིགས་ལས་བྱང་བདེ་ཆེན་གསལ་བའི་བརྒྱུད་པ་ནི། མཁའ་ཀློང་པ། ཀོང་པོ་སྐལ་ལྡན་རྒྱ་མཚོ། རྒྱ་མ་ལས་འཕྲོ་བ། རྗེ་རིན་ཆེན་ཕུན་ཚོགས། བཀྲ་ཤིས་རྒྱ་མཚོ། དུ་མ་རང་གྲོལ། ངག་དབང་ཡེ་ཤེས་གྲུབ། ཆོས་དབྱིངས་རང་གྲོལ། | ||
ཡང་མདོ་བྱང་ཆེན་མོ་མ་གཏོགས་པའི་དབང་ཡོངས་རྫོགས་ཀྱི་བརྒྱུད་རིམ་གཅིག་ནི་རིན་ཆེན་གཏེར་མཛོད་ཀྱི་སྐབས་བཞིན་དང་། གཏེར་ཆེན་དང་ལོ་ཆེན་གྱི་གསུང་རྣམས་ཀྱི་བརྒྱུད་པའང་སྔ་མ་དག་དང་མཚུངས་སོ། ། | ཡང་མདོ་བྱང་ཆེན་མོ་མ་གཏོགས་པའི་དབང་ཡོངས་རྫོགས་ཀྱི་བརྒྱུད་རིམ་གཅིག་ནི་རིན་ཆེན་གཏེར་མཛོད་ཀྱི་སྐབས་བཞིན་དང་། གཏེར་ཆེན་དང་ལོ་ཆེན་གྱི་གསུང་རྣམས་ཀྱི་བརྒྱུད་པའང་སྔ་མ་དག་དང་མཚུངས་སོ། ། | ||
ཡང་ཆོས་སྡེ་འདི་དང་འབྲེལ་བ་ཕྱི་མའི་དུས་འདིར་ཟབ་མོ་ནང་རྒྱུད་སྡེ་གསུམ་གྱི་ཤིང་རྟ་གཅིག་པུར་གྲུབ་པ་མི་ཕམ་འཇམ་དབྱངས་རྣམ་པར་རྒྱལ་བའི་གསུང་སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྤྱི་དོན་རྣམ་བཤད་དངོས་གྲུབ་སྙིང་པོ་ཞེས་སྔ་ན་མེད་པའི་ལེགས་བཤད་ཁྱད་པར་ཅན་གྱི་བཤད་ལུང་ནོས་པའི་བརྒྱུད་པ་ནི། མཛད་པ་པོ་ནས། ཉེ་གནས་བླ་མ་(268ན)འོད་གསལ་རྡོ་རྗེ། འཁོར་ལོའི་མགོན་པོ་འཇམ་དཔལ་བདེ་བའི་ཉི་མ། དེའི་ཞལ་སྔ་ནས་བཀའ་དྲིན་དུ་ཐོབ། ཡང་ན། བླ་མ་འོད་གསལ་ནས། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། སྤྲུལ་སྐུ་འགྱུར་མེད་རྡོ་རྗེ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་སྐལ་པ་བཟང་པོའི་དཔྱིད་དུ་སྨིན་པར་མཛད་པ་ཡིན་ནོ། །། ། | ཡང་ཆོས་སྡེ་འདི་དང་འབྲེལ་བ་ཕྱི་མའི་དུས་འདིར་ཟབ་མོ་ནང་རྒྱུད་སྡེ་གསུམ་གྱི་ཤིང་རྟ་གཅིག་པུར་གྲུབ་པ་མི་ཕམ་འཇམ་དབྱངས་རྣམ་པར་རྒྱལ་བའི་གསུང་སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྤྱི་དོན་རྣམ་བཤད་དངོས་གྲུབ་སྙིང་པོ་ཞེས་སྔ་ན་མེད་པའི་ལེགས་བཤད་ཁྱད་པར་ཅན་གྱི་བཤད་ལུང་ནོས་པའི་བརྒྱུད་པ་ནི། མཛད་པ་པོ་ནས། ཉེ་གནས་བླ་མ་(268ན)འོད་གསལ་རྡོ་རྗེ། འཁོར་ལོའི་མགོན་པོ་འཇམ་དཔལ་བདེ་བའི་ཉི་མ། དེའི་ཞལ་སྔ་ནས་བཀའ་དྲིན་དུ་ཐོབ། ཡང་ན། བླ་མ་འོད་གསལ་ནས། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། སྤྲུལ་སྐུ་འགྱུར་མེད་རྡོ་རྗེ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་སྐལ་པ་བཟང་པོའི་དཔྱིད་དུ་སྨིན་པར་མཛད་པ་ཡིན་ནོ། །། །}} | ||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 05:35, 1 June 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 19, Text 11, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985. | |
| Side notes | ||
| More details More details | ||
| Genre | ||