TTDL-ZABTER-03-GA-021: Difference between revisions

From Dudjom Wiki
TTDL-ZABTER-03-GA-021
No edit summary
No edit summary
Line 11: Line 11:
|sourcerevealertib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|terma=Yes
|deity=ma hA kA la
|deity=rta mgrin nag po
|cycle=khros rgyal khams gsum rol pa rta mgrin yang khros nag po
|cycle=khros rgyal khams gsum rol pa rta mgrin yang khros nag po
|cycletib=ཁྲོས་རྒྱལ་ཁམས་གསུམ་རོལ་པ་རྟ་མགྲིན་ཡང་ཁྲོས་ནག་པོ་
|cycletib=ཁྲོས་རྒྱལ་ཁམས་གསུམ་རོལ་པ་རྟ་མགྲིན་ཡང་ཁྲོས་ནག་པོ་

Revision as of 15:57, 6 August 2024

Wylie title TTDL-ZABTER-03-GA-021.pdf
Location bdud 'joms gling pa zab gter
Volume 3, Text 21, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms rta mgrin yang khros
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཁྲོས་རྒྱལ་ཁམས་གསུམ་རོལ་པ་རྟ་མགྲིན་ཡང་ཁྲོས་ནག་པོ་ (khros rgyal khams gsum rol pa rta mgrin yang khros nag po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rta mgrin nag po
[edit]
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིག་ཐིག་ལས༔ རྟ་མགྲིན་ཡང་ཁྲོས་མ་ཧཱ་ཀཱ་ལ་ཡི༔ ཟུར་རྒྱན་དགྲ་བགེགས་དཔུང་འཇོམས་ཞེས་བྱ་བཞུགས་སོ༔ ཧེ་རུ་ཀ་ལ་བརྟེན་ནས་སུ༔ དྲག་པོ་མངོན་སྤྱོད་ལས་བརྩོན་ཚེ༔ ཉེར་མཁོའི་ཆ་ལག་འདིར་བཀོད་བྱ༔ དང་པོ་མཁྱེན་དཔང་བྱ་བ་ལ༔ རང་ཉིད་ཡི་དམ་ལྷ་མཆོག་གི༔ ང་རྒྱལ་གདིང་དང་འགྲོགས་ནས་སུ༔ ཧོཿདགོངས་སུ་གསོལ་ལོ༔ ལན་གསུམ༔ བརྒྱུད་གསུམ་རིག་འཛིན་གྱི་བླ་མ༔ ཡི་དམ་རྟ་མགྲིན་རོལ་པའི་ལྷ་ཚོགས༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ་ཛཿཨེ་ཨ་རལླི་ཕེཾ་ཛཿཏིཥྛ་བཛྲ་ལྷན༔ དམ་ཉམས་པའི་དགྲ་བོ་དང་བདུད་བགེགས་གནོད་བྱེད་འདི་རྣམས་ཀྱིས་བདག་ལ་ཕོད་བཙུགས་ཤིང་དོ་བསྡོས་ཡ་བཟུང་༔ ད་ལྟ་བདག་དང་ཡོན་གྱི་བདག་པོའི་སྲོག་ལ་རྔམས་ཤིང་སྡུག་བསྔལ་དྲག་པོའི་གདུང་བ་ཐོག་ཏུ་ཕབ་པ་ཡིན་པས༔ དུས་ད་ལྟ་ཉིད་དུ་བསྒྲལ་བའི་དུས་ལ་བབ་ཡོད་པས་སྐབས་འདིར་དགྲ་བགེགས་ལས་ངན་འདི་རྣམས་བསྒྲལ་མནན་དྲག་པོ་མངོན་སྤྱོད་ཕྲིན་ལས་ལ་བསྐུལ་ལོ༔ དེ་དག་གི་ཐུགས་རྗེས་ཡལ་བར་མི་དོར་བར་དཔུང་གྲོགས་མགོན་སྐྱབས་ལ་ཞུ་འཚལ༔ ཨོཾ་བཛྲ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ༔ ཨ་བྷི་ཙཪྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ ཀྱཻ༔ གསོན་ཅིག་དགོངས་ཤིག་རྒྱལ་བ་ཐུགས་དམ་ཅན༔ བརྒྱུད་གསུམ་བླ་མ་རིག་འཛིན་དམ་ལ་དགོངས༔ ཡི་དམ་དྲག་པོའི་ལྷ་ཚོགས་དམ་ལ་དགོངས༔ མཁའ་འགྲོའི་མ་མོ་ཤུགས་འགྲོ་དམ་ལ་དགོངས༔ བསྟན་སྲུང་དམ་ཅན་རྒྱ་མཚོ་དམ་ལ་དགོངས༔ ཡུལ་ལྷ་གཞི་བདག་ཕོ་མོ་དམ་ལ་འདུས༔ མ་ཉེས་རང་སར་འདུག་པའི་རྣལ་འབྱོར་ལ༔ རང་དབང་མེད་པར་ཡང་ཡང་རྐྱེན་གྱིས་བཅོམ༔ ད་ནི་འདུག་པའི་དབང་མི་ལྡན་པར་བྱས༔ ང་ནི་མ་ཉེས་མ་ཡོ་མཁྱེན་ལྡན་རྣམས༔ བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས༔ བསླུ་བ་མཁན་གྱིས་འཁོར་བའི་གཡང་སར་བསླུས༔ མཐོ་རིས་ཐར་པའི་ལམ་ལས་རིང་དུ་བཀར༔ སྡུག་བསྔལ་མེད་ལ་སྡུག་བསྔལ་ཁུར་ཆེན་བཀལ༔ ད་ལྟ་སྐད་ཅིག་དལ་ཐོབ་སྐབས་འདིར་ཡང་༔ ལྷ་ཆོས་དོན་གཉེར་སྡིག་པ་སྤངས་པའི་མོད༔ ཉེས་བྱེད་དགྲ་བགེགས་ཕོ་མོ་དགྲ་རུ་ལངས༔ ནག་ཕྱོགས་བདུད་ཀྱིས་བསླུ་མི་འཚུབས་བྱུང་ནས༔ དམ་ཆོས་སྒྲུབ་ལ་བར་ཆད་བརྩམ་ནས་བྱུང་༔ མཁྱེན་ལྡན་རྣམས་ཀྱིས་མཁྱེན་པས་དགོངས་མཛོད་ཅིག༔ མི་འདོར་མཁྱེན་བརྩེ་མངའ་རྣམས་མཁྱེན་རེ་རན༔ རྟག་ཏུ་དམ་ལྡན་དཔུང་ལ་ཡོད་སྲིད་ན༔ ད་ལྟ་བདག་གི་དཔུང་ལ་བྱོན་རེ་རན༔ བཀའ་ཡི་སྲུང་མར་དམ་ཚིག་གནས་གྱུར་ན༔ དམ་ཉམས་དགྲ་བགེགས་ད་ལྟ་གསོད་རེ་རན༔ ཆོས་བཞིན་སྤྱོད་ལ་ནུས་མཐུ་ཡོད་སྲིད་ན༔ ད་ལྟ་བརྣག་པའི་དགྲ་བགེགས་གསོད་རེ་རན༔ དཀོན་མཆོག་གསུམ་ལ་བདེན་པ་ཡོད་སྲིད་ན༔ བསླུ་བྱེད་ནག་ཕྱོགས་བདུད་བགེགས་བསྒྲལ་རེ་རན༔ མཁྱེན་ལྡན་སྲིད་ན་མཁྱེན་བརྩེས་དགོངས་རེ་རན༔ མཁྱེན་བརྩེའི་ཐུགས་ཀྱིས་བདག་ལ་ད་དགོངས་ཤིག༔ མི་གནོང་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ༔ ཆོས་སྒྲུབ་རྣལ་འབྱོར་དམ་ལྡན་བདག་ཅག་ནི༔ ཐུགས་རྗེས་ཡལ་བར་དོར་ན་སུ་ལ་རེ༔ སྒོམ་སྒྲུབ་ལྷུར་ལེན་བྱས་པའི་དོན་དེ་གང་༔ མཁྱེན་ཅིག་དགོངས་ཤིག་ཞལ་བཞེས་རྡོ་རྗེའི་ཚིག༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ དེ་ནས་གཟུ་དཔང་བསྒྲལ་དཔང་ལ༔ དམར་གཏོར་ཁྲག་སྐྱེམས་བཤམས་ནས་སུ༔ རྔམས་བརྗིད་ཁྲོས་པས་འདི་སྐད་དོ༔ ཀྱཻ༔ བརྒྱུད་གསུམ་བླ་མ་གཟུ་དང་དཔང་ལ་དགོངས༔ ཡི་དམ་ལྷ་ཚོགས་གཟུ་དང་དཔང་ལ་དགོངས༔ མ་ཚོགས་མཁའ་འགྲོ་གཟུ་དང་དཔང་ལ་དགོངས༔ བསྟན་སྲུང་ཕོ་མོ་གཟུ་དང་དཔང་ལ་དགོངས༔ རྣལ་འབྱོར་བདག་ནི་མ་ཉེས་མ་ལན་མོད༔ ཆོས་བཞིན་སྤྱོད་ཀྱང་སྡིག་པ་སྒོ་ཉལ་བྱུང་༔ ཚུལ་བཞིན་སྤྱོད་ཀྱང་ཚུལ་མིན་སུན་འབྱིན་བྱུང་༔ སྒོམ་སྒྲུབ་བྱས་ཀྱང་བསླུ་བྱེད་བདུད་ཀྱིས་འཕྲོག༔ གཅིག་པུར་འདུག་ཀྱང་དགྲ་བགེགས་གློ་བུར་ལངས༔ གདུག་ཅན་དམ་ཉམས་དགྲ་བགེགས་ལས་ངན་འདིས༔ ཇི་ལྟར་བྲོས་ཀྱང་མ་ཐར་སླེབ་ནས་བྱུང་༔ གང་ལྟར་གབ་ཀྱང་མ་ཤོར་ཟིན་ནས་བྱུང་༔ ཡས་གླུད་འཇལ་ཀྱང་མ་ཕན་ཇེ་རྔམས་ནས༔ བྲོས་དེད་གབ་ཟིན་ཐར་ཐབས་མ་མཆིས་པས༔ མི་བྱེད་དབང་མེད་དྲག་པོའི་མཐུ་ལ་བརྩོན༔ མ་གཡེལ་མ་འགྱངས་ཡེ་ཤེས་ལྷ་ཚོགས་རྣམས༔ དམ་ཉམས་བསྟན་བཤིག་ལས་ངན་དགྲ་བགེགས་འདིས༔ སངས་རྒྱས་བསྟན་པ་གཉན་པོ་རྫུན་གྱེར་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་འདི་ཡིས་སྨད༔ ཉེས་མེད་སེམས་ཅན་རྣམས་ལ་འདི་ཡིས་འཚེ༔ དགོན་སྡེ་ཚོགས་གྲྭའི་ཆོས་ཁྲིམས་འདི་ཡིས་བཤིག༔ མི་རུང་དགེ་འདུན་ལུས་ལ་མཚོན་དབལ་བཏབ༔ མི་ཕྱེད་མཐུན་པའི་མཆེད་ལྕམ་དབྱེན་གྱིས་ཕྱེས༔ མི་དགེ་སྡིག་པའི་ཁྲིམས་ར་འདི་ཡིས་བཙུགས༔ ལེགས་ལམ་དགེ་བ་བཅུ་པོ་འདི་ཡིས་བཅད༔ ཡེ་ཤེས་ལྷ་ལ་སྐུར་བཏབ་དད་ལྡན་བཟློག༔ བསྟན་སྲུང་དམ་ཅན་རྣམས་ལ་བརྙས་བཙུག་བྱས༔ བདེན་པའི་དམ་ཆོས་རྫུན་དུ་ཟོག་ལ་གླེང་༔ མཚན་ལྡན་བླ་མའི་སྐུ་ལ་འདི་ཡིས་བསྡོས༔ རྣལ་འབྱོར་བདག་གི་ལུས་སྲོག་དཀོར་ལ་བབ༔ དེ་འདྲའི་ཉེས་ཅན་དམ་ཉམས་ལས་ངན་འདི༔ གང་ན་གནས་ཀྱང་མྱུར་དུ་ཁུག་ལ་སྒྲོལ༔ ཁྱོད་ཅག་དམ་ཚིག་ཐུགས་དམ་དུས་ལ་བབ༔ མ་གཡེལ་མ་འགྱངས་བླ་མ་དཀོན་མཆོག་གསུམ༔ ད་ལྟ་ཉིད་དུ་དྲག་པོའི་ཕྲིན་ལས་མཛོད༔ ཡེ་ཤེས་དང་ནི་ལས་ལ་གྲུབ་པ་ཡི༔ བཀའ་ཡི་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི༔ མཆོད་སྦྱིན་སྐྱེམས་དང་དམར་གཏོར་འདི་བཞེས་ལ༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ འཇིག་རྟེན་ལས་འདས་འཇིག་རྟེན་ཚུལ་འཛིན་པའི༔ གསང་སྔགས་བཀའ་ཡི་སྲུང་མ་ཐམས་ཅད་ཀྱིས༔ མཆོད་སྦྱིན་སྐྱེམས་དང་དམར་གཏོར་འདི་བཞེས་ལ༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ མཐུ་རྩལ་རྫུ་འཕྲུལ་ཐོགས་པ་མི་མངའ་བའི༔ མྱུར་མགྱོགས་ཤུགས་ལྡན་ཡུལ་ལྷ་གཞི་བདག་རྣམས༔ མཆོད་སྦྱིན་སྐྱེམས་དང་དམར་གཏོར་འདི་བཞེས་ལ༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ དུས་ལ་བབ་བོ་བཛྲ་ས་མ་ཡ༔ དམ་ཚིག་གཉན་གྱིས་ཕྲིན་ལས་བཅོལ་བ་ཡིན༔ མ་འདའ་དམ་ཚིག་དབང་གིས་མྱུར་དུ་སྒྲུབས༔ ཡིད་ལ་བརྣག་པའི་དགྲ་བགེགས་འདི་རྣམས་ཀྱང་༔ རི་བོའི་རྩེ་དང་རྒྱ་མཚོའི་གཏིང་ལ་སོགས༔ ཁམས་གསུམ་གང་ན་ཡོད་ཀྱང་མ་ཤོར་བར༔ ལས་ཀྱི་ལིངྒ་འདི་ལ་གཉིས་མེད་ཁུག༔ ཨོཾ་སརྦ་བུདྡྷ་དྷརྨ་སངྒ་བཛྲ་ས་མ་ཡ༔ སརྦ་གུ་རུ་དྷེ་ཝ་ཌཱ་ཀི་ནི་བཛྲ་ས་མ་ཡ༔ སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ས་མ་ཡ༔ དམ་ཚིག་དུས་ལ་བབ་བོ༔ དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་དུས་ལ་བབ་བོ༔ དུས་ད་ལྟའོ༔ ཞག་དོ་ནུབ་བོ༔ ལས་དེ་ལས་མ་འགྱངས༔ དེ་ལས་མ་འདའ་བར་དམ་ཚིག་གིས་བསྐུལ༔ དད་པས་འབོད༔ རེ་བས་སྒྲུབ༔ དོན་མཆིས་པར་མཛོད༔ ཁྱེད་ཅག་གིས་ཞལ་བཞེས་པ་རྡོ་རྗེའི་ཚིག༔ བདག་གིས་བསྐུལ་འབོད་ཀྱང་རྡོ་རྗེའི་ཚིག་དཔང་དུ་མཆིས་སོ༔ བཛྲ་ས་མ་ཡ༔ བཛྲ་ས་མ་ཡ༔ བཛྲ་ས་མ་ཡ༔ ཞེས་བརྗོད་ལ་སྐྱེམས་གཏོར་ཕུལ་ལོ༔ དེ་ནས་ཕུར་པ་བསྐྱེད་ཆོག་ལ༔ ཕུར་པ་ལག་ཏུ་ཐོགས་ལ་ཐལ་མོ་སྦྱར་བའི་བར་དུ་བཟུང་ནས༔ རང་ཉིད་དྲག་པོ་དཔལ་ཆེན་པོའི་སྐུར་གསལ་བའི་ལག་གཡས་ཟླ་བའི་དལ་ལ་ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་ལས་དཔའ་བོ་ཡབ་ལྔར་བསྒོམ༔ ལག་གཡོན་ཉི་མའི་དལ་ལ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ལས་དཔའ་མོ་ཡུམ་ལྔར་བསྐྱེད་དོ༔ རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ལས་བྱུང་བའི་ཡི་གེ་ཧཱུྃ་ཡིག་མཐིང་ནག་ཚེགས་དྲག་དང་བཅས་པར་གྱུར༔ དེ་ལས་འོད་ཟེར་ཡར་འཕྲོས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ༔ ཐུགས་རྗེ་བྱིན་རླབས་མཐུ་སྟོབས་ནུས་རྩལ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་འདུས་ཏེ་ཧཱུྃ་ཡིག་ལ་ཐིམ༔ མར་འཕྲོས་པས་འགྲོ་བ་རིགས་དྲུག་གི་འཁྲུལ་པ་ཆོས་ཉིད་ཀྱི་ངང་དུ་བཤིག༔ སྲོག་གི་ཡི་གེ་ཨ་ནྲྀ་སུ་ཏྲི་པྲེ་དུ་དྲུག་པོ་ཡེ་ཤེས་ཀྱི་མེས་བསྲེགས༔ ཧཱུྃ་ཡིག་མཐིང་ནག་ཡེ་ཤེས་གྱི་མེ་འབར་བ་དྲུག་ཏུ་གྱུར་ནས་ཧཱུྃ་ཡིག་ལ་ཐིམ་པས་འགྲོ་བ་རིགས་དྲུག་གི་སྲོག་འདུས་པར་བསམ༔ ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་དཔལ་ཆེན་རྟ་མགྲིན་ཡང་ཁྲོས་ནག་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གནམ་ལྕགས་ཀྱི་ཕུར་པ་ཐུགས་ཀར་འདྲིལ་བ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ་རྣོ་དཀར་གྱི་མཆེ་བ་གཙིགས་པ༔ སྤྱན་གསུམ་སྡང་མིག་ཏུ་གཡོ་ཞིང་སྤྱན་རྩ་ལས་གློག་སྟོང་འཁྱུག་པ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའི་ཁྲོད་ན་རྟ་མགོ་ལྗང་ཞུར་རྟ་སྐད་ལྷང་ལྷང་ལྟ་བུར་སྒྲོགས་པ༔ སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་མགར་གྱིས་སོལ་མེ་ནས་ཐོན་པ་ལྟ་བུ་ལས་ཕུར་པའི་ཚྭ་ཚྭ་འཕྲོ་བ༔ དབུའི་དུང་ཁང་ན་བདེ་གཤེགས་ཞི་བ་རིགས་ལྔའི་ལྷ་ཚོགས་ཕོ་བྲང་དང་བཅས་པ༔ ཐུགས་ཀར་ཁྲག་འཐུང་རིགས་ལྔའི་དཀྱིལ་འཁོར༔ རྒྱ་མདུད་འོག་མར་སྲིད་པ་མ་མོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསམ༔ དེ་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་མཉེས་པའི་མཆོད་པ་འབུལ༔ སྐུའི་རྒྱུད་རབ་ཏུ་བསྐུལ་ནས་དབང་བྱིན་མཐུ་ནུས་ཐམས་ཅད་འོད་ཕུང་དཀར་པོའི་རྣམ་པར་ཚུར་འདུས་ཏེ་ཕུར་པ་ལ་ཐིམ་པས་སྐུའི་དབང་ཐོབ་ཅིང་རྡོ་རྗེའི་སྐུ་འགྱུར་བ་མེད་པས་རྒྱས་གདབ་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཀཱི་ལི་ཀཱི་ལ་ཡ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སླར་ཡང་འོད་འཕྲོས་པས་རྒྱལ་བ་ཐམས་ཅད་ཀྱི་གསུང་ལ་མཉེས་པའི་མཆོད་པ་འབུལ༔ གསུང་གི་རྒྱུད་རབ་ཏུ་བསྐུལ་ནས༔ གསུང་གསང་བའི་དབང་བྱིན་ནུས་མཐུ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་ཚུར་འདུས་ཏེ་ཕུར་པ་ལ་ཐིམ་པས་གསུང་གི་དབང་ཐོབ༔ རྡོ་རྗེའི་གསུང་འགགས་པ་མེད་པས་རྒྱས་གདབ་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཀཱི་ལི་ཀཱི་ལ་ཡ་སརྦ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿཡང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་མཉེས་པའི་མཆོད་པ་འབུལ༔ ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ་ཐུགས་ཀྱི་དབང་བྱིན་མཐུ་ནུས་ཐམས་ཅད་འོད་ཕུང་མཐིང་ནག་གི་རྣམ་པར་ཚུར་འདུས་ཏེ་ཕུར་པ་ལ་ཐིམ་པས་ཐུགས་གཡོ་བ་མེད་པའི་དབང་ཐོབ༔ མི་འཁྲུལ་བ་ཐུགས་ཡེ་ཤེས་རྡོ་རྗེ་རྒྱས་གདབ་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཀཱི་ལི་ཀཱི་ལ་ཡ་སརྦ་ཙིཏྟ་ཨ་བྷིཉྩ་ཧཱུྃ༔ ཞེས་དབང་བསྐུར་བས༔ ཕུར་པ་དེ་ཉིད་རྣོ་ངར་ནུས་པ་དང་ལྡན་ཞིང༔ འདྲིལ་བ་ཙམ་གྱིས་སྣང་སྲིད་གཡོ་ཞིང་༔ ཕྱར་བ་ཙམ་གྱིས་ཁམས་གསུམ་སྒྲོལ་བའི་མཐུ་སྟོབས་དང་ལྡན་པར་བསམ༔ རྩ་སྔགས་ལན་གསུམ༔ དེ་ནས་ཚེ་ལུང་བྱ་བ་ནི༔ ཕུར་པ་དེ་ཉིད་དམིགས་བྱའི་སྙིང་གར་གདབ་པས་དགྲ་བོའི་ཚེ་བསོད་ནམས་ཐམས་ཅད་ནྲྀ་ལྗང་གུར་གྱུར་པ་ཕུར་པའི་ཁོང་གསེང་ནས་ཡར་དྲངས་ཏེ་སྤྱི་བོ་ནས་ཐོན་ཏེ་བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས༔ རང་ཉིད་བཀྲག་མདངས་གཟི་བརྗིད་མཐུ་རྩལ་ནུས་སྟོབས་དང་ལྡན་པར་བསམ༔ དེ་ནས་ཁྲུས་ལུང་བྱ་བ་ནི༔ ཡང་ཕུར་པའི་རྩེ་མོ་ནས་འོད་འཕྲོས་པས་ཁོ་ཡི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་རྣམ་པར་ཤེས་པ་ཨ་ཡིག་དཀར་པོ་དྲི་མ་མེད་པ་ཞིག་ཏུ་གྱུར༔ དེ་ནས་གནས་ལུང་ནི༔ ཡང་དགྲ་བགེགས་ཀྱི་སྙིང་གར་ཕུར་པ་བཏབ་པ་ཙམ་གྱིས་སྙིང་གི་དཀྱིལ་ན་སྲོག་གི་རྟེན་ཁྲག་གི་དྭངས་མ་དམར་པོ་རྒྱ་སྲན་ཙམ་པ་དེ་ན་རྣམ་ཤེས་ཀྱི་རྟེན་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་དེ་ལ་ཕུར་པ་བཏབ་པས་ཁྲག་གི་དྭངས་མ་དེ་ཆུ་ཐིག་ལ་ལྕགས་སྲེག་བཏབ་པ་བཞིན་དུ་སྐམ༔ སྲོག་རྩ་དཀར་པོ་དེ་སྤུ་ཤད་མེ་ལ་བསྲེགས་པ་ལྟར་བསྲེགས༔ རླུང་གི་འཕྲོ་འདུ་དྲུང་ནས་འབྱིན་ཅིང་བཅད༔ རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་ཡུངས་འབྲུ་ཙམ་དེ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཁོང་གསེང་ནས་ཡར་འདྲེན་ཅིང་གནས་གསུམ་གྱི་ལྷ་རྣམས་གྱི་ཐུགས་གསང་བརྒྱུད་དེ་སྐར་མདའ་ཆད་པ་བཞིན་དུ་མདུན་བསྐྱེད་གཙོ་བོའི་ཐུགས་ཀར་ཐིམ་པས་ཆོས་ཉིད་ཀྱི་ཀློང་དུ་སད་ནས་སངས་རྒྱས་པར་བསམ༔ དྷརྨ་ཀཱ་ཡ་ཨ་ཨཱ༔ ཕཊ༔ བརྗོད་པས་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པར་བསམ༔ དེ་ནས་གཟུགས་ཕུང་བཤིག་པར་བྱེད་པ་ལ༔ དང་པོ་ཕུར་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ དབང་དྲག་རོལ་པའི་ཐུགས་དམ་དུས་ལ་བབ༔ བཞེངས་ཤིག་མངོན་སྤྱོད་མཛད་པའི་དུས་ལ་བབ༔ དམ་ཉམས་དགྲ་བགེགས་སྡིག་ཅན་ལྔ་ཕུང་ལ༔ རྡོ་རྗེ་ཕུར་བུའི་དབལ་ཐོབ་རྡུལ་དུ་རློགས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་ས་མ་ཡ༔ དགྲ་བགེགས་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད་ནན་ཐུན་བྷྱོ༔ ཡུངས་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ དབང་དྲག་རོལ་པའི་ཐུགས་དམ་དུས་ལ་བབ༔ བཞེངས་ཤིག་མངོན་སྤྱོད་མཛད་པའི་དུས་ལ་བབ༔ དམ་ཉམས་སྡིག་ཅན་དགྲ་བགེགས་ལྔ་ཕུང་ལ༔ ཡུངས་ཐུན་དྲག་པོ་ཐོབ་ལ་རྡུལ་དུ་རློགས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་ས་མ་ཡ༔ དགྲ་བགེགས་ནྲི་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད་ནན་ཐུན་བྷྱོ༔ ཁྲག་ཐུན་ཐོགས་ལ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ དབང་དྲག་རོལ་པའི་ཐུགས་དམ་དུས་ལ་བབ༔ བཞེངས་ཤིག་མངོན་སྤྱོད་མཛད་པའི་དུས་ལ་བབ༔ དམ་ཉམས་སྡིག་ཅན་དགྲ་བགེགས་ལྔ་ཕུང་ལ༔ ཁྲག་ཐུན་དྲག་པོ་ཐོབ་ལ་རྡུལ་དུ་རློགས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་ས་མ་ཡ༔ དགྲ་བགེགས་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད་ནན་ཐུན་བྷྱོ༔ མཚེ་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ དབང་དྲག་རོལ་པའི་ཐུགས་དམ་དུས་ལ་བབ༔ བཞེངས་ཤིག་མངོན་སྤྱོད་མཛད་པའི་དུས་ལ་བབ༔ དམ་ཉམས་སྡིག་ཅན་དགྲ་བགེགས་ལྔ་ཕུང་ལ༔ མཚེ་ཐུན་དྲག་པོ་ཐོབ་ལ་རྡུལ་དུ་རློགས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཐུན་སྔགས༔ དུག་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ དབང་དྲག་རོལ་པའི་ཐུགས་དམ་དུས་ལ་བབ༔ བཞེངས་ཤིག་མངོན་སྤྱོད་མཛད་པའི་དུས་ལ་བབ༔ དམ་ཉམས་སྡིག་ཅན་དགྲ་བགེགས་ལྔ་ཕུང་ལ༔ དུག་ཐུན་དྲག་པོ་ཐོབ་ལ་རྡུལ་དུ་རློགས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཐུན་སྔགས༔ མཚོན་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ དབང་དྲག་རོལ་པའི་ཐུགས་དམ་དུས་ལ་བབ༔ བཞེངས་ཤིག་མངོན་སྤྱོད་མཛད་པའི་དུས་ལ་བབ༔ དམ་ཉམས་སྡིག་ཅན་དགྲ་བགེགས་ལྔ་ཕུང་ལ༔ མཚོན་ཆ་སྣ་ཚོགས་དབལ་ཐོབ་རྡུལ་དུ་རློགས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཐུན་སྔགས༔ མདའ་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ དབང་དྲག་རོལ་པའི་ཐུགས་དམ་དུས་ལ་བབ༔ བཞེངས་ཤིག་མངོན་སྤྱོད་མཛད་པའི་དུས་ལ་བབ༔ དམ་ཉམས་སྡིག་ཅན་དགྲ་བགེགས་ལྔ་ཕུང་ལ༔ མདའ་ཐུན་དྲག་པོའི་དབལ་ཐོབ་རྡུལ་དུ་རློགས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཐུན་སྔགས༔ རྡོ་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ དབང་དྲག་རོལ་པའི་ཐུགས་དམ་དུས་ལ་བབ༔ བཞེངས་ཤིག་མངོན་སྤྱོད་མཛད་པའི་དུས་ལ་བབ༔ དམ་ཉམས་སྡིག་ཅན་དགྲ་བགེགས་ལྔ་ཕུང་ལ༔ རྡོ་ཐུན་དྲག་པོའི་ཆར་ཕོབས་རྡུལ་དུ་རློགས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཐུན་སྔགས༔ དམར་གཏོར་ཐོགས་ལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ དབང་དྲག་རོལ་པའི་ཐུགས་དམ་དུས་ལ་བབ༔ བཞེངས་ཤིག་མངོན་སྤྱོད་མཛད་པའི་དུས་ལ་བབ༔ དམ་ཉམས་སྡིག་ཅན་དགྲ་བགེགས་ལྔ་ཕུང་ལ༔ དམར་གཏོར་དྲག་པོའི་དབལ་ཐོབ་རྡུལ་དུ་རློགས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཐུན་སྔགས༔ དེ་ནས་ས་ཐུན་ཐོགས་ལ༔ ཧཱུྃ་སུཾ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ དབང་དྲག་རོལ་པའི་ཐུགས་དམ་དུས་ལ་བབ༔ བཞེངས་ཤིག་མངོན་སྤྱོད་མཛད་པའི་དུས་ལ་བབ༔ དམ་ཉམས་སྡིག་ཅན་དགྲ་བགེགས་ལྔ་ཕུང་ལ༔ ས་ཐུན་དྲག་པོས་ས་ཁམས་རང་གཤེད་ཕོབས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཐུན་སྔགས༔ དེ་ནས་ཆུ་ཐུན་ཐོགས་ལ༔ ཧཱུྃ་བཾ༔ ཆོས་ཀྱི་དབྱིིངས་ནས་རང་བྱུང་གྲུབ་པའི་ལྷ༔ དབང་དྲག་རོལ་པའི་ཐུགས་དམ་དུས་ལ་བབ༔ བཞེངས་ཤིག་མངོན་སྤྱོད་མཛད་པའི་དུས་ལ་བབ༔ དམ་ཉམས་སྡིག་ཅན་དགྲ་བགེགས་ལྔ་ཕུང་ལ༔ ཆུ་ཐུན་དྲག་པོས་ཆུ་ཁམས་རང་གཤེད་ཕོབས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཐུན་སྔགས༔ མེ་ཐུན་ཐོགས་ལ༔ ཧཱུྃ་རཾ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ དབང་དྲག་རོལ་པའི་ཐུགས་དམ་དུས་ལ་བབ༔ བཞེངས་ཤིག་མངོན་སྤྱོད་མཛད་པའི་དུས་ལ་བབ༔ དམ་ཉམས་སྡིག་ཅན་དགྲ་བགེགས་ལྔ་ཕུང་ལ༔ མེ་ཐུན་དྲག་པོས་མེ་ཁམས་རང་གཤེད་ཕོབས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཐུན་སྔགས༔ རླུང་ཐུན་གཡབ་ལ༔ ཧཱུྃ་ཡཾ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ དབང་དྲག་རོལ་པའི་ཐུགས་དམ་དུས་ལ་བབ༔ བཞེངས་ཤིག་མངོན་སྤྱོད་མཛད་པའི་དུས་ལ་བབ༔ དམ་ཉམས་སྡིག་ཅན་དགྲ་བགེགས་ལྔ་ཕུང་ལ༔ རླུང་ཐུན་དྲག་པོས་རླུང་ཁམས་རང་གཤེད་ཕོབས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་ས་མ་ཡ༔ དགྲ་བགེགས་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད་ནན་ཐུན་བྷྱོ༔ ཞེས་བརྗོད་ཐུན་གྱིས་གདབ་པའི་མཐར༔ གཏུན་གྱིས་བརྡུང་ཞིང་ཕྱེ་མར་གཏུབ༔ ཞལ་དུ་བསྟབ་ཅིང་གཏང་རག་ཏུ༔ མཆོད་ཅིང་བསྟོད་དེ་རྫོགས་པར་བྱ༔ དེ་ལྟར་མངོན་སྤྱོད་ལས་གྲུབ་པས༔ ཆོ་གའི་ཟུར་རྒྱན་བཀོད་པ་ནི༔ ངག་དབང་ཕྲིན་ལས་ཀྱིས་བསྐུལ་ངོར༔ བདུད་འཇོམས་རྡོ་རྗེས་སྨྲས་པ་དགེ༔ སརྦ་མངྒ་ལཾ།།དགེའོ།།།།