TTDL-ZABTER-02-KHA-031: Difference between revisions

From Dudjom Wiki
TTDL-ZABTER-02-KHA-031
No edit summary
No edit summary
 
Line 12: Line 12:
|terma=Yes
|terma=Yes
|deity=gshin rje
|deity=gshin rje
|cycle='jam dpal drag po gshin rje gshed
|cycle='chi bdag las kyi gshin rje
|cycletib=འཇམ་དཔལ་དྲག་པོ་གཤིན་རྗེ་གཤེད་
|cycletib=འཆི་བདག་ལས་ཀྱི་གཤིན་རྗེ་
|parentcycle=zab gsang mkha' 'gro'i snying thig
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
Line 29: Line 29:
|multivolumework=No
|multivolumework=No
|rectonotes=gsol mchod
|rectonotes=gsol mchod
|versonotes=bdud 'joms 'jam dpal drag po
|versonotes=bdud 'joms las gshin
|colophontib=ཞེས་པ་འདི་ཡང་མི་སྨྱོན་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་དགའོ། །དགེའོ། །དགེའོ། །དགེའོ།།
|colophontib=ཞེས་པ་འདི་ཡང་མི་སྨྱོན་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་དགའོ། །དགེའོ། །དགེའོ། །དགེའོ།།
|colophonwylie=zhes pa 'di yang mi smyon bdud 'joms rdo rjes gter nas bton te dag par phab pa'i yi ge pa ni kun dga'o/ /dge'o/ /dge'o/ /dge'o//
|colophonwylie=zhes pa 'di yang mi smyon bdud 'joms rdo rjes gter nas bton te dag par phab pa'i yi ge pa ni kun dga'o/ /dge'o/ /dge'o/ /dge'o//

Latest revision as of 11:11, 6 August 2024

Wylie title zab gsang mkha' 'gro'i snying thig las: gshin rje ya ma rA tsa'i gsol mchod 'dod don sprin phung: TTDL-ZABTER-02-KHA-031.pdf
Location bdud 'joms gling pa zab gter
Volume 2, Text 31, Pages 347-349 (Folios 1a1 to 2a3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gshin rje ya ma rA tsa'i gsol mchod 'dod don sprin phung. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 347-349. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol mchod   Verso: bdud 'joms las gshin
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod
Cycle འཆི་བདག་ལས་ཀྱི་གཤིན་རྗེ་ ('chi bdag las kyi gshin rje)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity gshin rje
Colophon

ཞེས་པ་འདི་ཡང་མི་སྨྱོན་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་དགའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di yang mi smyon bdud 'joms rdo rjes gter nas bton te dag par phab pa'i yi ge pa ni kun dga'o/ /dge'o/ /dge'o/ /dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཤིན་རྗེ་ཡ་མ་རཱ་ཙའི་གསོལ་མཆོད་འདོད་དོན་སྤྲིན་ཕུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) འདི་ཡི་ལག་ལེན་རིམ་པ་ལ༔ དྲག་པོ་ལྕགས་ཀྱི་གཏོར་གཞོང་དུ༔ དམར་གཏོར་ཤ་ཁྲག་དར་གྱིས་བརྒྱན༔ མ་ཧེ་སྟག་གཟིག་བྱ་རིགས་ནི༔ གཟུགས་བྱས་བཤམས་ནས་བསང་སྦྱང་མཐར༔ ནམ་མཁའ་མཛོད་ཀྱི་སྔགས་བདུན་མཐར༔ ཨོཾ་ཛཿདད་པ་དང་ནི་དམ་ཚིག་གི༔ གཤིན་རྗེ་ཡ་མ་རཱ་ཛ་དང་༔ ཡུམ་མཆོག་སྲོག་བདུད་ནག་མོ་དང་༔ སྤྲུལ་པའི་ལས་མཁན་ཤན་པ་འབུམ༔ བཀའ་འཁོར་ལྷ་སྲིན་སྡེ་བརྒྱད་ཚོགས༔ མ་ལུས་གནས་འདིར་གཤེགས་སུ་གསོལ༔ བསྒྲུབ་ཅིང་བསྟེན་པའི་རྫས་ལ་བཞུགས༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ ཤ་ཁྲག་དམར་གཏོར་རཀྟ་དང་༔ བཟའ་བཅའ་བཏུང་བ་ལྡག་གཞིབ་དང་༔ འདོད་ཡོན་མི་ཟད་རྒྱན་དུ་འབུལ༔ དར་ཟབ་སྟག་གཟིག་གོ་མཚོན་དཀོར༔ རིན་ཆེན་སྣ་ཚོགས་གཟུགས་འགྲོས་རིགས༔ མཐུན་རྫས་ལོངས་སྤྱོད་ཚོགས་ཀྱིས་མཆོད༔ རྟག་གཏོར་རྒྱུན་གཏོར་རྟེན་གཏོར་དང་༔ བླ་རྟེན་སྲོག་གི་འཁོར་ལོ་བཅས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ གཤིན་རྗེ་ཡ་མ་རཱ་ཛ་མཆོད༔ ཡུམ་མཆོག་སྲོག་བདུད་ནག་མོ་མཆོད༔ སྲིད་པ་ལྷ་ཡི་སྡེ་ཚོགས་མཆོད༔ དྲང་སྲོང་གཟའ་བདུད་འཁོར་བཅས་མཆོད༔ སྲིད་རྒྱལ་མ་མོ་འཁོར་བཅས་མཆོད༔ བདུད་པོ་བསྐོས་རྗེ་འཁོར་བཅས་མཆོད༔ རཀྴ་སྲིན་པོ་འཁོར་བཅས་མཆོད༔ བཙན་རྒོད་འབར་བ་འཁོར་བཅས་མཆོད༔ གནོད་བྱེད་ནག་པོ་འཁོར་བཅས་མཆོད༔ ཀླུ་བདུད་མགོ་དགུ་འཁོར་བཅས་མཆོད༔ བཀའ་སྡོད་སྲིད་པའི་ལྷ་འདྲེ་མཆོད༔ གསོལ་ལོ་མཆོད་དོ་དགྱེས་གྱུར་ཅིག༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ གཡེལ་བ་མེད་པའི་གྲོགས་མཛོད་ཅིག༔ བསམ་པའི་དོན་ཀུན་འགྲུབ་པ་དང་༔ མངོན་སྤྱོད་ཕྲིན་ལས་ཡོངས་གྲུབ་མཛོད༔ ས་མ་ཡ༔ ཡང་གཅིག་གསོལ་མཆོད་བྱེད་པ་ནི༔ ཧཱུྃ་ཛ༔ གཤིན་རྗེ་ཡ་མ་རཱ་ཛ་ཆེ༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་རྣམས༔ དམ་ཚིག་དབང་གིས་འདིར་གཤེགས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་དང་༔ རིན་ཆེན་དར་ཟབ་སྟག་གཟིག་དང་༔ འདོད་ཡོན་རྒྱན་གྱི་འཁོར་ལོ་ཡི༔ ཡ་མ་རཱ་ཛ་འཁོར་བཅས་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ཅིག༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས༔ དྲན་པ་ཙམ་གྱིས་འགྲུབ་པར་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ རྟག་ཏུ་འདི་ཉིད་ཉམས་ལེན་ན༔ ཕ་མ་བུ་ལྟར་བརྩེ་གདུང་ཞིང་༔ བྲན་དུ་འཁོར་འགྱུར་ཐེ་ཚོམ་མེད༔ མ་འོངས་པདྨའི་བརྒྱུད་འཛིན་རྣམས༔ བསྒྲུབ་པ་ལྷུར་ལེན་དོན་གཉེར་མཛོད༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་མི་སྨྱོན་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་དགའོ། །དགེའོ། །དགེའོ། །དགེའོ།། །།