TTDL-ZABTER-05-CA-012: Difference between revisions

From Dudjom Wiki
TTDL-ZABTER-05-CA-012
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་གྱི་སྐོར༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བསྐུལ་བ་ཚངས་པའི་སྒྲ་དབྱངས༔
|fulltitle=zab gsang mkha' 'gro'i snying thig las: thugs sgrub gsang ba'i rgya can gyi skor: dpal chen rdo rje gzhon nu'i bskul ba tshangs pa'i sgra dbyangs:
|citation=Khrag 'thung [[Bdud 'joms gling pa]]. ''Zab gsang mkha' 'gro'i snying thig las thugs sgrub gsang ba'i rgya can gyi skor dpal chen rdo rje gzhon nu'i bskul ba tshangs pa'i sgra dbyangs''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 5: 129-148. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 5: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|tibgenre=Invocations - bskul ba
|terma=Yes
|terma=Yes
|deity=rdo rje phur pa
|deity=rdo rje phur pa
Line 16: Line 16:
|parentcycle=zab gsang mkha' 'gro'i snying thig
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms gnam lcags spu gri
|language=Tibetan
|language=Tibetan
|volumenumber=05
|volnumtib=༥
|volnumtib=༥
|volyigtib=ཅ་
|volyigtib=ཅ་
|volumenumber=05
|totalvolumes=21
|volumeLetter=CA
|textnuminvol=012
|textnuminvol=012
|pagenumbers=129-148
|totalpages=20
|beginfolioline=1a1
|endfolioline=10b6
|totalfolios=10
|multivolumework=No
|rectonotes=bskul ba
|versonotes=bdud 'joms phur pa gnam lcags spu gri
|colophontib=ཞེས་པ་འདི་ཡང་ཟབ་གསང་རྫོགས་པ་ཆེན་པོ་འོད་གསལ་སྒྱུ་མའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེའི་མིང་ནས་བཏོན་ཏེ་མི་ལོ་བདུན་ལ་བཀའ་རྒྱས་བཏབ་ནས་མཐར་སྨར་སྟོད་འབྲོས་ཕུག་ཅེས་བྱ་བ་རྡོ་རྗེ་མཁའ་འགྲོའི་གསང་ཕུག་ནས་དག་པར་ཕབ་པའི་ཡི་གེ་པ་ནི་སྔོན་སྨོན་ལས་ཀྱིས་འབྲེལ་བའི་རང་སློབ་ཕུན་ཚོགས་བཀྲ་ཤིས་ཞེས་བྱ་བས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ །།སརྦ་མངྒ་ལཾ།།
|colophonwylie=zhes pa 'di yang zab gsang rdzogs pa chen po 'od gsal sgyu ma'i rnal 'byor pa rig 'dzin bdud 'joms rdo rjes gser smad rnga la stag rtse'i g.yas logs shwa brag rdo rje'i ming nas bton te mi lo bdun la bka' rgyas btab nas mthar smar stod 'bros phug ces bya ba rdo rje mkha' 'gro'i gsang phug nas dag par phab pa'i yi ge pa ni sngon smon las kyis 'brel ba'i rang slob phun tshogs bkra shis zhes bya bas so/_/dge'o/_/dge'o/_/dge'o/_/legs so_//sarba mang+ga laM//
|pdflink=File:TTDL-ZABTER-05-CA-012.pdf
|pdflink=File:TTDL-ZABTER-05-CA-012.pdf
|authortib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|volumeLetter=CA
|InitCategories=Dudjom Tersar Project; TTDL-ZABTER-Volume-05-CA
|InitCategories=Dudjom Tersar Project; TTDL-ZABTER-Volume-05-CA
}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༠༠༠༠༠༠བརྡ་ཡིག༡༢༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་གྱི་སྐོར༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བསྐུལ་བ་ཚངས་པའི་སྒྲ་དབྱངས་བཞུགས་སོ༔  
{{TibP|ཐྂ༎༔  ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་གྱི་སྐོར༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བསྐུལ་བ་ཚངས་པའི་སྒྲ་དབྱངས་བཞུགས་སོ༔  
༠༠༠༠༠༠བརྡ་ཡིག༡༢༩ན་མོ་གུ་རུ་དྷེ་ཝ་ཝེ༔ ༠༠༠༠༠༠བརྡ་ཡིག༡༢༩ཕུར་པ་བསྒྲུབ་པའི་རིག་འཛིན་ལ༔ བསྐུལ་བ་ཚངས་པའི་སྒྲ་དབྱངས་གཅེས༔ དམར་གཏོར་ཁྲག་སྐྱེམས་དྲན་བྱས་ཏེ༔ ཧཱུྃ་ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་བཞེངས་ཤིག༔ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་སྐུ་བཞེངས་ཤིག༔ ཡེ་ཤེས་མེ་རི་འབར་བའི་ཀློང་དཀྱིལ་ནས༔ ཁྲོ་རྒྱལ་ཀཱི་ལ་རིགས་ལྔ་སྐུ་བཞེངས་ཤིག༔ གནམ་ལྕགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་སྐུ་བཞེངས་ཤིག༔ གྲུ་གསུམ་ཟླ་གམ་དམར་པོའི་ཨེ་སྟེང་ནས༔ སྲས་མཆོག་ཁྲ་ཐབས་ཉེར་གཅིག་སྐུ་བཞེངས་ཤིག༔ ཕྲིན་ལས་ལྷུན་གྲུབ་ཕྱོགས་བཞིའི་སྒོ་བཞི་ནས༔ ཡེ་ཤེས་སྒོ་མ་རྣམ་བཞི་སྐུ་བཞེངས་ཤིག༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ ཕུར་སྲུང་དམ་ཅན་རྒྱ་མཚོ་སྐུ་བཞེངས་ཤིག༔ མ་གཡེལ་མ་གཡེལ་དམ་ཚིག་གཉན་གྱིས་བསྐུལ༔ ཤ་ཁྲག་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ ནག་ཕྱོགས་རྗེ་བོ་དམག་འཁྲུགས་གཡུལ་འགྱེད་མཁན༔ སྡོང་ཟླ་བདུད་དམག་འགོང་ནག་དྲག་རྔམས་ཅན༔ མཐའ་ཁོབ་ཀླ་ཀློས་ཆོས་ཁྲིམས་འཇིག་ཆས་སོགས༔ སངས་རྒྱས་བསྟན་བཤིག་སྐྱེ་འགྲོའི་བདེ་བཅོམ་པའི༔ གཟུགས་ཅན་དགྲ་དང་གཟུགས་མེད་མི་མིན་ཚོགས༔ ལོངས་ཡོད་ལོ་ཟླར་འགྱངས་སུ་མ་ཤོར་བར༔ ནམ་མཁའི་གློག་ཞགས་འཕེན་སྡུད་ལས་མྱུར་བར༔ སྲོག་གི་མེ་སོད་སྙིང་གི་ཁྲག་དྲོངས་ཤིག༔ རླུང་གི་རྒྱུ་འགྲུལ་གློ་བའི་མདོ་ནས་ཆོད༔ དཔུང་ཚོགས་སྔོན་རྒྱུག་རྗེས་འབྲངས་སྐྱོབ་གྲོགས་བཅས༔ ལྷ་ཡང་རུང་སྟེ་ཐལ་བའི་རྡུལ་དུ་རློག༔ དམ་ལས་མ་འདའ་བཛྲ་ས་མ་ཡ༔ དམ་ཚིག་དབང་གིས་མཐའ་དམག་དུས་འཁྲུགས་ཟློག༔ བདག་ཅག་སྐུ་རྗེ་བོད་ཀྱི་རྒྱལ་ཁམས་སུ༔ ལོ་ལེགས་འབྲུ་འཕེལ་སངས་རྒྱས་བསྟན་པ་དར༔ དགེ་ལེགས་ཡར་འཕེལ་འདོད་རྒུ་རབ་རྒྱས་ནས༔ འཁྲུགས་དང་འཐབ་དང་རྩོད་པ་མེད་པར་མཛོད༔ དམོད་བྱང་འཆི་བདག་ནག་པོའི་ཧུབ་སྒྲ་ནི༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ བཀའ་བརྒྱུད་རིག་འཛིན་བླ་མ༔ ཡི་དམ་རྒྱུད་སྡེའི་ལྷ་ཚོགས༔ མ་སྲིང་མཁའ་འགྲོ་རྒྱ་མཚོ༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་པ་བདག་ལ་དགོངས་སུ་གསོལ་ལོ༔ ཁྱེད་རྣམས་ལ་ཐུགས་རྗེ་མཐུ་སྟོབས་ནུས་རྩལ་མངའ་འམ༔ མངའ་ཞེས་བདེན་པར་ངེས་སྲིད་དམ༔ སྲིད་ན་ད་དུས་འདི་ལ་ཐུགས་རྗེའི་ཤུགས་ཕྱུང་༔ མཐུ་དང་རྩལ་བསྐྱེད༔ ནུས་པའི་སྟོབས་བསྐྱེད༔ དམ་ཚིག་ལ་དགོངས་འཚལ་ལོ༔ དམ་ཚིག་དང་སྤྲུལ་པ་ཆེན་པོའི་དུས་ལ་བབ་བོ༔ ཕྲིན་ལས་སུ་བཅོལ་བ་ནི་ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ སངས་རྒྱས་ཀྱི་བསྟན་པ་བཤིག་པའི་ལག་དམར༔ དཀོན་མཆོག་དབུ་འཕང་སྨད་པའི་བསྟན་བཤིག༔ སྐྱེ་འགྲོའི་བདེ་བ་བཅོམ་པའི་བདུད་པོ༔ དམག་འཁྲུགས་གཡུལ་མཚོན་འགྱེད་པའི་སྡིག་རྗེ༔ ཡུལ་སྡེ་དགོན་གནས་འཇིག་པའི་ནག་ཕྱོགས༔ བསྟན་པའི་ཆོས་ཁྲིམས་བཤིག་པའི་རཱུ་དྲ༔ ཕྱོགས་བཞིའི་བདུད་སྤྲུལ་དམ་ལོག་གསང་སྔགས་རྡོ་རྗེ་ཐེག་པ་ལ་ལོག་པར་ལྟ་བ་དེ་དག་ཐམས་ཅད༔ དབང་ཕྱུག་ཆེན་པོའི་སྐྱབས་འོག་མན་ཆད༔ ཨ་བ་གླང་མགོའི་བཙོན་ར་ཡན་ཆད༔ འབྱུང་བ་ཟད་པའི་ཕ་མཐའ་ཚུད་ཆད་གང་ན་གནས་ཀྱང་༔ ལོ་དང་ཟླ་ཞག་ཏུ་མ་བཞག༔ ནམ་མཁའ་སྟོང་པ་ལ་ཚད་མ་འཛུག༔ མི་ཚེ་ཕྱི་མ་ལ་དུས་མ་བཏབ༔ སྐྱེ་འཆི་གཉིས་ལ་ཁུངས་མ་བཙལ༔ ཕྱག་དང་ཞུ་བ་བྱེད་དུ་བྱུང་ཡང་བརྩེ་མ་ཤོར་བར་དུས་ད་ལྟ་ཞག་དོ་ནུབ་མོ་འདི་ལས་འདས་སུ་མ་བཞག་པར༔ སྙིང་ཁྲག་དམར་པོ་ཐང་ལ་ཕོས་ཤིག༔ སྲོག་རྩ་རྒལ་ནས་ཆོད་ཅིག༔ མིག་འབྲས་ཐང་ལ་འཕོངས་ཤིག༔ རྒྱུ་མ་ལམ་དུ་གནོར་ཞིག༔ ཁ་ཟས་མིད་དུ་མ་ཤོར༔ ཚིག་གི་མཇུག་མ་རྫོགས་པར༔ སོད་ཅིག་སྒྲོལ་ཅིག༔ ཕོ་རྒྱུད་ཀྱི་རྩ་བ་རྩད་ནས་ཆོད་ཅིག༔ མོ་རྒྱུད་ཀྱི་རྩ་བ་མངལ་ནས་སྐོམ་ཞིག༔ ལྷག་མ་རྗེས་ཤུལ་མཐའ་རྩ་སྐྱེ་བརྒྱུད་དང་བཅས་པ་ལས་ཀྱི་གཤིན་རྗེ་ནག་པོའི་ཁ་རུ་སྟོབ་ཅིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་དང་མཉམ་དུ་བཞེས་བཞེས་རོལ་རོལ༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿབཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ ཨ་བྷི་ཙཱཪྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ནའོ༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་དགྲ་བགེགས་ལོག་འདྲེན་མཐའ་དམག་དུས་འཁྲུགས་དུས་མཐའི་འགོང་ནག་སངས་རྒྱས་བསྟན་བཤིག་ལོག་འདྲེན་རྒྱལ་འགོང་གདུག་པའི་སེམས་དང་ལྡན་པ་ཐམས་ཅད་མཱ་ར་ཡ་རྦད་ནན་བྷྱོ་ཟློག༔ ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཏ་ཐ་ཡ་ཏ་ཐ་ཡ་རྦད་བྷྱོ༔ ས་མ་ཡ༔ དྲག་པོ་འཇིགས་བྱེད་སྲོག་བདག་སྡེ་ལྔའི་རྦད་བསྐུལ་ལས༔ རྡོ་རྗེ་ལེགས་པའི་རྦད་བསྐུལ་ནི༔ ཧཱུྃ་ཛཿགསང་བདག་ཕྱག་ན་རྡོ་རྗེ་ཡི༔ བཀའ་ཉན་བསྟན་སྲུང་དམ་ཚིག་ཅན༔ སངས་རྒྱས་ཤཱཀྱ་ཐུབ་པ་དང་༔ རྒྱལ་དབང་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་བསྟན་པའི་སྲུང་མ་ཆེ༔ རྡོ་རྗེ་ལེགས་པ་རྫུ་འཕྲུལ་ཅན༔ མཐུ་དང་ཟེར་གྱིས་སྣ་ལ་རྒྱུག༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་རྣམས༔ བསྐུལ་ལོ་དམ་ཚིག་གཉན་གྱིས་བསྐུལ༔ ཧཱུྃ་ཛཿཕ་ནི་མོན་པ་ནག་པོ་བསྐུལ༔ དགྲ་བགེགས་སྲོག་སྙིང་རྩད་ནས་འབྱིན༔ མ་ནི་མོན་མོ་ནག་མོ་བསྐུལ༔ དགྲ་སྲོག་དབང་པོ་རྣམ་ལྔ་བསྣུབ༔ སྲས་མཆོག་རྡོ་རྗེ་ལེགས་པ་བསྐུལ༔ ཆོ་ཆོ་དགྲ་བགེགས་ཐལ་བར་རློག༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ སེང་ཞོན་དམག་ཚོགས་ནམ་མཁར་རྒྱུག༔ དགྲ་བོའི་གནམ་གྱི་དམུ་ཐག་ཆོད༔ བྱ་ཞོན་དམག་ཚོགས་བར་སྣང་རྒྱུག༔ དགྲ་བོའི་སྲོག་སྙིང་སྐད་ཅིག་ལོངས༔ ར་ཞོན་དམག་ཚོགས་ས་གཞིར་རྒྱུག༔ དགྲ་བོའི་ས་ཡི་བརྟེན་ཕུར་ཕུད༔ ཤ་ཟའི་དམག་ཚོགས་ཤ་ལ་རོལ༔ ཁྲག་འཐུང་དམག་ཚོགས་ཁྲག་ལ་རོལ༔ རུས་འཆའི་དམག་ཚོགས་རུས་པ་མུར༔ སྲོག་གཅོད་དམག་གིས་སྲོག་དབུགས་བསྡུས༔ དམ་ཅན་དམ་ལས་མ་འདའ་ཞིག༔ སྡང་དགྲ་གདུག་པའི་དཔུང་ཚོགས་རྣམས༔ སྐད་ཅིག་ཉིད་ལ་ད་སྒྲོལ་ཅིག༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ བསྐུལ་ལོ་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ས་དྷུ་ས་མ་ཡ་ཛ་ཛ༔ ཆོ་ཆོ་རྒྱུག་རྒྱུག་དགྲ་ལ་རྦད་བྷྱོ༔ དེ་ནས་བདུད་མགོན་ནག་པོའི་རྦད་བསྐུལ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་རྡོ་རྗེ་གྲོ་བོ་ལོད༔ ང་ནི་བཛྲ་ཀཱི་ལ་ཡ༔ འབོད་དོ་བསྐུལ་ལོ་བསྟན་སྲུང་ཆེ༔ ཕོ་བྲང་མཁའ་སྤྱོད་ཙ་རི་ནས༔ མི་སྲུན་རབ་འཇིགས་རྔམས་པའི་སྐུ༔ བདུད་མགོན་སེང་གདོང་ཡབ་ཡུམ་ལ༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར༔ ཛཿབྱོན་ཅིག་གཤེགས་ཤིག་བསྟན་སྲུང་ཆེ༔ བསྐུལ་ལོ་དམ་ཚིག་གཉན་གྱིས་བསྐུལ༔ འབོད་དོ་དམ་ཚིག་གཉན་གྱིས་འབོད༔ བསྟན་པ་གཉན་ལ་དགྲ་དར་ན༔ བསྟན་སྲུང་གཉན་པོ་མེད་དམ་ཅི༔ བཅོལ་བའི་ལས་འདི་མ་བྱས་ན༔ དུས་གསུམ་རྒྱལ་བའི་བཀའ་བསླུས་ཤིང་༔ རིག་འཛིན་བརྒྱུད་པའི་དམ་ལས་འདས༔ རྣལ་འབྱོར་བདག་གི་དམ་ཡང་འགལ༔ དོ་ནུབ་བསྐུལ་བའི་ལས་ལ་རྒྱུག༔ དོ་ནུབ་སྡང་བའི་དགྲ་བོ་སོད༔ བསྟན་བཤིགས་རཱུ་དྲའི་དམག་ཚོགས་འདི༔ ལོ་ཟླར་བཞག་པའི་ལོངས་མེད་ཀྱི༔ ད་ལྟ་ཉིད་དུ་བརླག་པར་མཛོད༔ གཡུལ་འགྱེད་མཚོན་གྱི་ལས་བྱེད་པའི༔ བདུད་རྒྱལ་བློན་འབངས་བཅས་པ་རྣམས༔ རྗེས་ཤུལ་མིང་ཙམ་མ་ལུས་པ༔ ཐལ་བ་རླུང་གིས་གཏོར་བཞིན་རློག༔ སྙིང་ཁྲག་དམར་པོ་ཧུབ་ཀྱིས་འཐུང་༔ སྲོག་གི་མར་མེ་ཐིབ་ཀྱིས་སོད༔ དབུགས་ཀྱི་འབྱུང་འཇུག་རྩད་ནས་ཆོད༔ ཨོཾབཛྲ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ས་མ་ཡ་དགྲ་྄ལ་རྦད་བྷྱོ༔ གནོད་སྦྱིན་ཆེན་པོའི་རྦད་བསྐུལ་ནི༔ ཧེ་ཀྵ༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ འཇིགས་བྱེད་དྲག་པོའི་སྐུར་སྟོན་པ༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ཡུམ་མཆོག་སྙིང་འབྱིན་དམར་མོ་དང་༔ སྤྲུལ་འཁོར་བརྒྱད་དང་ཡང་འཁོར་ནི༔ བྱེ་བ་དུང་ཕྱུར་ལྷ་སྲིན་ཚོགས༔ མ་གཡེལ་མ་འགྱངས་ལས་ལ་བསྐུལ༔ ས་མ་ཡ་ཡིས་འབོད་ཅིང་བསྐུལ༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ གསང་བདག་ཕྱག་ན་རྡོ་རྗེ་དང་༔ ཕུང་བྱེད་ཤཱནྟིཾ་གྷརྦྷ་དང་༔ རིག་འཛིན་རྡོ་རྗེ་གཤོག་རྒོད་ཀྱིས༔ ཇི་ལྟར་བཀའ་བསྒོས་ཐ་ཚིག་བཞིན༔ བསྟན་པ་གཉན་ལ་དགྲ་དར་ན༔ བསྟན་སྲུང་གཉན་པོ་མེད་དམ་ཅི༔ མུ་སྟེགས་ལོག་ལྟ་ཆོས་ཁྲིམས་བཤིག༔ བསྟན་གནས་ཡུལ་དགོན་མཚོན་གྱིས་འགེང་༔ སློབ་བུ་དམ་ལོག་བླ་མར་གཤེ༔ བདུད་སྤྲུལ་སྡིག་རྗེས་སྐྱེ་འགྲོར་བསྡིག༔ སྟོན་པ་རྡོ་རྗེ་རྒྱལ་པོ་ཡང་༔ བདུད་ཀྱི་དམངས་སུ་བབ་ལ་རེ༔ དམ་ཅན་རྒྱ་མཚོ་གང་ན་བཞུགས༔ མ་གཡེལ་བཀའ་ཡི་སྲུང་མ་ཆེ༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཀའ་དང་དམ་ལ་མ་འདའ་བར༔ དམ་ཉམས་བསྟན་པའི་རཱུ་དྲ་དང་༔ མཐའ་མི་རྒྱ་སོག་བྷནྡྷེ་ཧོར༔ མུ་སྟེགས་ཀླ་ཀློ་ལོག་ལྟའི་རིགས༔ སྟོད་ཧོར་ཇིང་འདུར་སྡིག་པའི་སྡེ༔ དམག་འཁྲུགས་གསོད་གཅོད་ལས་བརྩོན་པའི༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ལོ་ཟླ་རིང་དུ་མ་འགྱང་བར༔ ད་ལྟ་སྐད་ཅིག་ཡུད་ཙམ་གྱིས༔ ལོ་ཐོག་སེར་བས་བཅོམ་བཞིན་ཐོངས༔ དཔུང་ཚོགས་སྐྱབས་དང་བརྟེན་བཅས་པ༔ ཐལ་བ་རླུང་གིས་གཏོར་བཞིན་རློག༔ བསྐྱོད་པའི་རྐག་ལག་སྡོང་པོ་བཞི༔ གནམ་ལྕགས་རྡོ་རྗེའི་ཐོག་གིས་ཤིག༔ བཀྲ་བ་དབང་པོའི་མེ་ཏོག་བསྣུབ༔ འབྱུང་འཇུག་རླུང་གི་རྒྱུ་འགྲུལ་ཆོད༔ སྲོག་གི་མར་མེ་ཐིབ་ཀྱིས་སོད༔ ཕུང་ཁམས་སྐྱེ་མཆེད་རྔམས་པར་རོལ༔ རྗེས་ཤུལ་མིང་ཙམ་མེད་པར་མཛོད༔ དྲག་པོའི་མངོན་སྤྱོད་ཕྲིན་ལས་མཛོད༔ རྒྱལ་ཁམས་ཀུན་དུ་བདེ་ལེགས་སྩོལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲཱི་ད་སརྦ་ས་མ་ཡ་ཛ་ཛཿདགྲ་བགེགས་ལོག་འདྲེན་ཐམས་ཅད་མཱ་ར་ཡ་ཟློག་ཟློག༔ ཧེ་ཧེ་ཧཱུྃ་ཀྵ་བྷྱོ་ཛཿགཟའ་བདུད་ནག་པོའི་རྦད་བསྐུལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་སྤྱི་དཔལ་ཆེན་པོ་སྟེ༔ ང་ནི་རྡོ་རྗེ་གཏུམ་པོ་ཆེ༔ ང་ནི་བཛྲ་ཀཱི་ལ་ཡ༔ འཁོར་འདས་ཡོངས་ཀྱི་དབང་ཕྱུག་ཆེ༔ ཧཱུྃ་ཛཿདུར་ཁྲོད་རབ་འཇིགས་རྩུབ་འགྱུར་ཚལ༔ འཇིགས་རུང་རྔམས་འཁྲིགས་དྲག་པོའི་གནས༔ ཁྲག་ཞག་རྦ་ཀློང་འཁྲིགས་པའི་མཚོར༔ དྲང་སྲོང་གཟའ་བདུད་རཱ་ཧུ་ལ༔ ཡབ་ཡུམ་ཀླུ་སྲིན་གཏུམ་དྲག་རྔམས༔ སྤྲུལ་པ་གཟའ་མཆོག་ཆེན་པོ་བརྒྱད༔ སྡོང་ཟླ་གདོང་མོ་མཆེད་བཞི་དང་༔ བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་དང་༔ རྒྱུ་སྐར་ཉེར་བརྒྱད་དང་བཅས་པ༔ ནམ་མཁའ་ཡངས་པའི་ཀློང་ནས་གཤེགས༔ དམ་ཚིག་གཉན་གྱི་གདན་ལ་བཞུགས༔ མཐུན་རྫས་འདོད་ཡོན་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་ཞིག༔ བསྟན་པ་གཉན་ལ་དགྲ་དར་ན༔ མ་གཡེལ་མ་འགྱངས་དུས་ལ་བབ༔ གཡར་དམ་གཉན་གྱིས་ཐུགས་དམ་བསྐུལ༔ ཐ་ཚིག་དབང་གིས་ཕྲིན་ལས་སྒྲུབ༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ སྐྱེ་འགྲོའི་བདེ་བ་བཅོམ་པ་ཡི༔ དམ་ཉམས་ཞིང་བཅུའི་དམག་ཚོགས་འདི༔ མགོ་འཛིན་དོན་གཉེར་བྱེད་པ་ཡི༔ རྗེ་བློན་འབངས་དང་བཅས་པ་ལ༔ ཁྱབ་འཇུག་ཆེན་པོའི་དུག་གིས་ཐོབ༔ གཟའ་ཆེན་བརྒྱད་ཀྱིས་ཧུར་ཐུམ་རྦད༔ རྒྱུ་སྐར་དམག་གིས་ནད་མཚོན་ཐོངས༔ གདོང་མོ་བཞི་ཡིས་རང་འབྱོར་གྱི༔ ནད་མཚོན་ཐོག་སེར་ཆར་ཕོབ་ཅིག༔ སྤྲུལ་འཁོར་ལྷ་སྲིན་སྡེ་བརྒྱད་ཀྱིས༔ ཐལ་བའི་རྡུལ་དུ་བརླག་པར་མཛོད༔ རྗེས་ཤུལ་མིང་ཙམ་མ་ལུས་པ༔ བ་མོ་ཉི་ཟེར་ཕོག་ལྟར་ཐོངས༔ བཅོལ་བའི་ལས་འདི་གཉེར་གཏད་པས༔ གསང་བདག་ཕྱག་ན་རྡོ་རྗེའི་བཀའ༔ རིག་འཛིན་པདྨ་འབྱུང་གནས་བཀའ༔ ད་ལྟ་རྣལ་འབྱོར་བདག་གི་བཀའ༔ བཀའ་ལས་མ་འདའ་ཐ་ཚིག་ཅན༔ དམ་ལས་མ་འདའ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་མྱུར་དུ་བསྒྲུབ༔ ཨོཾ་རཱ་ཧུ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཆོ་ཆོ་རྒྱུག་རྒྱུག་ཛ་ཛཿབྷྱོ་བྷྱོ་སྡང་བའི་དགྲ་ལ་རྦད་རྦད་ཧ་ལ་ཧ་ལ་དགྲ་བོ་ཐིབ་ཐིབ་ཐུམ་རི་ལི་ལི་མཱ་ར་ཡ་རྦད་ཟློག་བྷྱོ༔ བཙན་དམར་ཤན་པའི་རྦད་བསྐུལ་ནི༔ ཙ༔ ལྗོན་ཤིང་བྲག་རི་གཏམས་པའི་ཚལ༔ རྔམས་པའི་སྒྲ་འབྱིན་ཕོ་བྲང་ནས༔ བཙན་རྒོད་ཤན་པ་ཀུ་འདེབས་ཁྱོད༔ མ་ཐོགས་གནས་འདིར་གཤེགས་སུ་གསོལ༔ ཤ་ཁྲག་དམར་མཆོད་འདི་བཞེས་ལ༔ བཅོལ་བའི་ལས་ལ་མ་གཡེལ་རེམ༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བསྟན་པ་གཉན་ལ་དགྲ་དར་ན༔ མ་གཡེལ་སྲུང་མ་མཐུ་རྩལ་ཅན༔ བསྐུལ་ལོ་དམ་ཚིག་གཉན་གྱིས་བསྐུལ༔ འདས་ན་མགོ་འགས་རྟག་ཏུ་མནར༔ དེ་བས་དམ་ལ་ད་དགོངས་འཚལ༔ ཀི་བསྭོ་ཆའོ་དམག་ལ་ཆོས༔ རེམ་ཅིག་སྲུང་མ་མཐུ་རྩལ་ཅན༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ལོ་ཟླ་འགྱངས་སུ་མ་ཤོར་བར༔ ད་ལྟ་བསྒྲལ་བའི་དུས་ལ་བབ༔ དམ་ཉམས་དགྲ་བོ་ལས་ངན་གྱི༔ དཔུང་ཚོགས་བྲན་དང་བུ་སྨད་བཅས༔ དམ་ཅན་སྐྱོད་ལ་གཉེར་དུ་གཏད༔ མཐུ་དང་རྫུ་འཕྲུལ་རྩལ་མ་ཞན༔ དགྲ་བོ་དམ་ཉམས་ལས་ངན་གྱི༔ མི་ནོར་བང་མཛོད་དཔུང་བཅས་ལ༔ ཁ་མ་ཆུང་ལ་ཚིམ་མ་སླ༔ ངུ་སྒྲས་རྔམས་ཤིང་ཧམ་པར་རོལ༔ རྗེས་ཤུལ་ཙམ་ཡང་མེད་པར་གྱིས༔ ཨོཾ་ནཱ་ག་ཙནྟྲི་ཡཀྴ་ཡཀྴ་ས་མ་ཡ༔ དགྲ་ལ་རྦད་རྦད༔ རྒྱུག་རྒྱུག༔ བྷྱོ་བྷྱོ༔ ཆོ་ཆོ་ཛཿདེ་ནས་འཇིགས་བྱེད་སྡེ་ལྔའི་དམག་བསྐུལ་དགྲ་བོའི་གྲོང་འཇིག་རེག་ཕུང་སྤུ་གྲི་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་འཁོར་འདས་དབང་བསྒྱུར་བ༔ ཡེ་ཤེས་སྒྱུ་འཕྲུལ་འཁོར་ལོའི་བདག༔ རིགས་དང་དཀྱིལ་འཁོར་ཀུན་གྱི་དཔལ༔ སྣང་སྲིད་འདི་ན་དྲེགས་པོའི་ཚོགས༔ ཐམས་ཅད་བསྒོ་བའི་བཀའ་ལ་ཉོན༔ ཀྵཿཧེ་ཆེན་བརྡལ་བའི་དུར་ཁྲོད་ཆེན་པོ་ནས༔ དབང་ཆེན་ཐུགས་ཀྱི་སྲས་མཆོག་དབང་གི་སྐུ༔ འཇིགས་བྱེད་གནོད་སྦྱིན་ཤན་པ་དམར་ནག་དང་༔ ཡུམ་མཆོག་སྙིང་འབྱིན་དམར་མོ་སྐུ་བཞེངས་ཤིག༔ སྤྲུལ་པའི་འཁོར་བརྒྱད་འཁོར་བཅས་སྐུ་བཞེངས་ཤིག༔ མ་གཡེལ་མ་འགྱངས་དམ་ཚིག་གཉན་ལ་དགོངས༔ ཧཱུྃ་བྷྱོ༔ ཕོ་བྲང་མཁའ་སྤྱོད་ཙ་རིའི་གཞལ་ཡས་ནས༔ བདུད་མགོན་སེང་གདོང་ཡབ་ཡུམ་སྐུ་བཞེངས་ཤིག༔ སྲས་འཁོར་བམ་རོ་ཕོ་མོ་སྐུ་བཞེངས་ཤིག༔ བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་སྐུ་བཞེངས་ཤིག༔ ཡང་འཁོར་ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི་དང་བཅས༔ བཞེངས་ཤིག་བསྟན་འགྲོའི་དོན་དུ་སྐུ་བཞེངས་ཤིག༔ བསྟན་དགྲ་དམ་ཉམས་འདུལ་བའི་དུས་ལ་བབ༔ ཧཱུྃ་ཛཿབསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས༔ དམ་ཅན་རྡོ་རྗེ་ལེགས་པ་སྐུ་བཞེངས་ཤིག༔ ཡབ་ཡུམ་མོན་པ་མོན་མོ་སྐུ་བཞེངས་ཤིག༔ ཡུམ་མཆོག་ཀོང་བཙུན་དེ་མོ་སྐུ་བཞེངས་ཤིག༔ སྤྲུལ་འཁོར་བྱེ་བ་འབུམ་བཅས་སྐུ་བཞེངས་ཤིག༔ མ་གཡེལ་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཛཿསྟེང་ཕྱོགས་ནམ་མཁའ་ཡངས་པའི་ཀློང་དཀྱིལ་ནས༔ དྲང་སྲོང་གཟའ་བདུད་ཆེན་པོ་སྐུ་བཞེངས་ཤིག༔ སྤྲུལ་པ་གཟའ་བརྒྱད་འཁོར་བཅས་སྐུ་བཞེངས་ཤིག༔ རྒྱུ་སྐར་ཉེར་བརྒྱད་ལྷ་སྲིན་དྲེགས་པའི་ཚོགས༔ བཞེངས་ཤིག་བསྟན་པ་སྲུང་བའི་དུས་ལ་བབ༔ ཙ༔ བཙན་རྒོད་ཤན་པ་ཆེན་པོ་སྐུ་བཞེངས་ཤིག༔ སྤྲུལ་འཁོར་བཀའ་སྡོད་ཡུམ་བཅས་སྐུ་བཞེངས་ཤིག༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ ཛ་ཛ་བྷྱོ༔ དམ་ཅན་བཀའ་ཡི་སྲུང་མ་མ་ལུས་པ༔ བཞེངས་ཤིག་དམ་ཚིག་ཐུགས་དམ་དུས་ལ་བབ༔ མ་གཡེལ་མ་གཡེལ་བཀའ་ཡི་སྲུང་མ་རྣམས༔ རེམ་ཅིག་བསྟན་པ་བསྲུང་བའི་དུས་ལ་བབ༔ ཛཿསྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཁྱེད་ཅག་དམ་ཚིག་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ འཁོར་ཚོགས་སྡུད་པའི་དུས་ལ་བབ༔ བསྟན་དགྲ་འདུལ་བའི་དུས་ལ་བབ༔ ཆད་དོན་གཉེར་བའི་དུས་ལ་བབ༔ ཛཿབཀའ་ཡི་བསྟན་སྲུང་ཁྱེད་རྣམས་ཀྱིས༔ འབོད་པའི་དུས་སུ་སྙན་མ་སྲ༔ བསྟེན་པའི་དུས་སུ་རྒྱང་མ་རིང་༔ གཡབ་པའི་དུས་སུ་སྤྱན་མ་རྟུལ༔ བསྐུལ་བའི་ལས་ལ་མཐུ་མ་ཆུང་༔ རྦད་པའི་ལས་ལ་རྩལ་མ་ཞན༔ མངགས་པའི་ལས་ལ་གཡེལ་མ་མཛད༔ གཉེར་བའི་ལས་ལ་བང་མ་བུལ༔ བཅོལ་བའི་ལས་ལ་དུས་མ་འགྱང་༔ དགྲ་བགེགས་ཤ་རི་ཁྲག་མཚོ་དང་༔ མཐུན་རྫས་དམར་གྱི་གཏོར་མ་བཞེས༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་དང་༔ དུས་གསུམ་རྒྱལ་བ་རྒྱ་མཚོ་དང་༔ གཟུ་དང་དཔང་དུ་དགོངས་སུ་གསོལ༔ བཀའ་ཡི་བསྟན་སྲུང་མཐུ་རྩལ་ཅན༔ གནོད་སྦྱིན་ཆེན་པོ་འཁོར་དང་བཅས༔ མ་ལུས་བདག་གི་ར་མདར་རྒྱུག༔ མ་འགྱངས་མྱུར་དུ་དམག་ལ་ཆོས༔ ཀུན་དགའ་གཞོན་ནུ་ཡབ་ཡུམ་དང་༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་རྣམས༔ མྱུར་བར་སྡང་བའི་དགྲ་ལ་རྒྱུག༔ མ་འགྱངས་མྱུར་དུ་དམག་ལ་ཆོས༔ བསྭོ༔ དམ་ཅན་རྡོ་རྗེ་ལེགས་པ་དང་༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས༔ མྱུར་དུ་བསྟན་དགྲའི་སྟེང་དུ་རྒྱུག༔ ཆོས་ཤིག་ད་ལྟ་དམག་ལ་ཆོས༔ ཛཿདྲང་སྲོང་གཟའ་བདུད་རཱ་ཧུ་ལ༔ ཡུམ་སྲས་སྡོང་ཟླ་སྤྲུལ་འཁོར་བཅས༔ ཆོ་ཆོ་སྡང་བའི་དགྲ་ལ་རྒྱུག༔ ད་ལྟ་མྱུར་དུ་དམག་ལ་ཆོས༔ བསྭོ༔ བཙན་རྒྱལ་ཤན་པ་ཀུ་འདེབས་དང་༔ ཡུམ་སྲས་སྤྲུལ་འཁོར་དྲེགས་པའི་སྡེ༔ མ་འགྱངས་དགྲ་བོའི་སྟེང་དུ་རྒྱུག༔ མ་གཡེལ་འཁོར་བཅས་དམག་ལ་ཆོས༔ བསྟན་སྲུང་གཉན་པོ་ཁྱེད་རྣམས་ཀྱིས༔ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ མྱུར་དུ་དཔུང་བསྐྱེད་དམག་ལ་ཆོས༔ ཅིའི་ཕྱིར་བདག་གིས་མི་བསྐུལ་རྒྱུ༔ བསྟན་པ་གཉན་ལ་དགྲ་དར་ནས༔ བསྟན་དགྲ་ཡན་པར་ཤོར་ར་རེ༔ དེ་ཕྱིར་བདག་གིས་མི་བཟོད་ཀྱིས༔ བསྐུལ་ལོ་དམ་ཚིག་གཉན་གྱིས་བསྐུལ༔ མཛོད་ཅིག་བསྟན་པའི་དགྲ་བོ་སྒྲོལ༔ རྣལ་འབྱོར་བདག་ལ་དགོངས་སོ་འཚལ༔ ཕྱོགས་བཞིའི་ནག་ཕྱོགས་ཁ་ཡང་དར༔ བདུད་པོ་དམ་སྲི་ཞེ་རེ་རྔམས༔ སྡིག་རྒྱལ་ནག་པོས་ཁྲིམས་ལོག་འཇུག༔ མཐའ་དམག་མཚོན་གྱི་བསྐལ་པ་ལང་༔ ཕྱི་ནང་འཁྲུགས་རྩོད་འཐབ་ར་འཆའ༔ རྡོ་རྗེ་རྒྱལ་པོ་དམངས་སུ་ཕབ༔ བསྟན་གནས་ཡུལ་དགོན་ཐམས་ཅད་བཤིག༔ སྐྱེ་འགྲོ་མི་ཡི་བདེ་བ་བཅོམ༔ མུ་སྟེགས་ལོག་ལྟས་ཆོས་ལ་རྒོལ༔ དེ་འདྲའི་བསྐལ་པ་ཤར་དུས་འདིར༔ བསྟན་སྲུང་གཉན་པོ་མེད་དམ་ཅི༔ མཐུ་རྩལ་རྫུ་འཕྲུལ་གང་ན་བཞུགས༔ ས་མ་ཡ་ཡི་དུས་ལ་བབ༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ མུ་སྟེགས་ལྟ་ལོག་ཀླ་ཀློའི་སྟེ༔ སྟོད་ཧོར་མཐའ་མི་རྒྱ་སོག་དང་༔ རྒྱ་མི་ཇིང་འདུར་མཐའ་ཧོར་སོགས༔ མཐའ་དམག་དུས་འཁྲུགས་ཤོམ་པའི་བདུད་དཔུང་གི༔ རྗེ་བློན་འབངས་འཁོར་བྲན་གཡོག་བཅས་པ་དང་༔ ཁྱད་པར་དམ་ཉམས་དགྲ་བོ་ཆེ་གེ་ཡི༔ ཚེ་སྲོག་ཁ་རྗེ་དབང་ཐང་ལས་མཐའ་བསྡུས༔ མགོ་བོ་ཆོད་ལ་དོན་སྙིང་དམར་པོ་ཕྱུང་༔ སྙིང་ཁྲག་ཧུབ་རོལ་སྲོག་རྩ་སྒལ་ནས་ཆོད༔ དབང་པོ་བསྣུབས་ལ་རྗེས་ཤུལ་མེད་པར་མཛོད༔ ནད་མཚོན་དུག་རིགས་ཐོག་གི་ཆར་པ་ཕོབ༔ གློ་བུར་ཧུར་ཐུམ་མཚོན་གྱི་ཆར་ཕོབ་ཅིག༔ འགྲོ་འོང་བསྣུབས་ལ་ཕ་འོང་ཁྲོ་ལྟར་ཐོངས༔ བསམ་དོན་གཉེར་ལ་འགུལ་བསྐྱོད་མི་དབང་བར༔ གསལ་བའི་མར་མེ་རླུང་གིས་བསད་ལྟར་སོད༔ དཔུང་ཚོགས་གྲངས་མང་ལམ་དུ་ཆས་བྱུང་ཡང་༔ ལོ་ཐོག་སེར་བས་བཅོམ་པ་བཞིན་དུ་ཐོངས༔ རི་ཐང་མེད་པར་དམག་གིས་ཁྱབ་གྱུར་ཀྱང་༔ བ་མོ་ཉི་མའི་ཟེར་གྱིས་འཇོམས་ལྟར་ཐོངས༔ བདུད་སྤྲུལ་སྨོན་ལོག་སྡིག་རྗེ་བློན་དང་བཅས༔ མ་ལུས་ལུས་པ་མེད་པར་དུས་མྱུར་དུ༔ ལོ་ཟླ་ཞག་གི་དུས་སུ་མ་འགྱངས་པར༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ བཀའ་དང་དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་བའི་ལས་དེ་མྱུར་དུ་འགྲུབ་པར་མཛོད༔ གཏོར་ཟོར་དགྲ་ཕྱོགས་སུ་བཏེགས་ལ༔ ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲཱི་ད་ཧཱུྃ་ཕཊ༔ མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་སི་ན་ར་མ་ཧཱུྃ་ཕཊ༔ བཛྲ་ས་དྷུ་ས་མ་ཡ༔ ཧ་ལ་ཀཱ་ལ་རཱ་ཧུ་ལ་ཧཱུྃ༔ ནཱ་ག་ཙནྟྲི་ཡཀྴ་ཧཱུྃ༔ སརྦ་དྷརྨ་པཱ་ལ༔ སརྦ་ཀྵེ་ཊ་པཱ་ལ༔ སརྦ་ལོ་ཀ་པཱ་ལ༔ སརྦ་ས་མ་ཡ་ཛ་ཛཿབསྭོ་བསྭོ༔ ཆོ་ཆོ༔ རྒྱུག་རྒྱུག༔ བྷྱོ་བྷྱོ༔ ཟློག་ཟློག༔ དགྲ་བོ་དམ་ཉམས་ཀྱི་སྟེང་དུ་དམག་སྣ་དྲོངས་ཤིག༔ རྒྱུག་ཅིག་དགྲ་བོའི་ཆེ་བརྒྱུད་ལ་བབ་ན་འབྲུ་དྲུག་སེར་བས་བཅོམ་པ་བཞིན་དུ་ཐོངས་ཤིག༔ དགྲ་བོའི་ཆུང་བརྒྱུད་ལ་བབ་ན་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་ཐོངས་ཤིག༔ དགྲ་བོའི་དཔུང་ཚོགས་ལ་བབ་ན་ཐལ་བ་རླུང་གིས་གཏོར་བ་བཞིན་དུ་ཐོངས་ཤིག༔ དགྲ་བོའི་ཡུལ་མཁར་ལ་བབ་ན་སྲན་ཕུང་ལ་བེར་ཀས་བརྒྱབ་པ་བཞིན་དུ་ཐོངས་ཤིག༔ བདག་ལ་མ་ཉེས་ཁ་ཡོག་དང་གླེང་འདེབས་པ༔ དྲང་པོར་སྨྲས་ཀྱང་རྫུན་དུ་གྱེར་བ༔ བདེ་བར་འདུག་ཀྱང་སྡུག་ཏུ་འཇུག་པ༔ ཆོས་ལྟར་བསྒྲུབ་ཀྱང་འཕྲོག་བཅོམ་བྱེད་པ༔ ཉེས་མེད་པ་ལ་ཆད་པས་གཅོད་པར་བྱེད་པའི་དགྲ་བོ་དམ་ཉམས་འདི་ལ་ཕོབ་ཅིག༔ རྒྱོབ་ཅིག༔ སོད་ཅིག༔ ཐུལ་ཞིག༔ དཀོན་མཆོག་གསུམ་གྱི་བདེན་པས་དྲང་སྲོང་རཱ་ཧུ་ལའི་བདེན་ཚིག་བཞིན་དུ་དགྲ་བོ་འདི་ལ་བདེན་པའི་མཐུ་དང་ནུས་པའི་སྟོབས་ཀྱིས༔ དམོད་བསྐུལ་མདོས་ཟོར་གྱི་དབལ་ཁ་ཕོབ་ཅིག༔ སོད་སོད༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ༔ ཛྭ་ལ་རཾ་རཾཿཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་ལོག་འདྲེན་མཐའ་དམག་དུས་འཁྲུགས་ཞིང་བཅུའི་བསྟན་དགྲ་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ ཅེས་བོར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཐའ་དམག་དུས་འཁྲུགས་མ་རུངས་ཁ་དར་དུས༔ རྦད་བསྐུལ་འདི་ལ་རབ་ཏུ་བརྩོན་པ་གཅེས༔ གལ་ཆེན་དགྲ་བོ་མ་གཏོགས་བསྐུལ་མི་རུང་༔ འདི་ཡིས་དགྲ་བགེགས་མཐའ་དམག་དུས་འཁྲུགས་རྣམས༔ ཐལ་བ་རླུང་གིས་གཏོར་བཞིན་བརླག་པར་འགྱུར༔ མ་འོངས་ང་ཡི་བརྒྱུད་འཛིན་སྡུག་པའི་དུས༔ ཤིན་ཏུ་བརྩེ་བའི་རྣོ་མཚོན་བཞག་པ་འདི༔ ཕྱི་རབས་སྐལ་ལྡན་རྣམས་ཀྱིས་གཅེས་པར་ཟུངས༔ སྔགས་པའི་ལས་ཀ་འདི་མིན་གཞན་མ་ཡིན༔ དམོད་བསྐུལ་འདི་ལ་ཚུལ་བཞིན་བརྩོན་པས་ན༔ སྟོང་གསུམ་ཡོ་ལོག་བྱུང་ཡང་འཇིགས་མི་འགྱུར༔ མི་བསླུ་ངེས་པ་པད་འབྱུང་བཀའ་ཡིན་གྱི༔ མཐའ་དམག་དུས་འཁྲུགས་རྒྱལ་པོའི་ཆད་པ་དང་༔ མ་ཉེས་ཁ་ཡོག་སྲོག་ལ་བབ་དུས་བརྩོན༔ ལན་ཅིག་བྱས་པས་བརླག་པའི་ཐེ་ཚོམ་མེད༔ འཇིགས་བྱེད་སྡེ་ལྔ་གྲོགས་སུ་བསྟེན་པར་མཛོད༔ ཕ་རོལ་འཇིག་རྟེན་དག་ལ་སྨོས་ཅི་དགོས༔ སྣང་སྲིད་ལྷ་སྲིན་ཡོངས་ཀྱི་སྲོག་སྙིང་འདུ༔ ས་མ་ཡ༔ བཀའ་འདི་མ་མོ་བཅུ་གཉིས་ཉེར་བརྒྱད་དང་༔ གནོད་སྦྱིན་དམར་ནག་ཀུན་དགའ་གཞོན་ནུ་སོགས༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་གཉེར༔ ལྟ་ལོག་ལོག་སྤྱོད་སྒྲོ་སྐུར་གླེང་མོ་མཁན༔ ས་སྟེང་འདི་རུ་བྱུང་ན་སྙིང་ཁྲག་ཕོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨ་ཐམ་རྒྱ༔ ཞེས་པ་འདི་ཡང་ཟབ་གསང་རྫོགས་པ་ཆེན་པོ་འོད་གསལ་སྒྱུ་མའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེའི་མིང་ནས་བཏོན་ཏེ་མི་ལོ་བདུན་ལ་བཀའ་རྒྱས་བཏབ་ནས་མཐར་སྨར་སྟོད་འབྲོས་ཕུག་ཅེས་བྱ་བ་རྡོ་རྗེ་མཁའ་འགྲོའི་གསང་ཕུག་ནས་དག་པར་ཕབ་པའི་ཡི་གེ་པ་ནི་སྔོན་སྨོན་ལས་ཀྱིས་འབྲེལ་བའི་རང་སློབ་ཕུན་ཚོགས་བཀྲ་ཤིས་ཞེས་བྱ་བས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}}
 
 
ཐྂ༎༔  ན་མོ་གུ་རུ་དྷེ་ཝ་ཝེ༔ ({{TibChung|བརྡ་ཡིག་}})  ཕུར་པ་བསྒྲུབ་པའི་རིག་འཛིན་ལ༔ བསྐུལ་བ་ཚངས་པའི་སྒྲ་དབྱངས་གཅེས༔ དམར་གཏོར་ཁྲག་སྐྱེམས་དྲན་བྱས་ཏེ༔ ཧཱུྃ་ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་བཞེངས་ཤིག༔ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་སྐུ་བཞེངས་ཤིག༔ ཡེ་ཤེས་མེ་རི་འབར་བའི་ཀློང་དཀྱིལ་ནས༔ ཁྲོ་རྒྱལ་ཀཱི་ལ་རིགས་ལྔ་སྐུ་བཞེངས་ཤིག༔ གནམ་ལྕགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་སྐུ་བཞེངས་ཤིག༔ གྲུ་གསུམ་ཟླ་གམ་དམར་པོའི་ཨེ་སྟེང་ནས༔ སྲས་མཆོག་ཁྲ་ཐབས་ཉེར་གཅིག་སྐུ་བཞེངས་ཤིག༔ ཕྲིན་ལས་ལྷུན་གྲུབ་ཕྱོགས་བཞིའི་སྒོ་བཞི་ནས༔ ཡེ་ཤེས་སྒོ་མ་རྣམ་བཞི་སྐུ་བཞེངས་ཤིག༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ ཕུར་སྲུང་དམ་ཅན་རྒྱ་མཚོ་སྐུ་བཞེངས་ཤིག༔ མ་གཡེལ་མ་གཡེལ་དམ་ཚིག་གཉན་གྱིས་བསྐུལ༔ ཤ་ཁྲག་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ ནག་ཕྱོགས་རྗེ་བོ་དམག་འཁྲུགས་གཡུལ་འགྱེད་མཁན༔ སྡོང་ཟླ་བདུད་དམག་འགོང་ནག་དྲག་རྔམས་ཅན༔ མཐའ་ཁོབ་ཀླ་ཀློས་ཆོས་ཁྲིམས་འཇིག་ཆས་སོགས༔ སངས་རྒྱས་བསྟན་བཤིག་སྐྱེ་འགྲོའི་བདེ་བཅོམ་པའི༔ གཟུགས་ཅན་དགྲ་དང་གཟུགས་མེད་མི་མིན་ཚོགས༔ ལོངས་ཡོད་ལོ་ཟླར་འགྱངས་སུ་མ་ཤོར་བར༔ ནམ་མཁའི་གློག་ཞགས་འཕེན་སྡུད་ལས་མྱུར་བར༔ སྲོག་གི་མེ་སོད་སྙིང་གི་ཁྲག་དྲོངས་ཤིག༔ རླུང་གི་རྒྱུ་འགྲུལ་གློ་བའི་མདོ་ནས་ཆོད༔ དཔུང་ཚོགས་སྔོན་རྒྱུག་རྗེས་འབྲངས་སྐྱོབ་གྲོགས་བཅས༔ ལྷ་ཡང་རུང་སྟེ་ཐལ་བའི་རྡུལ་དུ་རློག༔ དམ་ལས་མ་འདའ་བཛྲ་ས་མ་ཡ༔ དམ་ཚིག་དབང་གིས་མཐའ་དམག་དུས་འཁྲུགས་ཟློག༔ བདག་ཅག་སྐུ་རྗེ་བོད་ཀྱི་རྒྱལ་ཁམས་སུ༔ ལོ་ལེགས་འབྲུ་འཕེལ་སངས་རྒྱས་བསྟན་པ་དར༔ དགེ་ལེགས་ཡར་འཕེལ་འདོད་རྒུ་རབ་རྒྱས་ནས༔ འཁྲུགས་དང་འཐབ་དང་རྩོད་པ་མེད་པར་མཛོད༔ དམོད་བྱང་འཆི་བདག་ནག་པོའི་ཧུབ་སྒྲ་ནི༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ བཀའ་བརྒྱུད་རིག་འཛིན་བླ་མ༔ ཡི་དམ་རྒྱུད་སྡེའི་ལྷ་ཚོགས༔ མ་སྲིང་མཁའ་འགྲོ་རྒྱ་མཚོ༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་པ་བདག་ལ་དགོངས་སུ་གསོལ་ལོ༔ ཁྱེད་རྣམས་ལ་ཐུགས་རྗེ་མཐུ་སྟོབས་ནུས་རྩལ་མངའ་འམ༔ མངའ་ཞེས་བདེན་པར་ངེས་སྲིད་དམ༔ སྲིད་ན་ད་དུས་འདི་ལ་ཐུགས་རྗེའི་ཤུགས་ཕྱུང་༔ མཐུ་དང་རྩལ་བསྐྱེད༔ ནུས་པའི་སྟོབས་བསྐྱེད༔ དམ་ཚིག་ལ་དགོངས་འཚལ་ལོ༔ དམ་ཚིག་དང་སྤྲུལ་པ་ཆེན་པོའི་དུས་ལ་བབ་བོ༔ ཕྲིན་ལས་སུ་བཅོལ་བ་ནི་ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ སངས་རྒྱས་ཀྱི་བསྟན་པ་བཤིག་པའི་ལག་དམར༔ དཀོན་མཆོག་དབུ་འཕང་སྨད་པའི་བསྟན་བཤིག༔ སྐྱེ་འགྲོའི་བདེ་བ་བཅོམ་པའི་བདུད་པོ༔ དམག་འཁྲུགས་གཡུལ་མཚོན་འགྱེད་པའི་སྡིག་རྗེ༔ ཡུལ་སྡེ་དགོན་གནས་འཇིག་པའི་ནག་ཕྱོགས༔ བསྟན་པའི་ཆོས་ཁྲིམས་བཤིག་པའི་རཱུ་དྲ༔ ཕྱོགས་བཞིའི་བདུད་སྤྲུལ་དམ་ལོག་གསང་སྔགས་རྡོ་རྗེ་ཐེག་པ་ལ་ལོག་པར་ལྟ་བ་དེ་དག་ཐམས་ཅད༔ དབང་ཕྱུག་ཆེན་པོའི་སྐྱབས་འོག་མན་ཆད༔ ཨ་བ་གླང་མགོའི་བཙོན་ར་ཡན་ཆད༔ འབྱུང་བ་ཟད་པའི་ཕ་མཐའ་ཚུད་ཆད་གང་ན་གནས་ཀྱང་༔ ལོ་དང་ཟླ་ཞག་ཏུ་མ་བཞག༔ ནམ་མཁའ་སྟོང་པ་ལ་ཚད་མ་འཛུག༔ མི་ཚེ་ཕྱི་མ་ལ་དུས་མ་བཏབ༔ སྐྱེ་འཆི་གཉིས་ལ་ཁུངས་མ་བཙལ༔ ཕྱག་དང་ཞུ་བ་བྱེད་དུ་བྱུང་ཡང་བརྩེ་མ་ཤོར་བར་དུས་ད་ལྟ་ཞག་དོ་ནུབ་མོ་འདི་ལས་འདས་སུ་མ་བཞག་པར༔ སྙིང་ཁྲག་དམར་པོ་ཐང་ལ་ཕོས་ཤིག༔ སྲོག་རྩ་རྒལ་ནས་ཆོད་ཅིག༔ མིག་འབྲས་ཐང་ལ་འཕོངས་ཤིག༔ རྒྱུ་མ་ལམ་དུ་གནོར་ཞིག༔ ཁ་ཟས་མིད་དུ་མ་ཤོར༔ ཚིག་གི་མཇུག་མ་རྫོགས་པར༔ སོད་ཅིག་སྒྲོལ་ཅིག༔ ཕོ་རྒྱུད་ཀྱི་རྩ་བ་རྩད་ནས་ཆོད་ཅིག༔ མོ་རྒྱུད་ཀྱི་རྩ་བ་མངལ་ནས་སྐོམ་ཞིག༔ ལྷག་མ་རྗེས་ཤུལ་མཐའ་རྩ་སྐྱེ་བརྒྱུད་དང་བཅས་པ་ལས་ཀྱི་གཤིན་རྗེ་ནག་པོའི་ཁ་རུ་སྟོབ་ཅིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་དང་མཉམ་དུ་བཞེས་བཞེས་རོལ་རོལ༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿབཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ ཨ་བྷི་ཙཱཪྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ནའོ༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་དགྲ་བགེགས་ལོག་འདྲེན་མཐའ་དམག་དུས་འཁྲུགས་དུས་མཐའི་འགོང་ནག་སངས་རྒྱས་བསྟན་བཤིག་ལོག་འདྲེན་རྒྱལ་འགོང་གདུག་པའི་སེམས་དང་ལྡན་པ་ཐམས་ཅད་མཱ་ར་ཡ་རྦད་ནན་བྷྱོ་ཟློག༔ ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཏ་ཐ་ཡ་ཏ་ཐ་ཡ་རྦད་བྷྱོ༔ ས་མ་ཡ༔ དྲག་པོ་འཇིགས་བྱེད་སྲོག་བདག་སྡེ་ལྔའི་རྦད་བསྐུལ་ལས༔ རྡོ་རྗེ་ལེགས་པའི་རྦད་བསྐུལ་ནི༔ ཧཱུྃ་ཛཿགསང་བདག་ཕྱག་ན་རྡོ་རྗེ་ཡི༔ བཀའ་ཉན་བསྟན་སྲུང་དམ་ཚིག་ཅན༔ སངས་རྒྱས་ཤཱཀྱ་ཐུབ་པ་དང་༔ རྒྱལ་དབང་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་བསྟན་པའི་སྲུང་མ་ཆེ༔ རྡོ་རྗེ་ལེགས་པ་རྫུ་འཕྲུལ་ཅན༔ མཐུ་དང་ཟེར་གྱིས་སྣ་ལ་རྒྱུག༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་རྣམས༔ བསྐུལ་ལོ་དམ་ཚིག་གཉན་གྱིས་བསྐུལ༔ ཧཱུྃ་ཛཿཕ་ནི་མོན་པ་ནག་པོ་བསྐུལ༔ དགྲ་བགེགས་སྲོག་སྙིང་རྩད་ནས་འབྱིན༔ མ་ནི་མོན་མོ་ནག་མོ་བསྐུལ༔ དགྲ་སྲོག་དབང་པོ་རྣམ་ལྔ་བསྣུབ༔ སྲས་མཆོག་རྡོ་རྗེ་ལེགས་པ་བསྐུལ༔ ཆོ་ཆོ་དགྲ་བགེགས་ཐལ་བར་རློག༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ སེང་ཞོན་དམག་ཚོགས་ནམ་མཁར་རྒྱུག༔ དགྲ་བོའི་གནམ་གྱི་དམུ་ཐག་ཆོད༔ བྱ་ཞོན་དམག་ཚོགས་བར་སྣང་རྒྱུག༔ དགྲ་བོའི་སྲོག་སྙིང་སྐད་ཅིག་ལོངས༔ ར་ཞོན་དམག་ཚོགས་ས་གཞིར་རྒྱུག༔ དགྲ་བོའི་ས་ཡི་བརྟེན་ཕུར་ཕུད༔ ཤ་ཟའི་དམག་ཚོགས་ཤ་ལ་རོལ༔ ཁྲག་འཐུང་དམག་ཚོགས་ཁྲག་ལ་རོལ༔ རུས་འཆའི་དམག་ཚོགས་རུས་པ་མུར༔ སྲོག་གཅོད་དམག་གིས་སྲོག་དབུགས་བསྡུས༔ དམ་ཅན་དམ་ལས་མ་འདའ་ཞིག༔ སྡང་དགྲ་གདུག་པའི་དཔུང་ཚོགས་རྣམས༔ སྐད་ཅིག་ཉིད་ལ་ད་སྒྲོལ་ཅིག༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ བསྐུལ་ལོ་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ས་དྷུ་ས་མ་ཡ་ཛ་ཛ༔ ཆོ་ཆོ་རྒྱུག་རྒྱུག་དགྲ་ལ་རྦད་བྷྱོ༔ དེ་ནས་བདུད་མགོན་ནག་པོའི་རྦད་བསྐུལ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་རྡོ་རྗེ་གྲོ་བོ་ལོད༔ ང་ནི་བཛྲ་ཀཱི་ལ་ཡ༔ འབོད་དོ་བསྐུལ་ལོ་བསྟན་སྲུང་ཆེ༔ ཕོ་བྲང་མཁའ་སྤྱོད་ཙ་རི་ནས༔ མི་སྲུན་རབ་འཇིགས་རྔམས་པའི་སྐུ༔ བདུད་མགོན་སེང་གདོང་ཡབ་ཡུམ་ལ༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར༔ ཛཿབྱོན་ཅིག་གཤེགས་ཤིག་བསྟན་སྲུང་ཆེ༔ བསྐུལ་ལོ་དམ་ཚིག་གཉན་གྱིས་བསྐུལ༔ འབོད་དོ་དམ་ཚིག་གཉན་གྱིས་འབོད༔ བསྟན་པ་གཉན་ལ་དགྲ་དར་ན༔ བསྟན་སྲུང་གཉན་པོ་མེད་དམ་ཅི༔ བཅོལ་བའི་ལས་འདི་མ་བྱས་ན༔ དུས་གསུམ་རྒྱལ་བའི་བཀའ་བསླུས་ཤིང་༔ རིག་འཛིན་བརྒྱུད་པའི་དམ་ལས་འདས༔ རྣལ་འབྱོར་བདག་གི་དམ་ཡང་འགལ༔ དོ་ནུབ་བསྐུལ་བའི་ལས་ལ་རྒྱུག༔ དོ་ནུབ་སྡང་བའི་དགྲ་བོ་སོད༔ བསྟན་བཤིགས་རཱུ་དྲའི་དམག་ཚོགས་འདི༔ ལོ་ཟླར་བཞག་པའི་ལོངས་མེད་ཀྱི༔ ད་ལྟ་ཉིད་དུ་བརླག་པར་མཛོད༔ གཡུལ་འགྱེད་མཚོན་གྱི་ལས་བྱེད་པའི༔ བདུད་རྒྱལ་བློན་འབངས་བཅས་པ་རྣམས༔ རྗེས་ཤུལ་མིང་ཙམ་མ་ལུས་པ༔ ཐལ་བ་རླུང་གིས་གཏོར་བཞིན་རློག༔ སྙིང་ཁྲག་དམར་པོ་ཧུབ་ཀྱིས་འཐུང་༔ སྲོག་གི་མར་མེ་ཐིབ་ཀྱིས་སོད༔ དབུགས་ཀྱི་འབྱུང་འཇུག་རྩད་ནས་ཆོད༔ ཨོཾབཛྲ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ས་མ་ཡ་དགྲ་྄ལ་རྦད་བྷྱོ༔ གནོད་སྦྱིན་ཆེན་པོའི་རྦད་བསྐུལ་ནི༔ ཧེ་ཀྵ༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ འཇིགས་བྱེད་དྲག་པོའི་སྐུར་སྟོན་པ༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ཡུམ་མཆོག་སྙིང་འབྱིན་དམར་མོ་དང་༔ སྤྲུལ་འཁོར་བརྒྱད་དང་ཡང་འཁོར་ནི༔ བྱེ་བ་དུང་ཕྱུར་ལྷ་སྲིན་ཚོགས༔ མ་གཡེལ་མ་འགྱངས་ལས་ལ་བསྐུལ༔ ས་མ་ཡ་ཡིས་འབོད་ཅིང་བསྐུལ༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ གསང་བདག་ཕྱག་ན་རྡོ་རྗེ་དང་༔ ཕུང་བྱེད་ཤཱནྟིཾ་གྷརྦྷ་དང་༔ རིག་འཛིན་རྡོ་རྗེ་གཤོག་རྒོད་ཀྱིས༔ ཇི་ལྟར་བཀའ་བསྒོས་ཐ་ཚིག་བཞིན༔ བསྟན་པ་གཉན་ལ་དགྲ་དར་ན༔ བསྟན་སྲུང་གཉན་པོ་མེད་དམ་ཅི༔ མུ་སྟེགས་ལོག་ལྟ་ཆོས་ཁྲིམས་བཤིག༔ བསྟན་གནས་ཡུལ་དགོན་མཚོན་གྱིས་འགེང་༔ སློབ་བུ་དམ་ལོག་བླ་མར་གཤེ༔ བདུད་སྤྲུལ་སྡིག་རྗེས་སྐྱེ་འགྲོར་བསྡིག༔ སྟོན་པ་རྡོ་རྗེ་རྒྱལ་པོ་ཡང་༔ བདུད་ཀྱི་དམངས་སུ་བབ་ལ་རེ༔ དམ་ཅན་རྒྱ་མཚོ་གང་ན་བཞུགས༔ མ་གཡེལ་བཀའ་ཡི་སྲུང་མ་ཆེ༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཀའ་དང་དམ་ལ་མ་འདའ་བར༔ དམ་ཉམས་བསྟན་པའི་རཱུ་དྲ་དང་༔ མཐའ་མི་རྒྱ་སོག་བྷནྡྷེ་ཧོར༔ མུ་སྟེགས་ཀླ་ཀློ་ལོག་ལྟའི་རིགས༔ སྟོད་ཧོར་ཇིང་འདུར་སྡིག་པའི་སྡེ༔ དམག་འཁྲུགས་གསོད་གཅོད་ལས་བརྩོན་པའི༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ལོ་ཟླ་རིང་དུ་མ་འགྱང་བར༔ ད་ལྟ་སྐད་ཅིག་ཡུད་ཙམ་གྱིས༔ ལོ་ཐོག་སེར་བས་བཅོམ་བཞིན་ཐོངས༔ དཔུང་ཚོགས་སྐྱབས་དང་བརྟེན་བཅས་པ༔ ཐལ་བ་རླུང་གིས་གཏོར་བཞིན་རློག༔ བསྐྱོད་པའི་རྐག་ལག་སྡོང་པོ་བཞི༔ གནམ་ལྕགས་རྡོ་རྗེའི་ཐོག་གིས་ཤིག༔ བཀྲ་བ་དབང་པོའི་མེ་ཏོག་བསྣུབ༔ འབྱུང་འཇུག་རླུང་གི་རྒྱུ་འགྲུལ་ཆོད༔ སྲོག་གི་མར་མེ་ཐིབ་ཀྱིས་སོད༔ ཕུང་ཁམས་སྐྱེ་མཆེད་རྔམས་པར་རོལ༔ རྗེས་ཤུལ་མིང་ཙམ་མེད་པར་མཛོད༔ དྲག་པོའི་མངོན་སྤྱོད་ཕྲིན་ལས་མཛོད༔ རྒྱལ་ཁམས་ཀུན་དུ་བདེ་ལེགས་སྩོལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲཱི་ད་སརྦ་ས་མ་ཡ་ཛ་ཛཿདགྲ་བགེགས་ལོག་འདྲེན་ཐམས་ཅད་མཱ་ར་ཡ་ཟློག་ཟློག༔ ཧེ་ཧེ་ཧཱུྃ་ཀྵ་བྷྱོ་ཛཿགཟའ་བདུད་ནག་པོའི་རྦད་བསྐུལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་སྤྱི་དཔལ་ཆེན་པོ་སྟེ༔ ང་ནི་རྡོ་རྗེ་གཏུམ་པོ་ཆེ༔ ང་ནི་བཛྲ་ཀཱི་ལ་ཡ༔ འཁོར་འདས་ཡོངས་ཀྱི་དབང་ཕྱུག་ཆེ༔ ཧཱུྃ་ཛཿདུར་ཁྲོད་རབ་འཇིགས་རྩུབ་འགྱུར་ཚལ༔ འཇིགས་རུང་རྔམས་འཁྲིགས་དྲག་པོའི་གནས༔ ཁྲག་ཞག་རྦ་ཀློང་འཁྲིགས་པའི་མཚོར༔ དྲང་སྲོང་གཟའ་བདུད་རཱ་ཧུ་ལ༔ ཡབ་ཡུམ་ཀླུ་སྲིན་གཏུམ་དྲག་རྔམས༔ སྤྲུལ་པ་གཟའ་མཆོག་ཆེན་པོ་བརྒྱད༔ སྡོང་ཟླ་གདོང་མོ་མཆེད་བཞི་དང་༔ བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་དང་༔ རྒྱུ་སྐར་ཉེར་བརྒྱད་དང་བཅས་པ༔ ནམ་མཁའ་ཡངས་པའི་ཀློང་ནས་གཤེགས༔ དམ་ཚིག་གཉན་གྱི་གདན་ལ་བཞུགས༔ མཐུན་རྫས་འདོད་ཡོན་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་ཞིག༔ བསྟན་པ་གཉན་ལ་དགྲ་དར་ན༔ མ་གཡེལ་མ་འགྱངས་དུས་ལ་བབ༔ གཡར་དམ་གཉན་གྱིས་ཐུགས་དམ་བསྐུལ༔ ཐ་ཚིག་དབང་གིས་ཕྲིན་ལས་སྒྲུབ༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ སྐྱེ་འགྲོའི་བདེ་བ་བཅོམ་པ་ཡི༔ དམ་ཉམས་ཞིང་བཅུའི་དམག་ཚོགས་འདི༔ མགོ་འཛིན་དོན་གཉེར་བྱེད་པ་ཡི༔ རྗེ་བློན་འབངས་དང་བཅས་པ་ལ༔ ཁྱབ་འཇུག་ཆེན་པོའི་དུག་གིས་ཐོབ༔ གཟའ་ཆེན་བརྒྱད་ཀྱིས་ཧུར་ཐུམ་རྦད༔ རྒྱུ་སྐར་དམག་གིས་ནད་མཚོན་ཐོངས༔ གདོང་མོ་བཞི་ཡིས་རང་འབྱོར་གྱི༔ ནད་མཚོན་ཐོག་སེར་ཆར་ཕོབ་ཅིག༔ སྤྲུལ་འཁོར་ལྷ་སྲིན་སྡེ་བརྒྱད་ཀྱིས༔ ཐལ་བའི་རྡུལ་དུ་བརླག་པར་མཛོད༔ རྗེས་ཤུལ་མིང་ཙམ་མ་ལུས་པ༔ བ་མོ་ཉི་ཟེར་ཕོག་ལྟར་ཐོངས༔ བཅོལ་བའི་ལས་འདི་གཉེར་གཏད་པས༔ གསང་བདག་ཕྱག་ན་རྡོ་རྗེའི་བཀའ༔ རིག་འཛིན་པདྨ་འབྱུང་གནས་བཀའ༔ ད་ལྟ་རྣལ་འབྱོར་བདག་གི་བཀའ༔ བཀའ་ལས་མ་འདའ་ཐ་ཚིག་ཅན༔ དམ་ལས་མ་འདའ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་མྱུར་དུ་བསྒྲུབ༔ ཨོཾ་རཱ་ཧུ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཆོ་ཆོ་རྒྱུག་རྒྱུག་ཛ་ཛཿབྷྱོ་བྷྱོ་སྡང་བའི་དགྲ་ལ་རྦད་རྦད་ཧ་ལ་ཧ་ལ་དགྲ་བོ་ཐིབ་ཐིབ་ཐུམ་རི་ལི་ལི་མཱ་ར་ཡ་རྦད་ཟློག་བྷྱོ༔ བཙན་དམར་ཤན་པའི་རྦད་བསྐུལ་ནི༔ ཙ༔ ལྗོན་ཤིང་བྲག་རི་གཏམས་པའི་ཚལ༔ རྔམས་པའི་སྒྲ་འབྱིན་ཕོ་བྲང་ནས༔ བཙན་རྒོད་ཤན་པ་ཀུ་འདེབས་ཁྱོད༔ མ་ཐོགས་གནས་འདིར་གཤེགས་སུ་གསོལ༔ ཤ་ཁྲག་དམར་མཆོད་འདི་བཞེས་ལ༔ བཅོལ་བའི་ལས་ལ་མ་གཡེལ་རེམ༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བསྟན་པ་གཉན་ལ་དགྲ་དར་ན༔ མ་གཡེལ་སྲུང་མ་མཐུ་རྩལ་ཅན༔ བསྐུལ་ལོ་དམ་ཚིག་གཉན་གྱིས་བསྐུལ༔ འདས་ན་མགོ་འགས་རྟག་ཏུ་མནར༔ དེ་བས་དམ་ལ་ད་དགོངས་འཚལ༔ ཀི་བསྭོ་ཆའོ་དམག་ལ་ཆོས༔ རེམ་ཅིག་སྲུང་མ་མཐུ་རྩལ་ཅན༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ལོ་ཟླ་འགྱངས་སུ་མ་ཤོར་བར༔ ད་ལྟ་བསྒྲལ་བའི་དུས་ལ་བབ༔ དམ་ཉམས་དགྲ་བོ་ལས་ངན་གྱི༔ དཔུང་ཚོགས་བྲན་དང་བུ་སྨད་བཅས༔ དམ་ཅན་སྐྱོད་ལ་གཉེར་དུ་གཏད༔ མཐུ་དང་རྫུ་འཕྲུལ་རྩལ་མ་ཞན༔ དགྲ་བོ་དམ་ཉམས་ལས་ངན་གྱི༔ མི་ནོར་བང་མཛོད་དཔུང་བཅས་ལ༔ ཁ་མ་ཆུང་ལ་ཚིམ་མ་སླ༔ ངུ་སྒྲས་རྔམས་ཤིང་ཧམ་པར་རོལ༔ རྗེས་ཤུལ་ཙམ་ཡང་མེད་པར་གྱིས༔ ཨོཾ་ནཱ་ག་ཙནྟྲི་ཡཀྴ་ཡཀྴ་ས་མ་ཡ༔ དགྲ་ལ་རྦད་རྦད༔ རྒྱུག་རྒྱུག༔ བྷྱོ་བྷྱོ༔ ཆོ་ཆོ་ཛཿདེ་ནས་འཇིགས་བྱེད་སྡེ་ལྔའི་དམག་བསྐུལ་དགྲ་བོའི་གྲོང་འཇིག་རེག་ཕུང་སྤུ་གྲི་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་འཁོར་འདས་དབང་བསྒྱུར་བ༔ ཡེ་ཤེས་སྒྱུ་འཕྲུལ་འཁོར་ལོའི་བདག༔ རིགས་དང་དཀྱིལ་འཁོར་ཀུན་གྱི་དཔལ༔ སྣང་སྲིད་འདི་ན་དྲེགས་པོའི་ཚོགས༔ ཐམས་ཅད་བསྒོ་བའི་བཀའ་ལ་ཉོན༔ ཀྵཿཧེ་ཆེན་བརྡལ་བའི་དུར་ཁྲོད་ཆེན་པོ་ནས༔ དབང་ཆེན་ཐུགས་ཀྱི་སྲས་མཆོག་དབང་གི་སྐུ༔ འཇིགས་བྱེད་གནོད་སྦྱིན་ཤན་པ་དམར་ནག་དང་༔ ཡུམ་མཆོག་སྙིང་འབྱིན་དམར་མོ་སྐུ་བཞེངས་ཤིག༔ སྤྲུལ་པའི་འཁོར་བརྒྱད་འཁོར་བཅས་སྐུ་བཞེངས་ཤིག༔ མ་གཡེལ་མ་འགྱངས་དམ་ཚིག་གཉན་ལ་དགོངས༔ ཧཱུྃ་བྷྱོ༔ ཕོ་བྲང་མཁའ་སྤྱོད་ཙ་རིའི་གཞལ་ཡས་ནས༔ བདུད་མགོན་སེང་གདོང་ཡབ་ཡུམ་སྐུ་བཞེངས་ཤིག༔ སྲས་འཁོར་བམ་རོ་ཕོ་མོ་སྐུ་བཞེངས་ཤིག༔ བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་སྐུ་བཞེངས་ཤིག༔ ཡང་འཁོར་ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི་དང་བཅས༔ བཞེངས་ཤིག་བསྟན་འགྲོའི་དོན་དུ་སྐུ་བཞེངས་ཤིག༔ བསྟན་དགྲ་དམ་ཉམས་འདུལ་བའི་དུས་ལ་བབ༔ ཧཱུྃ་ཛཿབསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས༔ དམ་ཅན་རྡོ་རྗེ་ལེགས་པ་སྐུ་བཞེངས་ཤིག༔ ཡབ་ཡུམ་མོན་པ་མོན་མོ་སྐུ་བཞེངས་ཤིག༔ ཡུམ་མཆོག་ཀོང་བཙུན་དེ་མོ་སྐུ་བཞེངས་ཤིག༔ སྤྲུལ་འཁོར་བྱེ་བ་འབུམ་བཅས་སྐུ་བཞེངས་ཤིག༔ མ་གཡེལ་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཛཿསྟེང་ཕྱོགས་ནམ་མཁའ་ཡངས་པའི་ཀློང་དཀྱིལ་ནས༔ དྲང་སྲོང་གཟའ་བདུད་ཆེན་པོ་སྐུ་བཞེངས་ཤིག༔ སྤྲུལ་པ་གཟའ་བརྒྱད་འཁོར་བཅས་སྐུ་བཞེངས་ཤིག༔ རྒྱུ་སྐར་ཉེར་བརྒྱད་ལྷ་སྲིན་དྲེགས་པའི་ཚོགས༔ བཞེངས་ཤིག་བསྟན་པ་སྲུང་བའི་དུས་ལ་བབ༔ ཙ༔ བཙན་རྒོད་ཤན་པ་ཆེན་པོ་སྐུ་བཞེངས་ཤིག༔ སྤྲུལ་འཁོར་བཀའ་སྡོད་ཡུམ་བཅས་སྐུ་བཞེངས་ཤིག༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ ཛ་ཛ་བྷྱོ༔ དམ་ཅན་བཀའ་ཡི་སྲུང་མ་མ་ལུས་པ༔ བཞེངས་ཤིག་དམ་ཚིག་ཐུགས་དམ་དུས་ལ་བབ༔ མ་གཡེལ་མ་གཡེལ་བཀའ་ཡི་སྲུང་མ་རྣམས༔ རེམ་ཅིག་བསྟན་པ་བསྲུང་བའི་དུས་ལ་བབ༔ ཛཿསྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཁྱེད་ཅག་དམ་ཚིག་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ འཁོར་ཚོགས་སྡུད་པའི་དུས་ལ་བབ༔ བསྟན་དགྲ་འདུལ་བའི་དུས་ལ་བབ༔ ཆད་དོན་གཉེར་བའི་དུས་ལ་བབ༔ ཛཿབཀའ་ཡི་བསྟན་སྲུང་ཁྱེད་རྣམས་ཀྱིས༔ འབོད་པའི་དུས་སུ་སྙན་མ་སྲ༔ བསྟེན་པའི་དུས་སུ་རྒྱང་མ་རིང་༔ གཡབ་པའི་དུས་སུ་སྤྱན་མ་རྟུལ༔ བསྐུལ་བའི་ལས་ལ་མཐུ་མ་ཆུང་༔ རྦད་པའི་ལས་ལ་རྩལ་མ་ཞན༔ མངགས་པའི་ལས་ལ་གཡེལ་མ་མཛད༔ གཉེར་བའི་ལས་ལ་བང་མ་བུལ༔ བཅོལ་བའི་ལས་ལ་དུས་མ་འགྱང་༔ དགྲ་བགེགས་ཤ་རི་ཁྲག་མཚོ་དང་༔ མཐུན་རྫས་དམར་གྱི་གཏོར་མ་བཞེས༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་དང་༔ དུས་གསུམ་རྒྱལ་བ་རྒྱ་མཚོ་དང་༔ གཟུ་དང་དཔང་དུ་དགོངས་སུ་གསོལ༔ བཀའ་ཡི་བསྟན་སྲུང་མཐུ་རྩལ་ཅན༔ གནོད་སྦྱིན་ཆེན་པོ་འཁོར་དང་བཅས༔ མ་ལུས་བདག་གི་ར་མདར་རྒྱུག༔ མ་འགྱངས་མྱུར་དུ་དམག་ལ་ཆོས༔ ཀུན་དགའ་གཞོན་ནུ་ཡབ་ཡུམ་དང་༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་རྣམས༔ མྱུར་བར་སྡང་བའི་དགྲ་ལ་རྒྱུག༔ མ་འགྱངས་མྱུར་དུ་དམག་ལ་ཆོས༔ བསྭོ༔ དམ་ཅན་རྡོ་རྗེ་ལེགས་པ་དང་༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས༔ མྱུར་དུ་བསྟན་དགྲའི་སྟེང་དུ་རྒྱུག༔ ཆོས་ཤིག་ད་ལྟ་དམག་ལ་ཆོས༔ ཛཿདྲང་སྲོང་གཟའ་བདུད་རཱ་ཧུ་ལ༔ ཡུམ་སྲས་སྡོང་ཟླ་སྤྲུལ་འཁོར་བཅས༔ ཆོ་ཆོ་སྡང་བའི་དགྲ་ལ་རྒྱུག༔ ད་ལྟ་མྱུར་དུ་དམག་ལ་ཆོས༔ བསྭོ༔ བཙན་རྒྱལ་ཤན་པ་ཀུ་འདེབས་དང་༔ ཡུམ་སྲས་སྤྲུལ་འཁོར་དྲེགས་པའི་སྡེ༔ མ་འགྱངས་དགྲ་བོའི་སྟེང་དུ་རྒྱུག༔ མ་གཡེལ་འཁོར་བཅས་དམག་ལ་ཆོས༔ བསྟན་སྲུང་གཉན་པོ་ཁྱེད་རྣམས་ཀྱིས༔ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ མྱུར་དུ་དཔུང་བསྐྱེད་དམག་ལ་ཆོས༔ ཅིའི་ཕྱིར་བདག་གིས་མི་བསྐུལ་རྒྱུ༔ བསྟན་པ་གཉན་ལ་དགྲ་དར་ནས༔ བསྟན་དགྲ་ཡན་པར་ཤོར་ར་རེ༔ དེ་ཕྱིར་བདག་གིས་མི་བཟོད་ཀྱིས༔ བསྐུལ་ལོ་དམ་ཚིག་གཉན་གྱིས་བསྐུལ༔ མཛོད་ཅིག་བསྟན་པའི་དགྲ་བོ་སྒྲོལ༔ རྣལ་འབྱོར་བདག་ལ་དགོངས་སོ་འཚལ༔ ཕྱོགས་བཞིའི་ནག་ཕྱོགས་ཁ་ཡང་དར༔ བདུད་པོ་དམ་སྲི་ཞེ་རེ་རྔམས༔ སྡིག་རྒྱལ་ནག་པོས་ཁྲིམས་ལོག་འཇུག༔ མཐའ་དམག་མཚོན་གྱི་བསྐལ་པ་ལང་༔ ཕྱི་ནང་འཁྲུགས་རྩོད་འཐབ་ར་འཆའ༔ རྡོ་རྗེ་རྒྱལ་པོ་དམངས་སུ་ཕབ༔ བསྟན་གནས་ཡུལ་དགོན་ཐམས་ཅད་བཤིག༔ སྐྱེ་འགྲོ་མི་ཡི་བདེ་བ་བཅོམ༔ མུ་སྟེགས་ལོག་ལྟས་ཆོས་ལ་རྒོལ༔ དེ་འདྲའི་བསྐལ་པ་ཤར་དུས་འདིར༔ བསྟན་སྲུང་གཉན་པོ་མེད་དམ་ཅི༔ མཐུ་རྩལ་རྫུ་འཕྲུལ་གང་ན་བཞུགས༔ ས་མ་ཡ་ཡི་དུས་ལ་བབ༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ མུ་སྟེགས་ལྟ་ལོག་ཀླ་ཀློའི་སྟེ༔ སྟོད་ཧོར་མཐའ་མི་རྒྱ་སོག་དང་༔ རྒྱ་མི་ཇིང་འདུར་མཐའ་ཧོར་སོགས༔ མཐའ་དམག་དུས་འཁྲུགས་ཤོམ་པའི་བདུད་དཔུང་གི༔ རྗེ་བློན་འབངས་འཁོར་བྲན་གཡོག་བཅས་པ་དང་༔ ཁྱད་པར་དམ་ཉམས་དགྲ་བོ་ཆེ་གེ་ཡི༔ ཚེ་སྲོག་ཁ་རྗེ་དབང་ཐང་ལས་མཐའ་བསྡུས༔ མགོ་བོ་ཆོད་ལ་དོན་སྙིང་དམར་པོ་ཕྱུང་༔ སྙིང་ཁྲག་ཧུབ་རོལ་སྲོག་རྩ་སྒལ་ནས་ཆོད༔ དབང་པོ་བསྣུབས་ལ་རྗེས་ཤུལ་མེད་པར་མཛོད༔ ནད་མཚོན་དུག་རིགས་ཐོག་གི་ཆར་པ་ཕོབ༔ གློ་བུར་ཧུར་ཐུམ་མཚོན་གྱི་ཆར་ཕོབ་ཅིག༔ འགྲོ་འོང་བསྣུབས་ལ་ཕ་འོང་ཁྲོ་ལྟར་ཐོངས༔ བསམ་དོན་གཉེར་ལ་འགུལ་བསྐྱོད་མི་དབང་བར༔ གསལ་བའི་མར་མེ་རླུང་གིས་བསད་ལྟར་སོད༔ དཔུང་ཚོགས་གྲངས་མང་ལམ་དུ་ཆས་བྱུང་ཡང་༔ ལོ་ཐོག་སེར་བས་བཅོམ་པ་བཞིན་དུ་ཐོངས༔ རི་ཐང་མེད་པར་དམག་གིས་ཁྱབ་གྱུར་ཀྱང་༔ བ་མོ་ཉི་མའི་ཟེར་གྱིས་འཇོམས་ལྟར་ཐོངས༔ བདུད་སྤྲུལ་སྨོན་ལོག་སྡིག་རྗེ་བློན་དང་བཅས༔ མ་ལུས་ལུས་པ་མེད་པར་དུས་མྱུར་དུ༔ ལོ་ཟླ་ཞག་གི་དུས་སུ་མ་འགྱངས་པར༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ བཀའ་དང་དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་བའི་ལས་དེ་མྱུར་དུ་འགྲུབ་པར་མཛོད༔ གཏོར་ཟོར་དགྲ་ཕྱོགས་སུ་བཏེགས་ལ༔ ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲཱི་ད་ཧཱུྃ་ཕཊ༔ མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་སི་ན་ར་མ་ཧཱུྃ་ཕཊ༔ བཛྲ་ས་དྷུ་ས་མ་ཡ༔ ཧ་ལ་ཀཱ་ལ་རཱ་ཧུ་ལ་ཧཱུྃ༔ ནཱ་ག་ཙནྟྲི་ཡཀྴ་ཧཱུྃ༔ སརྦ་དྷརྨ་པཱ་ལ༔ སརྦ་ཀྵེ་ཊ་པཱ་ལ༔ སརྦ་ལོ་ཀ་པཱ་ལ༔ སརྦ་ས་མ་ཡ་ཛ་ཛཿབསྭོ་བསྭོ༔ ཆོ་ཆོ༔ རྒྱུག་རྒྱུག༔ བྷྱོ་བྷྱོ༔ ཟློག་ཟློག༔ དགྲ་བོ་དམ་ཉམས་ཀྱི་སྟེང་དུ་དམག་སྣ་དྲོངས་ཤིག༔ རྒྱུག་ཅིག་དགྲ་བོའི་ཆེ་བརྒྱུད་ལ་བབ་ན་འབྲུ་དྲུག་སེར་བས་བཅོམ་པ་བཞིན་དུ་ཐོངས་ཤིག༔ དགྲ་བོའི་ཆུང་བརྒྱུད་ལ་བབ་ན་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་ཐོངས་ཤིག༔ དགྲ་བོའི་དཔུང་ཚོགས་ལ་བབ་ན་ཐལ་བ་རླུང་གིས་གཏོར་བ་བཞིན་དུ་ཐོངས་ཤིག༔ དགྲ་བོའི་ཡུལ་མཁར་ལ་བབ་ན་སྲན་ཕུང་ལ་བེར་ཀས་བརྒྱབ་པ་བཞིན་དུ་ཐོངས་ཤིག༔ བདག་ལ་མ་ཉེས་ཁ་ཡོག་དང་གླེང་འདེབས་པ༔ དྲང་པོར་སྨྲས་ཀྱང་རྫུན་དུ་གྱེར་བ༔ བདེ་བར་འདུག་ཀྱང་སྡུག་ཏུ་འཇུག་པ༔ ཆོས་ལྟར་བསྒྲུབ་ཀྱང་འཕྲོག་བཅོམ་བྱེད་པ༔ ཉེས་མེད་པ་ལ་ཆད་པས་གཅོད་པར་བྱེད་པའི་དགྲ་བོ་དམ་ཉམས་འདི་ལ་ཕོབ་ཅིག༔ རྒྱོབ་ཅིག༔ སོད་ཅིག༔ ཐུལ་ཞིག༔ དཀོན་མཆོག་གསུམ་གྱི་བདེན་པས་དྲང་སྲོང་རཱ་ཧུ་ལའི་བདེན་ཚིག་བཞིན་དུ་དགྲ་བོ་འདི་ལ་བདེན་པའི་མཐུ་དང་ནུས་པའི་སྟོབས་ཀྱིས༔ དམོད་བསྐུལ་མདོས་ཟོར་གྱི་དབལ་ཁ་ཕོབ་ཅིག༔ སོད་སོད༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ༔ ཛྭ་ལ་རཾ་རཾཿཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་ལོག་འདྲེན་མཐའ་དམག་དུས་འཁྲུགས་ཞིང་བཅུའི་བསྟན་དགྲ་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ ཅེས་བོར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཐའ་དམག་དུས་འཁྲུགས་མ་རུངས་ཁ་དར་དུས༔ རྦད་བསྐུལ་འདི་ལ་རབ་ཏུ་བརྩོན་པ་གཅེས༔ གལ་ཆེན་དགྲ་བོ་མ་གཏོགས་བསྐུལ་མི་རུང་༔ འདི་ཡིས་དགྲ་བགེགས་མཐའ་དམག་དུས་འཁྲུགས་རྣམས༔ ཐལ་བ་རླུང་གིས་གཏོར་བཞིན་བརླག་པར་འགྱུར༔ མ་འོངས་ང་ཡི་བརྒྱུད་འཛིན་སྡུག་པའི་དུས༔ ཤིན་ཏུ་བརྩེ་བའི་རྣོ་མཚོན་བཞག་པ་འདི༔ ཕྱི་རབས་སྐལ་ལྡན་རྣམས་ཀྱིས་གཅེས་པར་ཟུངས༔ སྔགས་པའི་ལས་ཀ་འདི་མིན་གཞན་མ་ཡིན༔ དམོད་བསྐུལ་འདི་ལ་ཚུལ་བཞིན་བརྩོན་པས་ན༔ སྟོང་གསུམ་ཡོ་ལོག་བྱུང་ཡང་འཇིགས་མི་འགྱུར༔ མི་བསླུ་ངེས་པ་པད་འབྱུང་བཀའ་ཡིན་གྱི༔ མཐའ་དམག་དུས་འཁྲུགས་རྒྱལ་པོའི་ཆད་པ་དང་༔ མ་ཉེས་ཁ་ཡོག་སྲོག་ལ་བབ་དུས་བརྩོན༔ ལན་ཅིག་བྱས་པས་བརླག་པའི་ཐེ་ཚོམ་མེད༔ འཇིགས་བྱེད་སྡེ་ལྔ་གྲོགས་སུ་བསྟེན་པར་མཛོད༔ ཕ་རོལ་འཇིག་རྟེན་དག་ལ་སྨོས་ཅི་དགོས༔ སྣང་སྲིད་ལྷ་སྲིན་ཡོངས་ཀྱི་སྲོག་སྙིང་འདུ༔ ས་མ་ཡ༔ བཀའ་འདི་མ་མོ་བཅུ་གཉིས་ཉེར་བརྒྱད་དང་༔ གནོད་སྦྱིན་དམར་ནག་ཀུན་དགའ་གཞོན་ནུ་སོགས༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་གཉེར༔ ལྟ་ལོག་ལོག་སྤྱོད་སྒྲོ་སྐུར་གླེང་མོ་མཁན༔ ས་སྟེང་འདི་རུ་བྱུང་ན་སྙིང་ཁྲག་ཕོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨ་ཐམ་རྒྱ༔ ཞེས་པ་འདི་ཡང་ཟབ་གསང་རྫོགས་པ་ཆེན་པོ་འོད་གསལ་སྒྱུ་མའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེའི་མིང་ནས་བཏོན་ཏེ་མི་ལོ་བདུན་ལ་བཀའ་རྒྱས་བཏབ་ནས་མཐར་སྨར་སྟོད་འབྲོས་ཕུག་ཅེས་བྱ་བ་རྡོ་རྗེ་མཁའ་འགྲོའི་གསང་ཕུག་ནས་དག་པར་ཕབ་པའི་ཡི་གེ་པ་ནི་སྔོན་སྨོན་ལས་ཀྱིས་འབྲེལ་བའི་རང་སློབ་ཕུན་ཚོགས་བཀྲ་ཤིས་ཞེས་བྱ་བས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ །།སརྦ་མངྒ་ལཾ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 14:54, 7 August 2024

Wylie title zab gsang mkha' 'gro'i snying thig las: thugs sgrub gsang ba'i rgya can gyi skor: dpal chen rdo rje gzhon nu'i bskul ba tshangs pa'i sgra dbyangs: TTDL-ZABTER-05-CA-012.pdf
Location bdud 'joms gling pa zab gter
Volume 5, Text 12, Pages 129-148 (Folios 1a1 to 10b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub gsang ba'i rgya can gyi skor dpal chen rdo rje gzhon nu'i bskul ba tshangs pa'i sgra dbyangs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 129-148. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskul ba   Verso: bdud 'joms phur pa gnam lcags spu gri
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Invocations - bskul ba
Cycle ཕུར་པ་ཐུགས་སྒྲུབ་གསང་བ་རྒྱ་ཅན་གནམ་ལྕགས་སྤུ་གྲི་ (phur pa thugs sgrub gsang ba rgya can gnam lcags spu gri)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

ཞེས་པ་འདི་ཡང་ཟབ་གསང་རྫོགས་པ་ཆེན་པོ་འོད་གསལ་སྒྱུ་མའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེའི་མིང་ནས་བཏོན་ཏེ་མི་ལོ་བདུན་ལ་བཀའ་རྒྱས་བཏབ་ནས་མཐར་སྨར་སྟོད་འབྲོས་ཕུག་ཅེས་བྱ་བ་རྡོ་རྗེ་མཁའ་འགྲོའི་གསང་ཕུག་ནས་དག་པར་ཕབ་པའི་ཡི་གེ་པ་ནི་སྔོན་སྨོན་ལས་ཀྱིས་འབྲེལ་བའི་རང་སློབ་ཕུན་ཚོགས་བཀྲ་ཤིས་ཞེས་བྱ་བས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ །།སརྦ་མངྒ་ལཾ།།

zhes pa 'di yang zab gsang rdzogs pa chen po 'od gsal sgyu ma'i rnal 'byor pa rig 'dzin bdud 'joms rdo rjes gser smad rnga la stag rtse'i g.yas logs shwa brag rdo rje'i ming nas bton te mi lo bdun la bka' rgyas btab nas mthar smar stod 'bros phug ces bya ba rdo rje mkha' 'gro'i gsang phug nas dag par phab pa'i yi ge pa ni sngon smon las kyis 'brel ba'i rang slob phun tshogs bkra shis zhes bya bas so/_/dge'o/_/dge'o/_/dge'o/_/legs so_//sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་གྱི་སྐོར༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བསྐུལ་བ་ཚངས་པའི་སྒྲ་དབྱངས་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་དྷེ་ཝ་ཝེ༔ (བརྡ་ཡིག་) ཕུར་པ་བསྒྲུབ་པའི་རིག་འཛིན་ལ༔ བསྐུལ་བ་ཚངས་པའི་སྒྲ་དབྱངས་གཅེས༔ དམར་གཏོར་ཁྲག་སྐྱེམས་དྲན་བྱས་ཏེ༔ ཧཱུྃ་ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་བཞེངས་ཤིག༔ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་སྐུ་བཞེངས་ཤིག༔ ཡེ་ཤེས་མེ་རི་འབར་བའི་ཀློང་དཀྱིལ་ནས༔ ཁྲོ་རྒྱལ་ཀཱི་ལ་རིགས་ལྔ་སྐུ་བཞེངས་ཤིག༔ གནམ་ལྕགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་སྐུ་བཞེངས་ཤིག༔ གྲུ་གསུམ་ཟླ་གམ་དམར་པོའི་ཨེ་སྟེང་ནས༔ སྲས་མཆོག་ཁྲ་ཐབས་ཉེར་གཅིག་སྐུ་བཞེངས་ཤིག༔ ཕྲིན་ལས་ལྷུན་གྲུབ་ཕྱོགས་བཞིའི་སྒོ་བཞི་ནས༔ ཡེ་ཤེས་སྒོ་མ་རྣམ་བཞི་སྐུ་བཞེངས་ཤིག༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ ཕུར་སྲུང་དམ་ཅན་རྒྱ་མཚོ་སྐུ་བཞེངས་ཤིག༔ མ་གཡེལ་མ་གཡེལ་དམ་ཚིག་གཉན་གྱིས་བསྐུལ༔ ཤ་ཁྲག་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ ནག་ཕྱོགས་རྗེ་བོ་དམག་འཁྲུགས་གཡུལ་འགྱེད་མཁན༔ སྡོང་ཟླ་བདུད་དམག་འགོང་ནག་དྲག་རྔམས་ཅན༔ མཐའ་ཁོབ་ཀླ་ཀློས་ཆོས་ཁྲིམས་འཇིག་ཆས་སོགས༔ སངས་རྒྱས་བསྟན་བཤིག་སྐྱེ་འགྲོའི་བདེ་བཅོམ་པའི༔ གཟུགས་ཅན་དགྲ་དང་གཟུགས་མེད་མི་མིན་ཚོགས༔ ལོངས་ཡོད་ལོ་ཟླར་འགྱངས་སུ་མ་ཤོར་བར༔ ནམ་མཁའི་གློག་ཞགས་འཕེན་སྡུད་ལས་མྱུར་བར༔ སྲོག་གི་མེ་སོད་སྙིང་གི་ཁྲག་དྲོངས་ཤིག༔ རླུང་གི་རྒྱུ་འགྲུལ་གློ་བའི་མདོ་ནས་ཆོད༔ དཔུང་ཚོགས་སྔོན་རྒྱུག་རྗེས་འབྲངས་སྐྱོབ་གྲོགས་བཅས༔ ལྷ་ཡང་རུང་སྟེ་ཐལ་བའི་རྡུལ་དུ་རློག༔ དམ་ལས་མ་འདའ་བཛྲ་ས་མ་ཡ༔ དམ་ཚིག་དབང་གིས་མཐའ་དམག་དུས་འཁྲུགས་ཟློག༔ བདག་ཅག་སྐུ་རྗེ་བོད་ཀྱི་རྒྱལ་ཁམས་སུ༔ ལོ་ལེགས་འབྲུ་འཕེལ་སངས་རྒྱས་བསྟན་པ་དར༔ དགེ་ལེགས་ཡར་འཕེལ་འདོད་རྒུ་རབ་རྒྱས་ནས༔ འཁྲུགས་དང་འཐབ་དང་རྩོད་པ་མེད་པར་མཛོད༔ དམོད་བྱང་འཆི་བདག་ནག་པོའི་ཧུབ་སྒྲ་ནི༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ བཀའ་བརྒྱུད་རིག་འཛིན་བླ་མ༔ ཡི་དམ་རྒྱུད་སྡེའི་ལྷ་ཚོགས༔ མ་སྲིང་མཁའ་འགྲོ་རྒྱ་མཚོ༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་པ་བདག་ལ་དགོངས་སུ་གསོལ་ལོ༔ ཁྱེད་རྣམས་ལ་ཐུགས་རྗེ་མཐུ་སྟོབས་ནུས་རྩལ་མངའ་འམ༔ མངའ་ཞེས་བདེན་པར་ངེས་སྲིད་དམ༔ སྲིད་ན་ད་དུས་འདི་ལ་ཐུགས་རྗེའི་ཤུགས་ཕྱུང་༔ མཐུ་དང་རྩལ་བསྐྱེད༔ ནུས་པའི་སྟོབས་བསྐྱེད༔ དམ་ཚིག་ལ་དགོངས་འཚལ་ལོ༔ དམ་ཚིག་དང་སྤྲུལ་པ་ཆེན་པོའི་དུས་ལ་བབ་བོ༔ ཕྲིན་ལས་སུ་བཅོལ་བ་ནི་ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ སངས་རྒྱས་ཀྱི་བསྟན་པ་བཤིག་པའི་ལག་དམར༔ དཀོན་མཆོག་དབུ་འཕང་སྨད་པའི་བསྟན་བཤིག༔ སྐྱེ་འགྲོའི་བདེ་བ་བཅོམ་པའི་བདུད་པོ༔ དམག་འཁྲུགས་གཡུལ་མཚོན་འགྱེད་པའི་སྡིག་རྗེ༔ ཡུལ་སྡེ་དགོན་གནས་འཇིག་པའི་ནག་ཕྱོགས༔ བསྟན་པའི་ཆོས་ཁྲིམས་བཤིག་པའི་རཱུ་དྲ༔ ཕྱོགས་བཞིའི་བདུད་སྤྲུལ་དམ་ལོག་གསང་སྔགས་རྡོ་རྗེ་ཐེག་པ་ལ་ལོག་པར་ལྟ་བ་དེ་དག་ཐམས་ཅད༔ དབང་ཕྱུག་ཆེན་པོའི་སྐྱབས་འོག་མན་ཆད༔ ཨ་བ་གླང་མགོའི་བཙོན་ར་ཡན་ཆད༔ འབྱུང་བ་ཟད་པའི་ཕ་མཐའ་ཚུད་ཆད་གང་ན་གནས་ཀྱང་༔ ལོ་དང་ཟླ་ཞག་ཏུ་མ་བཞག༔ ནམ་མཁའ་སྟོང་པ་ལ་ཚད་མ་འཛུག༔ མི་ཚེ་ཕྱི་མ་ལ་དུས་མ་བཏབ༔ སྐྱེ་འཆི་གཉིས་ལ་ཁུངས་མ་བཙལ༔ ཕྱག་དང་ཞུ་བ་བྱེད་དུ་བྱུང་ཡང་བརྩེ་མ་ཤོར་བར་དུས་ད་ལྟ་ཞག་དོ་ནུབ་མོ་འདི་ལས་འདས་སུ་མ་བཞག་པར༔ སྙིང་ཁྲག་དམར་པོ་ཐང་ལ་ཕོས་ཤིག༔ སྲོག་རྩ་རྒལ་ནས་ཆོད་ཅིག༔ མིག་འབྲས་ཐང་ལ་འཕོངས་ཤིག༔ རྒྱུ་མ་ལམ་དུ་གནོར་ཞིག༔ ཁ་ཟས་མིད་དུ་མ་ཤོར༔ ཚིག་གི་མཇུག་མ་རྫོགས་པར༔ སོད་ཅིག་སྒྲོལ་ཅིག༔ ཕོ་རྒྱུད་ཀྱི་རྩ་བ་རྩད་ནས་ཆོད་ཅིག༔ མོ་རྒྱུད་ཀྱི་རྩ་བ་མངལ་ནས་སྐོམ་ཞིག༔ ལྷག་མ་རྗེས་ཤུལ་མཐའ་རྩ་སྐྱེ་བརྒྱུད་དང་བཅས་པ་ལས་ཀྱི་གཤིན་རྗེ་ནག་པོའི་ཁ་རུ་སྟོབ་ཅིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་དང་མཉམ་དུ་བཞེས་བཞེས་རོལ་རོལ༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿབཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ ཨ་བྷི་ཙཱཪྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ནའོ༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་དགྲ་བགེགས་ལོག་འདྲེན་མཐའ་དམག་དུས་འཁྲུགས་དུས་མཐའི་འགོང་ནག་སངས་རྒྱས་བསྟན་བཤིག་ལོག་འདྲེན་རྒྱལ་འགོང་གདུག་པའི་སེམས་དང་ལྡན་པ་ཐམས་ཅད་མཱ་ར་ཡ་རྦད་ནན་བྷྱོ་ཟློག༔ ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཏ་ཐ་ཡ་ཏ་ཐ་ཡ་རྦད་བྷྱོ༔ ས་མ་ཡ༔ དྲག་པོ་འཇིགས་བྱེད་སྲོག་བདག་སྡེ་ལྔའི་རྦད་བསྐུལ་ལས༔ རྡོ་རྗེ་ལེགས་པའི་རྦད་བསྐུལ་ནི༔ ཧཱུྃ་ཛཿགསང་བདག་ཕྱག་ན་རྡོ་རྗེ་ཡི༔ བཀའ་ཉན་བསྟན་སྲུང་དམ་ཚིག་ཅན༔ སངས་རྒྱས་ཤཱཀྱ་ཐུབ་པ་དང་༔ རྒྱལ་དབང་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་བསྟན་པའི་སྲུང་མ་ཆེ༔ རྡོ་རྗེ་ལེགས་པ་རྫུ་འཕྲུལ་ཅན༔ མཐུ་དང་ཟེར་གྱིས་སྣ་ལ་རྒྱུག༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་རྣམས༔ བསྐུལ་ལོ་དམ་ཚིག་གཉན་གྱིས་བསྐུལ༔ ཧཱུྃ་ཛཿཕ་ནི་མོན་པ་ནག་པོ་བསྐུལ༔ དགྲ་བགེགས་སྲོག་སྙིང་རྩད་ནས་འབྱིན༔ མ་ནི་མོན་མོ་ནག་མོ་བསྐུལ༔ དགྲ་སྲོག་དབང་པོ་རྣམ་ལྔ་བསྣུབ༔ སྲས་མཆོག་རྡོ་རྗེ་ལེགས་པ་བསྐུལ༔ ཆོ་ཆོ་དགྲ་བགེགས་ཐལ་བར་རློག༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ སེང་ཞོན་དམག་ཚོགས་ནམ་མཁར་རྒྱུག༔ དགྲ་བོའི་གནམ་གྱི་དམུ་ཐག་ཆོད༔ བྱ་ཞོན་དམག་ཚོགས་བར་སྣང་རྒྱུག༔ དགྲ་བོའི་སྲོག་སྙིང་སྐད་ཅིག་ལོངས༔ ར་ཞོན་དམག་ཚོགས་ས་གཞིར་རྒྱུག༔ དགྲ་བོའི་ས་ཡི་བརྟེན་ཕུར་ཕུད༔ ཤ་ཟའི་དམག་ཚོགས་ཤ་ལ་རོལ༔ ཁྲག་འཐུང་དམག་ཚོགས་ཁྲག་ལ་རོལ༔ རུས་འཆའི་དམག་ཚོགས་རུས་པ་མུར༔ སྲོག་གཅོད་དམག་གིས་སྲོག་དབུགས་བསྡུས༔ དམ་ཅན་དམ་ལས་མ་འདའ་ཞིག༔ སྡང་དགྲ་གདུག་པའི་དཔུང་ཚོགས་རྣམས༔ སྐད་ཅིག་ཉིད་ལ་ད་སྒྲོལ་ཅིག༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ བསྐུལ་ལོ་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ས་དྷུ་ས་མ་ཡ་ཛ་ཛ༔ ཆོ་ཆོ་རྒྱུག་རྒྱུག་དགྲ་ལ་རྦད་བྷྱོ༔ དེ་ནས་བདུད་མགོན་ནག་པོའི་རྦད་བསྐུལ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་རྡོ་རྗེ་གྲོ་བོ་ལོད༔ ང་ནི་བཛྲ་ཀཱི་ལ་ཡ༔ འབོད་དོ་བསྐུལ་ལོ་བསྟན་སྲུང་ཆེ༔ ཕོ་བྲང་མཁའ་སྤྱོད་ཙ་རི་ནས༔ མི་སྲུན་རབ་འཇིགས་རྔམས་པའི་སྐུ༔ བདུད་མགོན་སེང་གདོང་ཡབ་ཡུམ་ལ༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར༔ ཛཿབྱོན་ཅིག་གཤེགས་ཤིག་བསྟན་སྲུང་ཆེ༔ བསྐུལ་ལོ་དམ་ཚིག་གཉན་གྱིས་བསྐུལ༔ འབོད་དོ་དམ་ཚིག་གཉན་གྱིས་འབོད༔ བསྟན་པ་གཉན་ལ་དགྲ་དར་ན༔ བསྟན་སྲུང་གཉན་པོ་མེད་དམ་ཅི༔ བཅོལ་བའི་ལས་འདི་མ་བྱས་ན༔ དུས་གསུམ་རྒྱལ་བའི་བཀའ་བསླུས་ཤིང་༔ རིག་འཛིན་བརྒྱུད་པའི་དམ་ལས་འདས༔ རྣལ་འབྱོར་བདག་གི་དམ་ཡང་འགལ༔ དོ་ནུབ་བསྐུལ་བའི་ལས་ལ་རྒྱུག༔ དོ་ནུབ་སྡང་བའི་དགྲ་བོ་སོད༔ བསྟན་བཤིགས་རཱུ་དྲའི་དམག་ཚོགས་འདི༔ ལོ་ཟླར་བཞག་པའི་ལོངས་མེད་ཀྱི༔ ད་ལྟ་ཉིད་དུ་བརླག་པར་མཛོད༔ གཡུལ་འགྱེད་མཚོན་གྱི་ལས་བྱེད་པའི༔ བདུད་རྒྱལ་བློན་འབངས་བཅས་པ་རྣམས༔ རྗེས་ཤུལ་མིང་ཙམ་མ་ལུས་པ༔ ཐལ་བ་རླུང་གིས་གཏོར་བཞིན་རློག༔ སྙིང་ཁྲག་དམར་པོ་ཧུབ་ཀྱིས་འཐུང་༔ སྲོག་གི་མར་མེ་ཐིབ་ཀྱིས་སོད༔ དབུགས་ཀྱི་འབྱུང་འཇུག་རྩད་ནས་ཆོད༔ ཨོཾབཛྲ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ས་མ་ཡ་དགྲ་྄ལ་རྦད་བྷྱོ༔ གནོད་སྦྱིན་ཆེན་པོའི་རྦད་བསྐུལ་ནི༔ ཧེ་ཀྵ༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ འཇིགས་བྱེད་དྲག་པོའི་སྐུར་སྟོན་པ༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ཡུམ་མཆོག་སྙིང་འབྱིན་དམར་མོ་དང་༔ སྤྲུལ་འཁོར་བརྒྱད་དང་ཡང་འཁོར་ནི༔ བྱེ་བ་དུང་ཕྱུར་ལྷ་སྲིན་ཚོགས༔ མ་གཡེལ་མ་འགྱངས་ལས་ལ་བསྐུལ༔ ས་མ་ཡ་ཡིས་འབོད་ཅིང་བསྐུལ༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ གསང་བདག་ཕྱག་ན་རྡོ་རྗེ་དང་༔ ཕུང་བྱེད་ཤཱནྟིཾ་གྷརྦྷ་དང་༔ རིག་འཛིན་རྡོ་རྗེ་གཤོག་རྒོད་ཀྱིས༔ ཇི་ལྟར་བཀའ་བསྒོས་ཐ་ཚིག་བཞིན༔ བསྟན་པ་གཉན་ལ་དགྲ་དར་ན༔ བསྟན་སྲུང་གཉན་པོ་མེད་དམ་ཅི༔ མུ་སྟེགས་ལོག་ལྟ་ཆོས་ཁྲིམས་བཤིག༔ བསྟན་གནས་ཡུལ་དགོན་མཚོན་གྱིས་འགེང་༔ སློབ་བུ་དམ་ལོག་བླ་མར་གཤེ༔ བདུད་སྤྲུལ་སྡིག་རྗེས་སྐྱེ་འགྲོར་བསྡིག༔ སྟོན་པ་རྡོ་རྗེ་རྒྱལ་པོ་ཡང་༔ བདུད་ཀྱི་དམངས་སུ་བབ་ལ་རེ༔ དམ་ཅན་རྒྱ་མཚོ་གང་ན་བཞུགས༔ མ་གཡེལ་བཀའ་ཡི་སྲུང་མ་ཆེ༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཀའ་དང་དམ་ལ་མ་འདའ་བར༔ དམ་ཉམས་བསྟན་པའི་རཱུ་དྲ་དང་༔ མཐའ་མི་རྒྱ་སོག་བྷནྡྷེ་ཧོར༔ མུ་སྟེགས་ཀླ་ཀློ་ལོག་ལྟའི་རིགས༔ སྟོད་ཧོར་ཇིང་འདུར་སྡིག་པའི་སྡེ༔ དམག་འཁྲུགས་གསོད་གཅོད་ལས་བརྩོན་པའི༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ལོ་ཟླ་རིང་དུ་མ་འགྱང་བར༔ ད་ལྟ་སྐད་ཅིག་ཡུད་ཙམ་གྱིས༔ ལོ་ཐོག་སེར་བས་བཅོམ་བཞིན་ཐོངས༔ དཔུང་ཚོགས་སྐྱབས་དང་བརྟེན་བཅས་པ༔ ཐལ་བ་རླུང་གིས་གཏོར་བཞིན་རློག༔ བསྐྱོད་པའི་རྐག་ལག་སྡོང་པོ་བཞི༔ གནམ་ལྕགས་རྡོ་རྗེའི་ཐོག་གིས་ཤིག༔ བཀྲ་བ་དབང་པོའི་མེ་ཏོག་བསྣུབ༔ འབྱུང་འཇུག་རླུང་གི་རྒྱུ་འགྲུལ་ཆོད༔ སྲོག་གི་མར་མེ་ཐིབ་ཀྱིས་སོད༔ ཕུང་ཁམས་སྐྱེ་མཆེད་རྔམས་པར་རོལ༔ རྗེས་ཤུལ་མིང་ཙམ་མེད་པར་མཛོད༔ དྲག་པོའི་མངོན་སྤྱོད་ཕྲིན་ལས་མཛོད༔ རྒྱལ་ཁམས་ཀུན་དུ་བདེ་ལེགས་སྩོལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲཱི་ད་སརྦ་ས་མ་ཡ་ཛ་ཛཿདགྲ་བགེགས་ལོག་འདྲེན་ཐམས་ཅད་མཱ་ར་ཡ་ཟློག་ཟློག༔ ཧེ་ཧེ་ཧཱུྃ་ཀྵ་བྷྱོ་ཛཿགཟའ་བདུད་ནག་པོའི་རྦད་བསྐུལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་སྤྱི་དཔལ་ཆེན་པོ་སྟེ༔ ང་ནི་རྡོ་རྗེ་གཏུམ་པོ་ཆེ༔ ང་ནི་བཛྲ་ཀཱི་ལ་ཡ༔ འཁོར་འདས་ཡོངས་ཀྱི་དབང་ཕྱུག་ཆེ༔ ཧཱུྃ་ཛཿདུར་ཁྲོད་རབ་འཇིགས་རྩུབ་འགྱུར་ཚལ༔ འཇིགས་རུང་རྔམས་འཁྲིགས་དྲག་པོའི་གནས༔ ཁྲག་ཞག་རྦ་ཀློང་འཁྲིགས་པའི་མཚོར༔ དྲང་སྲོང་གཟའ་བདུད་རཱ་ཧུ་ལ༔ ཡབ་ཡུམ་ཀླུ་སྲིན་གཏུམ་དྲག་རྔམས༔ སྤྲུལ་པ་གཟའ་མཆོག་ཆེན་པོ་བརྒྱད༔ སྡོང་ཟླ་གདོང་མོ་མཆེད་བཞི་དང་༔ བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་དང་༔ རྒྱུ་སྐར་ཉེར་བརྒྱད་དང་བཅས་པ༔ ནམ་མཁའ་ཡངས་པའི་ཀློང་ནས་གཤེགས༔ དམ་ཚིག་གཉན་གྱི་གདན་ལ་བཞུགས༔ མཐུན་རྫས་འདོད་ཡོན་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་ཞིག༔ བསྟན་པ་གཉན་ལ་དགྲ་དར་ན༔ མ་གཡེལ་མ་འགྱངས་དུས་ལ་བབ༔ གཡར་དམ་གཉན་གྱིས་ཐུགས་དམ་བསྐུལ༔ ཐ་ཚིག་དབང་གིས་ཕྲིན་ལས་སྒྲུབ༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ སྐྱེ་འགྲོའི་བདེ་བ་བཅོམ་པ་ཡི༔ དམ་ཉམས་ཞིང་བཅུའི་དམག་ཚོགས་འདི༔ མགོ་འཛིན་དོན་གཉེར་བྱེད་པ་ཡི༔ རྗེ་བློན་འབངས་དང་བཅས་པ་ལ༔ ཁྱབ་འཇུག་ཆེན་པོའི་དུག་གིས་ཐོབ༔ གཟའ་ཆེན་བརྒྱད་ཀྱིས་ཧུར་ཐུམ་རྦད༔ རྒྱུ་སྐར་དམག་གིས་ནད་མཚོན་ཐོངས༔ གདོང་མོ་བཞི་ཡིས་རང་འབྱོར་གྱི༔ ནད་མཚོན་ཐོག་སེར་ཆར་ཕོབ་ཅིག༔ སྤྲུལ་འཁོར་ལྷ་སྲིན་སྡེ་བརྒྱད་ཀྱིས༔ ཐལ་བའི་རྡུལ་དུ་བརླག་པར་མཛོད༔ རྗེས་ཤུལ་མིང་ཙམ་མ་ལུས་པ༔ བ་མོ་ཉི་ཟེར་ཕོག་ལྟར་ཐོངས༔ བཅོལ་བའི་ལས་འདི་གཉེར་གཏད་པས༔ གསང་བདག་ཕྱག་ན་རྡོ་རྗེའི་བཀའ༔ རིག་འཛིན་པདྨ་འབྱུང་གནས་བཀའ༔ ད་ལྟ་རྣལ་འབྱོར་བདག་གི་བཀའ༔ བཀའ་ལས་མ་འདའ་ཐ་ཚིག་ཅན༔ དམ་ལས་མ་འདའ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་མྱུར་དུ་བསྒྲུབ༔ ཨོཾ་རཱ་ཧུ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཆོ་ཆོ་རྒྱུག་རྒྱུག་ཛ་ཛཿབྷྱོ་བྷྱོ་སྡང་བའི་དགྲ་ལ་རྦད་རྦད་ཧ་ལ་ཧ་ལ་དགྲ་བོ་ཐིབ་ཐིབ་ཐུམ་རི་ལི་ལི་མཱ་ར་ཡ་རྦད་ཟློག་བྷྱོ༔ བཙན་དམར་ཤན་པའི་རྦད་བསྐུལ་ནི༔ ཙ༔ ལྗོན་ཤིང་བྲག་རི་གཏམས་པའི་ཚལ༔ རྔམས་པའི་སྒྲ་འབྱིན་ཕོ་བྲང་ནས༔ བཙན་རྒོད་ཤན་པ་ཀུ་འདེབས་ཁྱོད༔ མ་ཐོགས་གནས་འདིར་གཤེགས་སུ་གསོལ༔ ཤ་ཁྲག་དམར་མཆོད་འདི་བཞེས་ལ༔ བཅོལ་བའི་ལས་ལ་མ་གཡེལ་རེམ༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བསྟན་པ་གཉན་ལ་དགྲ་དར་ན༔ མ་གཡེལ་སྲུང་མ་མཐུ་རྩལ་ཅན༔ བསྐུལ་ལོ་དམ་ཚིག་གཉན་གྱིས་བསྐུལ༔ འདས་ན་མགོ་འགས་རྟག་ཏུ་མནར༔ དེ་བས་དམ་ལ་ད་དགོངས་འཚལ༔ ཀི་བསྭོ་ཆའོ་དམག་ལ་ཆོས༔ རེམ་ཅིག་སྲུང་མ་མཐུ་རྩལ་ཅན༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ལོ་ཟླ་འགྱངས་སུ་མ་ཤོར་བར༔ ད་ལྟ་བསྒྲལ་བའི་དུས་ལ་བབ༔ དམ་ཉམས་དགྲ་བོ་ལས་ངན་གྱི༔ དཔུང་ཚོགས་བྲན་དང་བུ་སྨད་བཅས༔ དམ་ཅན་སྐྱོད་ལ་གཉེར་དུ་གཏད༔ མཐུ་དང་རྫུ་འཕྲུལ་རྩལ་མ་ཞན༔ དགྲ་བོ་དམ་ཉམས་ལས་ངན་གྱི༔ མི་ནོར་བང་མཛོད་དཔུང་བཅས་ལ༔ ཁ་མ་ཆུང་ལ་ཚིམ་མ་སླ༔ ངུ་སྒྲས་རྔམས་ཤིང་ཧམ་པར་རོལ༔ རྗེས་ཤུལ་ཙམ་ཡང་མེད་པར་གྱིས༔ ཨོཾ་ནཱ་ག་ཙནྟྲི་ཡཀྴ་ཡཀྴ་ས་མ་ཡ༔ དགྲ་ལ་རྦད་རྦད༔ རྒྱུག་རྒྱུག༔ བྷྱོ་བྷྱོ༔ ཆོ་ཆོ་ཛཿདེ་ནས་འཇིགས་བྱེད་སྡེ་ལྔའི་དམག་བསྐུལ་དགྲ་བོའི་གྲོང་འཇིག་རེག་ཕུང་སྤུ་གྲི་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་འཁོར་འདས་དབང་བསྒྱུར་བ༔ ཡེ་ཤེས་སྒྱུ་འཕྲུལ་འཁོར་ལོའི་བདག༔ རིགས་དང་དཀྱིལ་འཁོར་ཀུན་གྱི་དཔལ༔ སྣང་སྲིད་འདི་ན་དྲེགས་པོའི་ཚོགས༔ ཐམས་ཅད་བསྒོ་བའི་བཀའ་ལ་ཉོན༔ ཀྵཿཧེ་ཆེན་བརྡལ་བའི་དུར་ཁྲོད་ཆེན་པོ་ནས༔ དབང་ཆེན་ཐུགས་ཀྱི་སྲས་མཆོག་དབང་གི་སྐུ༔ འཇིགས་བྱེད་གནོད་སྦྱིན་ཤན་པ་དམར་ནག་དང་༔ ཡུམ་མཆོག་སྙིང་འབྱིན་དམར་མོ་སྐུ་བཞེངས་ཤིག༔ སྤྲུལ་པའི་འཁོར་བརྒྱད་འཁོར་བཅས་སྐུ་བཞེངས་ཤིག༔ མ་གཡེལ་མ་འགྱངས་དམ་ཚིག་གཉན་ལ་དགོངས༔ ཧཱུྃ་བྷྱོ༔ ཕོ་བྲང་མཁའ་སྤྱོད་ཙ་རིའི་གཞལ་ཡས་ནས༔ བདུད་མགོན་སེང་གདོང་ཡབ་ཡུམ་སྐུ་བཞེངས་ཤིག༔ སྲས་འཁོར་བམ་རོ་ཕོ་མོ་སྐུ་བཞེངས་ཤིག༔ བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་སྐུ་བཞེངས་ཤིག༔ ཡང་འཁོར་ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི་དང་བཅས༔ བཞེངས་ཤིག་བསྟན་འགྲོའི་དོན་དུ་སྐུ་བཞེངས་ཤིག༔ བསྟན་དགྲ་དམ་ཉམས་འདུལ་བའི་དུས་ལ་བབ༔ ཧཱུྃ་ཛཿབསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས༔ དམ་ཅན་རྡོ་རྗེ་ལེགས་པ་སྐུ་བཞེངས་ཤིག༔ ཡབ་ཡུམ་མོན་པ་མོན་མོ་སྐུ་བཞེངས་ཤིག༔ ཡུམ་མཆོག་ཀོང་བཙུན་དེ་མོ་སྐུ་བཞེངས་ཤིག༔ སྤྲུལ་འཁོར་བྱེ་བ་འབུམ་བཅས་སྐུ་བཞེངས་ཤིག༔ མ་གཡེལ་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཛཿསྟེང་ཕྱོགས་ནམ་མཁའ་ཡངས་པའི་ཀློང་དཀྱིལ་ནས༔ དྲང་སྲོང་གཟའ་བདུད་ཆེན་པོ་སྐུ་བཞེངས་ཤིག༔ སྤྲུལ་པ་གཟའ་བརྒྱད་འཁོར་བཅས་སྐུ་བཞེངས་ཤིག༔ རྒྱུ་སྐར་ཉེར་བརྒྱད་ལྷ་སྲིན་དྲེགས་པའི་ཚོགས༔ བཞེངས་ཤིག་བསྟན་པ་སྲུང་བའི་དུས་ལ་བབ༔ ཙ༔ བཙན་རྒོད་ཤན་པ་ཆེན་པོ་སྐུ་བཞེངས་ཤིག༔ སྤྲུལ་འཁོར་བཀའ་སྡོད་ཡུམ་བཅས་སྐུ་བཞེངས་ཤིག༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ ཛ་ཛ་བྷྱོ༔ དམ་ཅན་བཀའ་ཡི་སྲུང་མ་མ་ལུས་པ༔ བཞེངས་ཤིག་དམ་ཚིག་ཐུགས་དམ་དུས་ལ་བབ༔ མ་གཡེལ་མ་གཡེལ་བཀའ་ཡི་སྲུང་མ་རྣམས༔ རེམ་ཅིག་བསྟན་པ་བསྲུང་བའི་དུས་ལ་བབ༔ ཛཿསྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཁྱེད་ཅག་དམ་ཚིག་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ འཁོར་ཚོགས་སྡུད་པའི་དུས་ལ་བབ༔ བསྟན་དགྲ་འདུལ་བའི་དུས་ལ་བབ༔ ཆད་དོན་གཉེར་བའི་དུས་ལ་བབ༔ ཛཿབཀའ་ཡི་བསྟན་སྲུང་ཁྱེད་རྣམས་ཀྱིས༔ འབོད་པའི་དུས་སུ་སྙན་མ་སྲ༔ བསྟེན་པའི་དུས་སུ་རྒྱང་མ་རིང་༔ གཡབ་པའི་དུས་སུ་སྤྱན་མ་རྟུལ༔ བསྐུལ་བའི་ལས་ལ་མཐུ་མ་ཆུང་༔ རྦད་པའི་ལས་ལ་རྩལ་མ་ཞན༔ མངགས་པའི་ལས་ལ་གཡེལ་མ་མཛད༔ གཉེར་བའི་ལས་ལ་བང་མ་བུལ༔ བཅོལ་བའི་ལས་ལ་དུས་མ་འགྱང་༔ དགྲ་བགེགས་ཤ་རི་ཁྲག་མཚོ་དང་༔ མཐུན་རྫས་དམར་གྱི་གཏོར་མ་བཞེས༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་དང་༔ དུས་གསུམ་རྒྱལ་བ་རྒྱ་མཚོ་དང་༔ གཟུ་དང་དཔང་དུ་དགོངས་སུ་གསོལ༔ བཀའ་ཡི་བསྟན་སྲུང་མཐུ་རྩལ་ཅན༔ གནོད་སྦྱིན་ཆེན་པོ་འཁོར་དང་བཅས༔ མ་ལུས་བདག་གི་ར་མདར་རྒྱུག༔ མ་འགྱངས་མྱུར་དུ་དམག་ལ་ཆོས༔ ཀུན་དགའ་གཞོན་ནུ་ཡབ་ཡུམ་དང་༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་རྣམས༔ མྱུར་བར་སྡང་བའི་དགྲ་ལ་རྒྱུག༔ མ་འགྱངས་མྱུར་དུ་དམག་ལ་ཆོས༔ བསྭོ༔ དམ་ཅན་རྡོ་རྗེ་ལེགས་པ་དང་༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས༔ མྱུར་དུ་བསྟན་དགྲའི་སྟེང་དུ་རྒྱུག༔ ཆོས་ཤིག་ད་ལྟ་དམག་ལ་ཆོས༔ ཛཿདྲང་སྲོང་གཟའ་བདུད་རཱ་ཧུ་ལ༔ ཡུམ་སྲས་སྡོང་ཟླ་སྤྲུལ་འཁོར་བཅས༔ ཆོ་ཆོ་སྡང་བའི་དགྲ་ལ་རྒྱུག༔ ད་ལྟ་མྱུར་དུ་དམག་ལ་ཆོས༔ བསྭོ༔ བཙན་རྒྱལ་ཤན་པ་ཀུ་འདེབས་དང་༔ ཡུམ་སྲས་སྤྲུལ་འཁོར་དྲེགས་པའི་སྡེ༔ མ་འགྱངས་དགྲ་བོའི་སྟེང་དུ་རྒྱུག༔ མ་གཡེལ་འཁོར་བཅས་དམག་ལ་ཆོས༔ བསྟན་སྲུང་གཉན་པོ་ཁྱེད་རྣམས་ཀྱིས༔ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ མྱུར་དུ་དཔུང་བསྐྱེད་དམག་ལ་ཆོས༔ ཅིའི་ཕྱིར་བདག་གིས་མི་བསྐུལ་རྒྱུ༔ བསྟན་པ་གཉན་ལ་དགྲ་དར་ནས༔ བསྟན་དགྲ་ཡན་པར་ཤོར་ར་རེ༔ དེ་ཕྱིར་བདག་གིས་མི་བཟོད་ཀྱིས༔ བསྐུལ་ལོ་དམ་ཚིག་གཉན་གྱིས་བསྐུལ༔ མཛོད་ཅིག་བསྟན་པའི་དགྲ་བོ་སྒྲོལ༔ རྣལ་འབྱོར་བདག་ལ་དགོངས་སོ་འཚལ༔ ཕྱོགས་བཞིའི་ནག་ཕྱོགས་ཁ་ཡང་དར༔ བདུད་པོ་དམ་སྲི་ཞེ་རེ་རྔམས༔ སྡིག་རྒྱལ་ནག་པོས་ཁྲིམས་ལོག་འཇུག༔ མཐའ་དམག་མཚོན་གྱི་བསྐལ་པ་ལང་༔ ཕྱི་ནང་འཁྲུགས་རྩོད་འཐབ་ར་འཆའ༔ རྡོ་རྗེ་རྒྱལ་པོ་དམངས་སུ་ཕབ༔ བསྟན་གནས་ཡུལ་དགོན་ཐམས་ཅད་བཤིག༔ སྐྱེ་འགྲོ་མི་ཡི་བདེ་བ་བཅོམ༔ མུ་སྟེགས་ལོག་ལྟས་ཆོས་ལ་རྒོལ༔ དེ་འདྲའི་བསྐལ་པ་ཤར་དུས་འདིར༔ བསྟན་སྲུང་གཉན་པོ་མེད་དམ་ཅི༔ མཐུ་རྩལ་རྫུ་འཕྲུལ་གང་ན་བཞུགས༔ ས་མ་ཡ་ཡི་དུས་ལ་བབ༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ མུ་སྟེགས་ལྟ་ལོག་ཀླ་ཀློའི་སྟེ༔ སྟོད་ཧོར་མཐའ་མི་རྒྱ་སོག་དང་༔ རྒྱ་མི་ཇིང་འདུར་མཐའ་ཧོར་སོགས༔ མཐའ་དམག་དུས་འཁྲུགས་ཤོམ་པའི་བདུད་དཔུང་གི༔ རྗེ་བློན་འབངས་འཁོར་བྲན་གཡོག་བཅས་པ་དང་༔ ཁྱད་པར་དམ་ཉམས་དགྲ་བོ་ཆེ་གེ་ཡི༔ ཚེ་སྲོག་ཁ་རྗེ་དབང་ཐང་ལས་མཐའ་བསྡུས༔ མགོ་བོ་ཆོད་ལ་དོན་སྙིང་དམར་པོ་ཕྱུང་༔ སྙིང་ཁྲག་ཧུབ་རོལ་སྲོག་རྩ་སྒལ་ནས་ཆོད༔ དབང་པོ་བསྣུབས་ལ་རྗེས་ཤུལ་མེད་པར་མཛོད༔ ནད་མཚོན་དུག་རིགས་ཐོག་གི་ཆར་པ་ཕོབ༔ གློ་བུར་ཧུར་ཐུམ་མཚོན་གྱི་ཆར་ཕོབ་ཅིག༔ འགྲོ་འོང་བསྣུབས་ལ་ཕ་འོང་ཁྲོ་ལྟར་ཐོངས༔ བསམ་དོན་གཉེར་ལ་འགུལ་བསྐྱོད་མི་དབང་བར༔ གསལ་བའི་མར་མེ་རླུང་གིས་བསད་ལྟར་སོད༔ དཔུང་ཚོགས་གྲངས་མང་ལམ་དུ་ཆས་བྱུང་ཡང་༔ ལོ་ཐོག་སེར་བས་བཅོམ་པ་བཞིན་དུ་ཐོངས༔ རི་ཐང་མེད་པར་དམག་གིས་ཁྱབ་གྱུར་ཀྱང་༔ བ་མོ་ཉི་མའི་ཟེར་གྱིས་འཇོམས་ལྟར་ཐོངས༔ བདུད་སྤྲུལ་སྨོན་ལོག་སྡིག་རྗེ་བློན་དང་བཅས༔ མ་ལུས་ལུས་པ་མེད་པར་དུས་མྱུར་དུ༔ ལོ་ཟླ་ཞག་གི་དུས་སུ་མ་འགྱངས་པར༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ བཀའ་དང་དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་བའི་ལས་དེ་མྱུར་དུ་འགྲུབ་པར་མཛོད༔ གཏོར་ཟོར་དགྲ་ཕྱོགས་སུ་བཏེགས་ལ༔ ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲཱི་ད་ཧཱུྃ་ཕཊ༔ མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་སི་ན་ར་མ་ཧཱུྃ་ཕཊ༔ བཛྲ་ས་དྷུ་ས་མ་ཡ༔ ཧ་ལ་ཀཱ་ལ་རཱ་ཧུ་ལ་ཧཱུྃ༔ ནཱ་ག་ཙནྟྲི་ཡཀྴ་ཧཱུྃ༔ སརྦ་དྷརྨ་པཱ་ལ༔ སརྦ་ཀྵེ་ཊ་པཱ་ལ༔ སརྦ་ལོ་ཀ་པཱ་ལ༔ སརྦ་ས་མ་ཡ་ཛ་ཛཿབསྭོ་བསྭོ༔ ཆོ་ཆོ༔ རྒྱུག་རྒྱུག༔ བྷྱོ་བྷྱོ༔ ཟློག་ཟློག༔ དགྲ་བོ་དམ་ཉམས་ཀྱི་སྟེང་དུ་དམག་སྣ་དྲོངས་ཤིག༔ རྒྱུག་ཅིག་དགྲ་བོའི་ཆེ་བརྒྱུད་ལ་བབ་ན་འབྲུ་དྲུག་སེར་བས་བཅོམ་པ་བཞིན་དུ་ཐོངས་ཤིག༔ དགྲ་བོའི་ཆུང་བརྒྱུད་ལ་བབ་ན་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་ཐོངས་ཤིག༔ དགྲ་བོའི་དཔུང་ཚོགས་ལ་བབ་ན་ཐལ་བ་རླུང་གིས་གཏོར་བ་བཞིན་དུ་ཐོངས་ཤིག༔ དགྲ་བོའི་ཡུལ་མཁར་ལ་བབ་ན་སྲན་ཕུང་ལ་བེར་ཀས་བརྒྱབ་པ་བཞིན་དུ་ཐོངས་ཤིག༔ བདག་ལ་མ་ཉེས་ཁ་ཡོག་དང་གླེང་འདེབས་པ༔ དྲང་པོར་སྨྲས་ཀྱང་རྫུན་དུ་གྱེར་བ༔ བདེ་བར་འདུག་ཀྱང་སྡུག་ཏུ་འཇུག་པ༔ ཆོས་ལྟར་བསྒྲུབ་ཀྱང་འཕྲོག་བཅོམ་བྱེད་པ༔ ཉེས་མེད་པ་ལ་ཆད་པས་གཅོད་པར་བྱེད་པའི་དགྲ་བོ་དམ་ཉམས་འདི་ལ་ཕོབ་ཅིག༔ རྒྱོབ་ཅིག༔ སོད་ཅིག༔ ཐུལ་ཞིག༔ དཀོན་མཆོག་གསུམ་གྱི་བདེན་པས་དྲང་སྲོང་རཱ་ཧུ་ལའི་བདེན་ཚིག་བཞིན་དུ་དགྲ་བོ་འདི་ལ་བདེན་པའི་མཐུ་དང་ནུས་པའི་སྟོབས་ཀྱིས༔ དམོད་བསྐུལ་མདོས་ཟོར་གྱི་དབལ་ཁ་ཕོབ་ཅིག༔ སོད་སོད༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ༔ ཛྭ་ལ་རཾ་རཾཿཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་ལོག་འདྲེན་མཐའ་དམག་དུས་འཁྲུགས་ཞིང་བཅུའི་བསྟན་དགྲ་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ ཅེས་བོར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཐའ་དམག་དུས་འཁྲུགས་མ་རུངས་ཁ་དར་དུས༔ རྦད་བསྐུལ་འདི་ལ་རབ་ཏུ་བརྩོན་པ་གཅེས༔ གལ་ཆེན་དགྲ་བོ་མ་གཏོགས་བསྐུལ་མི་རུང་༔ འདི་ཡིས་དགྲ་བགེགས་མཐའ་དམག་དུས་འཁྲུགས་རྣམས༔ ཐལ་བ་རླུང་གིས་གཏོར་བཞིན་བརླག་པར་འགྱུར༔ མ་འོངས་ང་ཡི་བརྒྱུད་འཛིན་སྡུག་པའི་དུས༔ ཤིན་ཏུ་བརྩེ་བའི་རྣོ་མཚོན་བཞག་པ་འདི༔ ཕྱི་རབས་སྐལ་ལྡན་རྣམས་ཀྱིས་གཅེས་པར་ཟུངས༔ སྔགས་པའི་ལས་ཀ་འདི་མིན་གཞན་མ་ཡིན༔ དམོད་བསྐུལ་འདི་ལ་ཚུལ་བཞིན་བརྩོན་པས་ན༔ སྟོང་གསུམ་ཡོ་ལོག་བྱུང་ཡང་འཇིགས་མི་འགྱུར༔ མི་བསླུ་ངེས་པ་པད་འབྱུང་བཀའ་ཡིན་གྱི༔ མཐའ་དམག་དུས་འཁྲུགས་རྒྱལ་པོའི་ཆད་པ་དང་༔ མ་ཉེས་ཁ་ཡོག་སྲོག་ལ་བབ་དུས་བརྩོན༔ ལན་ཅིག་བྱས་པས་བརླག་པའི་ཐེ་ཚོམ་མེད༔ འཇིགས་བྱེད་སྡེ་ལྔ་གྲོགས་སུ་བསྟེན་པར་མཛོད༔ ཕ་རོལ་འཇིག་རྟེན་དག་ལ་སྨོས་ཅི་དགོས༔ སྣང་སྲིད་ལྷ་སྲིན་ཡོངས་ཀྱི་སྲོག་སྙིང་འདུ༔ ས་མ་ཡ༔ བཀའ་འདི་མ་མོ་བཅུ་གཉིས་ཉེར་བརྒྱད་དང་༔ གནོད་སྦྱིན་དམར་ནག་ཀུན་དགའ་གཞོན་ནུ་སོགས༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་གཉེར༔ ལྟ་ལོག་ལོག་སྤྱོད་སྒྲོ་སྐུར་གླེང་མོ་མཁན༔ ས་སྟེང་འདི་རུ་བྱུང་ན་སྙིང་ཁྲག་ཕོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨ་ཐམ་རྒྱ༔ ཞེས་པ་འདི་ཡང་ཟབ་གསང་རྫོགས་པ་ཆེན་པོ་འོད་གསལ་སྒྱུ་མའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེའི་མིང་ནས་བཏོན་ཏེ་མི་ལོ་བདུན་ལ་བཀའ་རྒྱས་བཏབ་ནས་མཐར་སྨར་སྟོད་འབྲོས་ཕུག་ཅེས་བྱ་བ་རྡོ་རྗེ་མཁའ་འགྲོའི་གསང་ཕུག་ནས་དག་པར་ཕབ་པའི་ཡི་གེ་པ་ནི་སྔོན་སྨོན་ལས་ཀྱིས་འབྲེལ་བའི་རང་སློབ་ཕུན་ཚོགས་བཀྲ་ཤིས་ཞེས་བྱ་བས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ །།སརྦ་མངྒ་ལཾ།། །།