TTDL-ZABTER-03-GA-058: Difference between revisions

From Dudjom Wiki
TTDL-ZABTER-03-GA-058
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 3: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=phyag na rdo rje
|cycle=gsang bdag rdo rje gtum po
|cycletib=གསང་བདག་རྡོ་རྗེ་གཏུམ་པོ་
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms phyag rdor
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ག
|volumenumber=03
|volumenumber=03
|volumeLetter=GA
|volumeLetter=GA

Revision as of 11:08, 7 August 2024

Wylie title TTDL-ZABTER-03-GA-058.pdf
Location bdud 'joms gling pa zab gter
Volume 3, Text 58, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms phyag rdor
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle གསང་བདག་རྡོ་རྗེ་གཏུམ་པོ་ (gsang bdag rdo rje gtum po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity phyag na rdo rje
[edit]
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་བདག་ཕྱག་ན་རྡོ་རྗེའི་རྩ་སྒྲུབ་ཆོས་ཉིད་སྤྲིན་ཕུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༥༥༡གསང་བདག་ཕྱག་ན་རྡོ་རྗེ་ཡི༔ གསང་གསུམ་རྡོ་རྗེའི་ལྷུམས་འཇུག་པའི༔ ཐབས་འདི་པདྨ་ཐོད་ཕྲེང་ངས༔ མ་འོངས་བརྒྱུད་འཛིན་རྗེས་བཟུང་ཕྱིར༔ བཀོད་དེ་སྲ་བའི་སྒྲོམ་དུ་བཙུད༔ རྡོ་རྗེ་བྲག་གི་ལྷུམས་སུ་སྦས༔ ཉམས་སུ་ལོངས་དང་ཕྱི་རབས་རྣམས༔ སྒོམ་བཟླས་གནད་དང་ལྡན་གྱུར་ན༔ རྣམ་སྨིན་རིག་འཛིན་ཉེར་ཐོབ་འགྱུར༔ ས་མ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་སྣང་བདེ་ཆེན་འོག་མིན་གནས༔ མེ་རི་འབར་བའི་དུར་ཁྲོད་དབུས༔ དྲག་པོའི་གཞལ་ཡས་ཡངས་པའི་ནང་༔ རིག་པ་ཧཱུྃ་མཐིང་འཕྲོ་འདུ་ལས༔ པདྨ་ཉི་མའི་གདན་སྟེང་དུ༔ གཟའ་ཀླུ་སྡེ་བརྒྱད་བསྣོལ་བའི་སྟེང་༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ གསང་བདག་རྡོ་རྗེ་གཏུམ་པོའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་གསོར༔ གཡོན་པས་སྡིགས་མཛུབ་སྤྲུལ་ཞགས་བསྣམས༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ སྤྱན་གསུམ་སྡང་མིག་མཁའ་ལ་གཟིགས༔ དབུ་སྐྲ་དམར་སེར་སྲིད་རྩེར་བརྫེས༔ ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན༔ ཐོད་རློན་ཕྲེང་བས་དོ་ཤལ་མཛད༔ སྦྲུལ་རིགས་ལྔ་ཡིས་ཡན་ལག་བརྒྱན༔ གླང་ཆེན་མི་ལྤགས་སྟོད་གཡོགས་དང་༔ སྟག་ཤམ་སྦྲུལ་ཆུན་ཐལ་ཚོམ་དང་༔ ཁྲག་ཐིག་ཞག་གི་ཟོ་རིས་བརྒྱན༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་༔ རང་བྱུང་ལྷུན་གྲུབ་ཆེན་པོར་བསྒོམ༔ དབུ་གཙུག་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ལོངས་སྤྱོད་རྫོགས་པའི་ཆས༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས༔ ཡེ་ཤེས་འཇའ་ཐིག་ཀློང་དུ་གསལ༔ བདག་ཉིད་དྲག་པོའི་གནས་ལྔ་རུ༔ ཁྲག་འཐུང་རིགས་ལྔའི་དཀྱིལ་འཁོར་རྫོགས༔ གཞི་དབྱིངས་ཀ་དག་ཆོས་སྐུའི་མཁར༔ ལྷུན་གྲུབ་བདེ་ཆེན་ལོངས་སྤྱོད་རྫོགས༔ མ་ལུས་རང་སྣང་ལས་འཕོས་ཏེ༔ སྣང་བ་སྐུ་དང་ཡེ་ཤེས་ཀྱི༔ རང་བཞིན་ཉིད་དུ་རྫོགས་སངས་རྒྱས༔ ས་མ་ཡ༔ སྤྱི་བོ་མགྲིན་པ་སྙིང་ཁ་རུ༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསལ༔ རྒྱལ་བ་རྒྱ་མཚོའི་གསང་བ་གསུམ༔ རང་བྱུང་ལྷུན་གྲུབ་ངང་རྫོགས་བསམ༔ ས་མ་ཡ༔ རང་ཉིད་གསང་བའི་བདག་པོ་ཡི༔ ཐུགས་ཀར་པདྨ་ཉི་མའི་སྟེང་༔ ཡེ་ཤེས་སེམས་དཔའ་རང་འདྲ་བའི༔ སྙིང་དབུས་ཉི་སྟེང་རྡོ་རྗེའི་ལྟེར༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ སྣང་བ་ལྷ་དང་གཞལ་ཡས་ཁང་༔ སྒྲ་གྲགས་དག་པ་སྔགས་ཀྱི་སྒྲ༔ དྲན་རྟོག་ཆོས་ཉིད་རོལ་པའི་ངང་༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ སྒོམ་བཟླས་གནད་དང་ལྡན་པའི་ངང་༔ འབུམ་ཕྲག་བརྒྱ་ཡི་གྲངས་རྫོགས་ན༔ རྣམ་པར་སྨིན་པའི་རིག་འཛིན་འཐོབ༔ ཐེ་ཚོམ་མེད་དོ་པདྨའི་བཀའ༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་འཁོར་འདས་འུབ་ཆུབ་རོལ་པའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།