TTDL-ZABTER-02-KHA-030: Difference between revisions

From Dudjom Wiki
TTDL-ZABTER-02-KHA-030
No edit summary
No edit summary
 
Line 12: Line 12:
|terma=Yes
|terma=Yes
|deity=gshin rje
|deity=gshin rje
|cycle='jam dpal drag po gshin rje gshed
|cycle='chi bdag las kyi gshin rje
|cycletib=འཇམ་དཔལ་དྲག་པོ་གཤིན་རྗེ་གཤེད་
|cycletib=འཆི་བདག་ལས་ཀྱི་གཤིན་རྗེ་
|parentcycle=zab gsang mkha' 'gro'i snying thig
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
Line 29: Line 29:
|multivolumework=No
|multivolumework=No
|rectonotes=bskang gsol
|rectonotes=bskang gsol
|versonotes=bdud 'joms 'jam dpal drag po
|versonotes=bdud 'joms las gshin
|colophontib=ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ།།
|colophontib=ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ།།
|colophonwylie=zhes pa 'di nyid khrag 'thung bdud 'joms rdo rjes gter nas bton te dag par phab pa'o/ /dge'o/ /dge'o/ /dge'o//
|colophonwylie=zhes pa 'di nyid khrag 'thung bdud 'joms rdo rjes gter nas bton te dag par phab pa'o/ /dge'o/ /dge'o/ /dge'o//

Latest revision as of 11:11, 6 August 2024

Wylie title zab gsang mkha' 'gro'i snying thig las: gshin rje ya ma rA tsa'i bskang gsol yid bzhin dbang rgyal: TTDL-ZABTER-02-KHA-030.pdf
Location bdud 'joms gling pa zab gter
Volume 2, Text 30, Pages 343-345 (Folios 1a1 to 2a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gshin rje ya ma rA tsa'i bskang gsol yid bzhin dbang rgyal. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 343-345. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang gsol   Verso: bdud 'joms las gshin
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog  ·  Protector Rituals - gsol mchod
Cycle འཆི་བདག་ལས་ཀྱི་གཤིན་རྗེ་ ('chi bdag las kyi gshin rje)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity gshin rje
Colophon

ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di nyid khrag 'thung bdud 'joms rdo rjes gter nas bton te dag par phab pa'o/ /dge'o/ /dge'o/ /dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཤིན་རྗེ་ཡ་མ་རཱ་ཙའི་བསྐང་གསོལ་ཡིད་བཞིན་དབང་རྒྱལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གཤིན་རྗེ་ཡ་མ་རཱ་ཙ་ཡི༔ བསྐང་གསོལ་ཉམས་སུ་ལེན་པ་ལ༔ ཟངས་ལྕགས་དྲག་པོའི་སྣོད་ནང་དུ༔ བཙོས་ཤ་རྗེན་ཤ་ཁུ་བ་རྐང་༔ མཆོད་པའི་རྫས་ཀྱི་གཙོ་བོ་ལ༔ དམར་གཏོར་བ་ལིཾ་ཟན་དུམ་དང་༔ ཁྲག་སྐྱེམས་ཇ་ཆང་སྐྱེམས་བཅས་བཤམས༔ གཞན་ཡང་བཟའ་བཏུང་ཅི་རིགས་བཤམས༔ ཤ་ཚིལ་ཆེན་པོའི་གསུར་མཆོད་བཏང་༔ དེ་ཡང་རྒྱུན་མི་འཆད་པར་བྱ༔ རང་ཉིད་འཇམ་དཔལ་གནས་འགྱུར་ཏེ༔ གཤིན་རྗེ་སེར་པོའི་སྐུར་གསལ་ཏེ༔ མཆོད་རྫས་བཤམས་པའི་དངོས་པོ་ལ༔ སྭ་བྷཱ་ཝ་ཡིས་བསང་སྦྱངས་ཏེ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཀྱཻ༔ ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན༔ ཉི་མ་ལྷོ་ཕྱོགས་ཕ་གི་ན༔ གཤིན་ཡུལ་མུན་པའི་གླིང་དགུ་ན༔ གཤིན་རྗེའི་ལྕགས་མཁར་བཅུ་དྲུག་ནང་༔ ཁྲོ་ཆུའི་མཁར་རྫོང་དགུ་རིམ་དབུས༔ འཆི་བདག་ལས་ཀྱི་གཤིན་རྗེ་ནི༔ མི་ནག་ཁྲོ་གཏུམ་འཇིགས་པའི་གཟུགས༔ སྟག་གཟིག་ལྤགས་པའི་འདུང་མ་གསོལ༔ དགྲ་སྟྭ་འབར་བས་དགྲ་སྲོག་གཅོད༔ གཡོན་པས་ཁྲམ་ཤིང་དམར་ནག་བསྣམས༔ མ་ཧེ་སྔོ་ནག་རུ་རིང་ཆིབས༔ འཁོར་གྱི་གཤིན་རྗེ་ཆེན་པོ་བརྒྱད༔ ལས་མཁན་བརྒྱ་རྩ་ཤན་པ་འབུམ༔ སྣང་སྲིད་དྲེགས་པ་ཡོངས་ཀྱིས་བསྐོར༔ འཇམ་དཔལ་ཡ་མཱནྟ་ཀ་དང་༔ རིག་འཛིན་བརྒྱུད་བའི་ཐ་ཚིག་གིས༔ འབོད་ཅིང་བསྒྲུབ་ཀྱི་ད་ཚུར་བྱོན༔ བདག་གི་བྲན་དང་བསྲུང་མར་བཞུགས༔ ཁྲག་དང་ཆུ་སེར་མཚོ་རྫིང་བུ༔ དབང་ལྔའི་མེ་ཏོག་གསུར་ཆེན་སྤོས༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི༔ ཤ་རུས་ཞལ་ཟས་ཐོད་རྔ་དང་༔ སྟག་གཟིག་མ་ཧེ་བ་གླང་དང་༔ གཟུགས་འགྲོས་རྣམ་པ་སྣ་ཚོགས་དང་༔ ཤ་ཚིལ་རི་རབ་རཀྟའི་མཚོ༔ ཇ་ཆང་སྐྱེམས་ཀྱི་མཆོད་པ་དང་༔ འདོད་རྒུའི་ལོངས་སྤྱོད་ཕུན་ཚོགས་གཏེར༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་ཏེ༔ གཤིན་རྗེ་ཡ་མ་རཱ་ཙ་མཆོད༔ ཡུམ་མཆོག་སྲོག་ལེན་ནག་མོ་མཆོད༔ ལས་མཁན་དྲེགས་པ་མཆེད་བརྒྱད་མཆོད༔ སྲོག་གཅོད་ཤན་པ་འབུམ་སྡེ་མཆོད༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་མཆོད༔ སྣང་སྲིད་དྲེགས་པ་འཁོར་བཅས་མཆོད༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཐུགས་དང་འགལ་བའི་ཉེས་ཚོགས་བཤགས༔ དགྱེས་པའི་ཞལ་དང་འགྲུབ་རྟགས་སྟོན༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ལ༔ འདོད་རྒུའི་དཔལ་ཡོན་ཆར་དུ་ཕོབ༔ སྡང་བའི་དགྲ་བོ་གང་ཡང་རུང་༔ ལྷ་ཡང་རུང་སྟེ་ཧུར་ཐུམ་སོད༔ ཚེ་སྲོག་བསོད་ནམས་ལ་གནོད་པའི༔ གདོན་བགེགས་ལོག་འདྲེན་འབྱུང་པོ་ཐུལ༔ མདོར་ན་དུས་དང་རྣམ་པ་ཀུན༔ བདག་གི་གང་བསམ་འདོད་པའི་དོན༔ མ་ལུས་མི་འགྱང་མྱུར་འགྲུབ་མཛོད༔ བཀའ་དམ་གཉན་པོའི་ཁྲིམས་ཡིན་ནོ༔ མ་འདའ་བཛྲ་ས་མ་ཡ༔ ཡ་མ་རཱ་ཙ་ཙ་མུནྡྲི་སརྦ་ས་པ་རི་ཝཱ་ར་ཨེ་དམ་བ་ལིང་ཏ་ཁཱ་ཧི༔ དེ་ལྟར་གྲངས་ལྡན་བསྐྱར་བ་ཡིས༔ སྐད་ཅིག་མི་འབྲལ་སྲུང་མར་འཁོར༔ དགྲ་བགེགས་གདུག་པ་ཀུན་སྒྲོལ་ཞིང་༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ ཆེ་བཙན་གྲགས་པའི་དཔལ་ཐོབ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ།། །།