DJYD-KABUM-20-WA-023: Difference between revisions
From Dudjom Wiki
DJYD-KABUM-20-WA-023
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
(229ན)ཨོཾ་སྭསྟི། འཇའ་ལུས་གྲུབ་པའི་དབང་ཕྱུག་པདྨ་བདུད་འདུལ་གྱི་ཟབ་གཏེར་མཁའ་ཁྱབ་རང་གྲོལ་གྱི་སྐོར་ཇི་ལྟར་ཐོབ་ཚུལ་ལ་དབང་ཁྲིད་ལུང་གསུམ་ལས། དང་པོ་སྨིན་བྱེད་དབང་བསྐུར་སྤྲོས་བྲལ་འཁོར་འདས་རང་གྲོལ་དང་། ལྷན་ཐབས་སྐལ་ལྡན་སྨིན་པའི་ཆུན་པོ་ལྟར། སྔོན་འགྲོ་སློབ་མ་ལྷག་གནས་ཀྱི་ཆོས་དང་། ཕྱི་ནང་གི་འཇུག་པ་སྔོན་དུ་འགྲོ་བས། དངོས་གཞི་ཐུན་མོང་རིག་པའི་དབང་ལྔ། ཐུན་མིན་སྤྲོས་བཅས་བུམ་དབང་དང་རྗེས་འབྲེལ་དུ་ལྷ་དབང་ཡོངས་རྫོགས། སྤྲོས་མེད་མཆོག་དབང་རྣམ་གསུམ། མཐའ་རྟེན་བཀྲ་ཤིས་པའི་རྫས་ཀྱིས་མདུན་བདར་བ་སྟེ་ཤིས་པར་བརྗོད་པས་མངའ་གསོལ་བཅས་ལེགས་པར་ཐོབ། གཉིས་པ་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཟབ་རྒྱས་སུ་བཞུགས་ཀྱང་དཔེ་མ་འབྱོར་བས་རྗེས་ནས་ཞུ་བའི་སྨོན་ལམ་ཞུས། གསུམ་པ་རྒྱབ་བརྟེན་ལུང་ལ། གཏེར་གཞུང་དང་། ཆོག་ཁྲིགས་གཉིས་ལས། དང་པོ་གཏེར་གཞུང་ལ། བྱིན་རླབས་སྔོན་འགྲོ་ལམ་ཁྱེར་རང་གྲོལ། ཚོམ་བུ་འབུམ་ཕྲག་མངོན་སངས་རྒྱས་པའི་ཟབ་ཁྲིད་སྔོན་འགྲོའི་ངག་འདོན་རྒྱུན་ཁྱེར་སྐད་ཅིག་(229བ)སངས་རྒྱས་མྱུར་ལམ་རང་གྲོལ། བསྐྱེད་རྫོགས་འཁོར་འདས་རྣམ་དག་རང་གྲོལ། ཟབ་ཁྲིད་སངས་རྒྱས་རང་གྲོལ། སྔོན་འགྲོའི་ངག་འདོན་རང་རིག་བླ་མ། བསྐྱེད་རྫོགས་འཁོར་འདས་ཀ་དག་རང་གྲོལ། བསྐྱེད་རྫོགས་འཁོར་འདས་བདེ་ཆེན་རང་གྲོལ། མདུན་བསྐྱེད་རབ་འབྱམས་ཡེ་ཤེས་རྒྱ་མཚོ། སྤྱན་འདྲེན་བྱིན་རླབས་ཉི་མ་འབུམ་འཆར། རང་སྣང་བརྒྱུད་གསུམ་བླ་མའི་གསོལ་འདེབས། སྣང་སྟོང་ཛཔྲ་ཀྱི་རིམ་པ་བདེ་ཆེན་རྒྱལ་པོ། ཡི་དམ་དུ་མའི་མཚམས་སྦྱོར་གཅིག་ཆོག་ཉི་ཟླའི་ཕྲེང་བ། མཚམས་སྦྱོར་བསྙེན་སྒྲུབ་རིམ་པ། དམ་ཚིག་ཉམས་ཆག་སྐོང་བཤགས་གསོ་ཐབས། རྣལ་འབྱོར་དམ་ཚིག་ཉམས་ཆག་སྐོང་བཤགས་གསོ་ཐབས་འགྲོ་ཀུན་ཚོགས་རྗོགས་འོད་སྐུར་རང་གྲོལ། ཕྱག་འཚལ་འགྲོ་སྒྲིབ་རང་གྲོལ། རྡོར་སེམས་སྒོམ་བཟླས་རྡོར་སེམས་མེ་ལོང་། གླང་ཆེན་རབ་འབོག་གི་རྒྱུད་ལས་བྱུང་བའི་ཉམས་ཆག་བཤགས་པའི་རྒྱུད་འཁོར་འདས་རང་དག་འོད་(230ན) གསལ་རང་གྲོལ། བདེ་གཤེགས་སྤྱི་བཤགས། ཐུགས་སྒྲུབ་ཡིད་བཞིན་ནོར་བུ། ཆོས་སྐྱོང་སྙིང་ཐིག་ལས་གསོལ་མཆོད་བསྡུས་པ་ཡང་ཐིག་གཅིག་དྲིལ། སྤྱན་འདྲེན་ཕྱག་འཚལ་མཆོད་བསྟོད་ཤོག་གཅིག །གཏེར་སྲུང་མཁའ་འགྲོ་སྡེ་ལྔའི་གསང་སྒྲུབ་གྲུབ་མཆོག་དཔལ་སྟེར། གཏེར་སྲུང་མཁའ་འགྲོ་སྡེ་ལྔ་མཆོད་ཐབས་ཡང་ཐིག་སྙིང་པོ། ཟབ་མོ་གསང་བ་དྲི་མེད་འོད་ཟེར་ལས་གཏེར་གནས་ཞིང་སྐྱོང་སེང་གདོང་དམར་མོའི་མཆོད་ཕྲེང་། ཆོས་སྐྱོང་དགོངས་འདུས་སྙིང་ཐིག་ལས་ཚོགས་བདག་མགོན་པོའི་བསྐུལ་བཟློག་དགྲ་བགེག་རང་གྲོལ་བདུད་འདུལ་རྫོགས་ཆེན་རྣལ་འབྱོར་ཧེ་རུ་ཀ ། བདུད་བཟློག་སྟོང་གསུམ་འདུལ་བྱེད་རང་གྲོལ། སྲི་བདུད་སྲི་གཤེད་བྱད་མ་འདུལ་ཆོག་ཕན་བདེ་རང་གྲོལ། ལྷ་ཚོགས་གནད་བསྐུལ་གཟུ་དཔང་བསྡུས་པ་ཤོག་གཅིག་མ། སྲི་བདུད་སྲི་གཤེད་འཁྲུལ་འདུལ་རང་གྲོལ། གནས་འདྲེན་ལྷ་དབང་བསྡུས་པ། ཚེ་འདས་གཙོར་བྱས་འགྲོ་དྲུག་གནས་འདྲེན་འཁྲུལ་སྣང་རང་གྲོལ། དེའི་སྐོང་མེ་སྦར་ཞི་སྲེགས་རིག་པའི་རྡོ་རྗེའི་གསུང་། རིགས་དྲུག་གནས་འདྲེན་ཁམས་གསུམ་རང་གྲོལ། (230བ)ཡང་གནས་འདྲེན་ཁམས་གསུམ་རང་གྲོལ་བསྡུས་པ། དབང་གི་སྐབས་ཀྱི་སྒོ་སྲུང་ཞུས་ལན་འདེབས་བྱང་། ཚོགས་ལ་བདེན་བརྗོད་བྱིན་རླབས་ཉི་མ་འབུམ་འཆར། འདྲེ་བདུད་ཆོས་སྐུར་གྱུར་པའི་མན་ངག །དབང་ཆོག་སྤྲོས་བྲལ་འཁོར་འདས་རང་གྲོལ། དབང་བཤད་ཀུན་སྣང་རང་གྲོལ། དོན་དམ་དབང་བཞི་བླངས་ཐབས། གསང་བའི་དབང་བཞི་ལེན་པའི་ཆོ་ག །སྦྱིན་སྲེག་འཁོར་བ་རང་གྲོལ། རྩ་རླུང་མཆོག་གི་གྲུབ་ཆེན་གྱི་གསོལ་འདེབས། རྩ་ཐིག་རླུང་སྦྱངས་ངག་འདོན་རྣམ་དག་ཉི་ཟླའི་དཀྱིལ་འཁོར། འཕྲུལ་འཁོར་མན་ངག་ཚིག་བཅད་མའི་དབུར་མན་ངག་འདི་ལ་སྦྱོར་དངོས་རྗེས་གསུམ་ཚང་ཞེས་དང་། མཇུག་ཏུ་རིག་པ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་འཕུར་ཞེས་པ། རྩ་རླུང་བདུན་ཁྲིད་བདུད་འདུལ་མཚན་ཅན་གྱིས་སྦྱར་བ། མན་ངག་སྐུ་གསུམ་བཅུད་ལེན་འཇའ་ལུས་རྡོ་རྗེའི་སྐུ་བརྙན། མ་སྒོམ་སངས་རྒྱས་ཆོས་ལྔ། མ་སྒོམ་སངས་རྒྱས་འཕོ་བའི་ཟབ་ལམ། བརྒྱུད་གསུམ་བརྒྱུད་འདེབས་འཕོ་བའི་རིམ་པ། བསྔོ་བ་ཆུ་ཐིག་རྒྱ་མཚོ། འབྲེལ་ཚད་དོན་གཉིས་ལྷུན་གྲུབ། དགེ་བའི་འབྲས་བུ་ནམ་མཁའི་མཛོད། འགྱུར་བའི་ཡང་དག་བསྔོ་(231ན)བ་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པའི་མྱུར་ལམ་སངས་རྒྱས་ཀྱི་མཚན་བརྗོད་ཉེས་ལྟུང་དྲུང་ནས་འབྱིན་པ། འཕོ་བ་རིག་པ་རང་གྲོལ། གཏེར་ལུང་བསྟན་པའི་ཁ་བྱང་འཇམ་གླིང་ཀུན་སྣང་རང་གྲོལ། དབང་གི་སྟ་གོན་གྱི་རྨི་ལམ་བཟང་ངན་བརྟགས་པ་བཅས་དང་། གཉིས་པ་ཁ་སྐོང་ཆོག་ཁྲིགས་ཀྱི་སྐོར་ལ། སྤྲོས་བྲལ་ནམ་མཁའི་རྫོགས་པའི་ཞལ་གདམས་ལས་དོན་དམ་རང་ཞལ་བླ་མར་གསོལ་འདེབས། ཟབ་ཆོས་ཞི་ཁྲོ་མཁའ་ཁྱབ་རང་གྲོལ་གྱི་དབང་བཞིའི་ལྷན་ཐབས་སྐལ་ལྡན་སྨིན་པའི་ཆུ་བོ་གཏེར་ཆེན་ཉིད་ཀྱི་ཞལ་སློབ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པ། དོན་དབང་འབྲིང་པོ་གསང་ཆེན་དབང་བཞི་ཀུན་འདུས་བྷ་དྲའི་མིང་གིས་མཛད་པ། ལས་བུམ་སྒྲུབ་པ་ལྡེབ་བྱང་། རིག་པའི་མེ་ཏོག་དོར་བ། ཆོས་སྐྱོང་དགོངས་འདུས་ཀྱི་སྲོག་གཏད་མཐོང་བརྒྱུད་ལྟར་ཟིན་བྲིས་སུ་བྱས་པ་པི་ཛའི་མིང་གིས་མཛད་པ། སྦྱིན་སྲེག་འཁོར་བ་རང་གྲོལ་ཁྲིགས་སུ་སྡེབས་པ་གོང་གསུང་། ཟབ་ཁྲིད་སངས་རྒྱས་མྱུར་ལམ་ལས་བློ་ལྡོག་རྣམ་བཞིའི་ཁྲིད་བསྡུས་ངག་འདོན་རྒྱུན་ཁྱེར། གྲུབ་རྗེའི་ཞལ་གསུང་བསྔོ་(231བ)སྨོན་ཐོར་བུ་བསྡུས་པ། སྨོན་ལམ་རྣམ་དག་དོན་གཉིས་མཐའ་ཡས་བདུད་འདུལ་མཚན་གྱིས་མཛད་པ་བཅས་ལེགས་པར་ནོས་པའི་བརྒྱུད་པ་ནི། གཏེར་ཆེན་གྲུབ་དབང་ནས། སྐུ་གསུམ་གླིང་པ། མཁན་ཆེན་བླ་མ་ཕན་བདེའི་འོད་ཟེར། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་ན་གྲུབ་དབང་ནས། རྣལ་འབྱོར་པ་བསོད་ནམས་མཐའ་ཡས་སམ་ཨོ་རྒྱན་བཅོམ་ལྡན་རྡོ་རྗེ། བདེ་བའི་ཉི་མ། ཡང་ན། ཆོས་བདག་འོད་ཟེར་རྡོ་རྗེ། ཕན་བདེའི་འོད་ཟེར། ཡང་ན་གྲུབ་ཆེན་མེ་ལོང་རྡོ་རྗེ། ཕན་བདེའི་འོད་ཟེར། ཡང་ན་བྱ་བྲལ་བ་གྲུབ་དབང་ཡེ་ཤེས་རྡོ་རྗེ། ཕན་བདེའི་འོད་ཟེར། ལུང་ཡོངས་རྫོགས་ནི། རྣལ་འབྱོར་པ་ཨོ་རྒྱན་བཅོམ་ལྡན་རྡོ་རྗེ་དང་། ཆོས་བདག་འོད་ཟེར་རྡོ་རྗེ་གཉིས་ཀ་ལ། རྗེ་བླ་མ་ཕན་བདེའི་འོད་ཟེར་གྱིས་གསན། དེས་བདག་ལའོ།། །། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms rin po che bka' 'bum | |||
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། | |||
|totalvolumes=25 | |||
|author=Dudjom Rinpoche | |||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=20 | |||
|volumeLetter=WA | |||
|textnuminvol=022 | |||
|pdflink=File:DJYD-KABUM-20-WA-022.pdf | |||
|InitCategories=Dudjom Tersar Project; DJYD-KABUM-Volume-20-WA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|(229ན)ཨོཾ་སྭསྟི། འཇའ་ལུས་གྲུབ་པའི་དབང་ཕྱུག་པདྨ་བདུད་འདུལ་གྱི་ཟབ་གཏེར་མཁའ་ཁྱབ་རང་གྲོལ་གྱི་སྐོར་ཇི་ལྟར་ཐོབ་ཚུལ་ལ་དབང་ཁྲིད་ལུང་གསུམ་ལས། དང་པོ་སྨིན་བྱེད་དབང་བསྐུར་སྤྲོས་བྲལ་འཁོར་འདས་རང་གྲོལ་དང་། ལྷན་ཐབས་སྐལ་ལྡན་སྨིན་པའི་ཆུན་པོ་ལྟར། སྔོན་འགྲོ་སློབ་མ་ལྷག་གནས་ཀྱི་ཆོས་དང་། ཕྱི་ནང་གི་འཇུག་པ་སྔོན་དུ་འགྲོ་བས། དངོས་གཞི་ཐུན་མོང་རིག་པའི་དབང་ལྔ། ཐུན་མིན་སྤྲོས་བཅས་བུམ་དབང་དང་རྗེས་འབྲེལ་དུ་ལྷ་དབང་ཡོངས་རྫོགས། སྤྲོས་མེད་མཆོག་དབང་རྣམ་གསུམ། མཐའ་རྟེན་བཀྲ་ཤིས་པའི་རྫས་ཀྱིས་མདུན་བདར་བ་སྟེ་ཤིས་པར་བརྗོད་པས་མངའ་གསོལ་བཅས་ལེགས་པར་ཐོབ། གཉིས་པ་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཟབ་རྒྱས་སུ་བཞུགས་ཀྱང་དཔེ་མ་འབྱོར་བས་རྗེས་ནས་ཞུ་བའི་སྨོན་ལམ་ཞུས། གསུམ་པ་རྒྱབ་བརྟེན་ལུང་ལ། གཏེར་གཞུང་དང་། ཆོག་ཁྲིགས་གཉིས་ལས། དང་པོ་གཏེར་གཞུང་ལ། བྱིན་རླབས་སྔོན་འགྲོ་ལམ་ཁྱེར་རང་གྲོལ། ཚོམ་བུ་འབུམ་ཕྲག་མངོན་སངས་རྒྱས་པའི་ཟབ་ཁྲིད་སྔོན་འགྲོའི་ངག་འདོན་རྒྱུན་ཁྱེར་སྐད་ཅིག་(229བ)སངས་རྒྱས་མྱུར་ལམ་རང་གྲོལ། བསྐྱེད་རྫོགས་འཁོར་འདས་རྣམ་དག་རང་གྲོལ། ཟབ་ཁྲིད་སངས་རྒྱས་རང་གྲོལ། སྔོན་འགྲོའི་ངག་འདོན་རང་རིག་བླ་མ། བསྐྱེད་རྫོགས་འཁོར་འདས་ཀ་དག་རང་གྲོལ། བསྐྱེད་རྫོགས་འཁོར་འདས་བདེ་ཆེན་རང་གྲོལ། མདུན་བསྐྱེད་རབ་འབྱམས་ཡེ་ཤེས་རྒྱ་མཚོ། སྤྱན་འདྲེན་བྱིན་རླབས་ཉི་མ་འབུམ་འཆར། རང་སྣང་བརྒྱུད་གསུམ་བླ་མའི་གསོལ་འདེབས། སྣང་སྟོང་ཛཔྲ་ཀྱི་རིམ་པ་བདེ་ཆེན་རྒྱལ་པོ། ཡི་དམ་དུ་མའི་མཚམས་སྦྱོར་གཅིག་ཆོག་ཉི་ཟླའི་ཕྲེང་བ། མཚམས་སྦྱོར་བསྙེན་སྒྲུབ་རིམ་པ། དམ་ཚིག་ཉམས་ཆག་སྐོང་བཤགས་གསོ་ཐབས། རྣལ་འབྱོར་དམ་ཚིག་ཉམས་ཆག་སྐོང་བཤགས་གསོ་ཐབས་འགྲོ་ཀུན་ཚོགས་རྗོགས་འོད་སྐུར་རང་གྲོལ། ཕྱག་འཚལ་འགྲོ་སྒྲིབ་རང་གྲོལ། རྡོར་སེམས་སྒོམ་བཟླས་རྡོར་སེམས་མེ་ལོང་། གླང་ཆེན་རབ་འབོག་གི་རྒྱུད་ལས་བྱུང་བའི་ཉམས་ཆག་བཤགས་པའི་རྒྱུད་འཁོར་འདས་རང་དག་འོད་(230ན) གསལ་རང་གྲོལ། བདེ་གཤེགས་སྤྱི་བཤགས། ཐུགས་སྒྲུབ་ཡིད་བཞིན་ནོར་བུ། ཆོས་སྐྱོང་སྙིང་ཐིག་ལས་གསོལ་མཆོད་བསྡུས་པ་ཡང་ཐིག་གཅིག་དྲིལ། སྤྱན་འདྲེན་ཕྱག་འཚལ་མཆོད་བསྟོད་ཤོག་གཅིག །གཏེར་སྲུང་མཁའ་འགྲོ་སྡེ་ལྔའི་གསང་སྒྲུབ་གྲུབ་མཆོག་དཔལ་སྟེར། གཏེར་སྲུང་མཁའ་འགྲོ་སྡེ་ལྔ་མཆོད་ཐབས་ཡང་ཐིག་སྙིང་པོ། ཟབ་མོ་གསང་བ་དྲི་མེད་འོད་ཟེར་ལས་གཏེར་གནས་ཞིང་སྐྱོང་སེང་གདོང་དམར་མོའི་མཆོད་ཕྲེང་། ཆོས་སྐྱོང་དགོངས་འདུས་སྙིང་ཐིག་ལས་ཚོགས་བདག་མགོན་པོའི་བསྐུལ་བཟློག་དགྲ་བགེག་རང་གྲོལ་བདུད་འདུལ་རྫོགས་ཆེན་རྣལ་འབྱོར་ཧེ་རུ་ཀ ། བདུད་བཟློག་སྟོང་གསུམ་འདུལ་བྱེད་རང་གྲོལ། སྲི་བདུད་སྲི་གཤེད་བྱད་མ་འདུལ་ཆོག་ཕན་བདེ་རང་གྲོལ། ལྷ་ཚོགས་གནད་བསྐུལ་གཟུ་དཔང་བསྡུས་པ་ཤོག་གཅིག་མ། སྲི་བདུད་སྲི་གཤེད་འཁྲུལ་འདུལ་རང་གྲོལ། གནས་འདྲེན་ལྷ་དབང་བསྡུས་པ། ཚེ་འདས་གཙོར་བྱས་འགྲོ་དྲུག་གནས་འདྲེན་འཁྲུལ་སྣང་རང་གྲོལ། དེའི་སྐོང་མེ་སྦར་ཞི་སྲེགས་རིག་པའི་རྡོ་རྗེའི་གསུང་། རིགས་དྲུག་གནས་འདྲེན་ཁམས་གསུམ་རང་གྲོལ། (230བ)ཡང་གནས་འདྲེན་ཁམས་གསུམ་རང་གྲོལ་བསྡུས་པ། དབང་གི་སྐབས་ཀྱི་སྒོ་སྲུང་ཞུས་ལན་འདེབས་བྱང་། ཚོགས་ལ་བདེན་བརྗོད་བྱིན་རླབས་ཉི་མ་འབུམ་འཆར། འདྲེ་བདུད་ཆོས་སྐུར་གྱུར་པའི་མན་ངག །དབང་ཆོག་སྤྲོས་བྲལ་འཁོར་འདས་རང་གྲོལ། དབང་བཤད་ཀུན་སྣང་རང་གྲོལ། དོན་དམ་དབང་བཞི་བླངས་ཐབས། གསང་བའི་དབང་བཞི་ལེན་པའི་ཆོ་ག །སྦྱིན་སྲེག་འཁོར་བ་རང་གྲོལ། རྩ་རླུང་མཆོག་གི་གྲུབ་ཆེན་གྱི་གསོལ་འདེབས། རྩ་ཐིག་རླུང་སྦྱངས་ངག་འདོན་རྣམ་དག་ཉི་ཟླའི་དཀྱིལ་འཁོར། འཕྲུལ་འཁོར་མན་ངག་ཚིག་བཅད་མའི་དབུར་མན་ངག་འདི་ལ་སྦྱོར་དངོས་རྗེས་གསུམ་ཚང་ཞེས་དང་། མཇུག་ཏུ་རིག་པ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་འཕུར་ཞེས་པ། རྩ་རླུང་བདུན་ཁྲིད་བདུད་འདུལ་མཚན་ཅན་གྱིས་སྦྱར་བ། མན་ངག་སྐུ་གསུམ་བཅུད་ལེན་འཇའ་ལུས་རྡོ་རྗེའི་སྐུ་བརྙན། མ་སྒོམ་སངས་རྒྱས་ཆོས་ལྔ། མ་སྒོམ་སངས་རྒྱས་འཕོ་བའི་ཟབ་ལམ། བརྒྱུད་གསུམ་བརྒྱུད་འདེབས་འཕོ་བའི་རིམ་པ། བསྔོ་བ་ཆུ་ཐིག་རྒྱ་མཚོ། འབྲེལ་ཚད་དོན་གཉིས་ལྷུན་གྲུབ། དགེ་བའི་འབྲས་བུ་ནམ་མཁའི་མཛོད། འགྱུར་བའི་ཡང་དག་བསྔོ་(231ན)བ་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པའི་མྱུར་ལམ་སངས་རྒྱས་ཀྱི་མཚན་བརྗོད་ཉེས་ལྟུང་དྲུང་ནས་འབྱིན་པ། འཕོ་བ་རིག་པ་རང་གྲོལ། གཏེར་ལུང་བསྟན་པའི་ཁ་བྱང་འཇམ་གླིང་ཀུན་སྣང་རང་གྲོལ། དབང་གི་སྟ་གོན་གྱི་རྨི་ལམ་བཟང་ངན་བརྟགས་པ་བཅས་དང་། གཉིས་པ་ཁ་སྐོང་ཆོག་ཁྲིགས་ཀྱི་སྐོར་ལ། སྤྲོས་བྲལ་ནམ་མཁའི་རྫོགས་པའི་ཞལ་གདམས་ལས་དོན་དམ་རང་ཞལ་བླ་མར་གསོལ་འདེབས། ཟབ་ཆོས་ཞི་ཁྲོ་མཁའ་ཁྱབ་རང་གྲོལ་གྱི་དབང་བཞིའི་ལྷན་ཐབས་སྐལ་ལྡན་སྨིན་པའི་ཆུ་བོ་གཏེར་ཆེན་ཉིད་ཀྱི་ཞལ་སློབ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པ། དོན་དབང་འབྲིང་པོ་གསང་ཆེན་དབང་བཞི་ཀུན་འདུས་བྷ་དྲའི་མིང་གིས་མཛད་པ། ལས་བུམ་སྒྲུབ་པ་ལྡེབ་བྱང་། རིག་པའི་མེ་ཏོག་དོར་བ། ཆོས་སྐྱོང་དགོངས་འདུས་ཀྱི་སྲོག་གཏད་མཐོང་བརྒྱུད་ལྟར་ཟིན་བྲིས་སུ་བྱས་པ་པི་ཛའི་མིང་གིས་མཛད་པ། སྦྱིན་སྲེག་འཁོར་བ་རང་གྲོལ་ཁྲིགས་སུ་སྡེབས་པ་གོང་གསུང་། ཟབ་ཁྲིད་སངས་རྒྱས་མྱུར་ལམ་ལས་བློ་ལྡོག་རྣམ་བཞིའི་ཁྲིད་བསྡུས་ངག་འདོན་རྒྱུན་ཁྱེར། གྲུབ་རྗེའི་ཞལ་གསུང་བསྔོ་(231བ)སྨོན་ཐོར་བུ་བསྡུས་པ། སྨོན་ལམ་རྣམ་དག་དོན་གཉིས་མཐའ་ཡས་བདུད་འདུལ་མཚན་གྱིས་མཛད་པ་བཅས་ལེགས་པར་ནོས་པའི་བརྒྱུད་པ་ནི། གཏེར་ཆེན་གྲུབ་དབང་ནས། སྐུ་གསུམ་གླིང་པ། མཁན་ཆེན་བླ་མ་ཕན་བདེའི་འོད་ཟེར། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་ན་གྲུབ་དབང་ནས། རྣལ་འབྱོར་པ་བསོད་ནམས་མཐའ་ཡས་སམ་ཨོ་རྒྱན་བཅོམ་ལྡན་རྡོ་རྗེ། བདེ་བའི་ཉི་མ། ཡང་ན། ཆོས་བདག་འོད་ཟེར་རྡོ་རྗེ། ཕན་བདེའི་འོད་ཟེར། ཡང་ན་གྲུབ་ཆེན་མེ་ལོང་རྡོ་རྗེ། ཕན་བདེའི་འོད་ཟེར། ཡང་ན་བྱ་བྲལ་བ་གྲུབ་དབང་ཡེ་ཤེས་རྡོ་རྗེ། ཕན་བདེའི་འོད་ཟེར། ལུང་ཡོངས་རྫོགས་ནི། རྣལ་འབྱོར་པ་ཨོ་རྒྱན་བཅོམ་ལྡན་རྡོ་རྗེ་དང་། ཆོས་བདག་འོད་ཟེར་རྡོ་རྗེ་གཉིས་ཀ་ལ། རྗེ་བླ་མ་ཕན་བདེའི་འོད་ཟེར་གྱིས་གསན། དེས་བདག་ལའོ།། །།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 05:20, 1 June 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 20, Text 22, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985. | |
| Side notes | ||
| More details More details | ||
| Genre | ||