TTDL-ZABTER-05-CA-050: Difference between revisions

From Dudjom Wiki
TTDL-ZABTER-05-CA-050
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 5: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=rdo rje phur pa
|cycle=rig 'dzin snying gi yang thig
|cycletib=རིག་འཛིན་སྙིང་གི་ཡང་ཐིག་
|versonotes=bdud 'joms phur pa
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཅ
|volumenumber=05
|volumenumber=05
|volumeLetter=CA
|volumeLetter=CA
|textnuminvol=049
|textnuminvol=050
|pdflink=File:TTDL-ZABTER-05-CA-049.pdf
|pdflink=File:TTDL-ZABTER-05-CA-050.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-05-CA
|InitCategories=Dudjom Tersar Project; TTDL-ZABTER-Volume-05-CA
}}
}}

Revision as of 08:17, 8 August 2024

Wylie title TTDL-ZABTER-05-CA-050.pdf
Location bdud 'joms gling pa zab gter
Volume 5, Text 50, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms phur pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle རིག་འཛིན་སྙིང་གི་ཡང་ཐིག་ (rig 'dzin snying gi yang thig)
Deity rdo rje phur pa
[edit]
༠༠༠༠༠བརྡ་ཡིག༤༦༧བསྒྲུབ་པའི་དམིགས་རིམ་ནི༔ རང་ཉིད་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཐུགས་ལས་འོད་འཕྲོས་མདུན་བསྐྱེད་ཐུགས་རྒྱུད་བསྐུལ༔ མདུན་བསྐྱེད་ལྷ་ཚོགས་ཐུགས་ལས་འོད་འཕྲོས་པས༔ རྒྱལ་ཀུན་མཆོད་ཅིང་ཐུགས་རྗེའི་གཟི་བྱིན་བསྐུལ༔ སླར་ཡང་འོད་འཕྲོས་འགྲོ་བའི་སྒྲིབ་པ་སྦྱངས༔ སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་དུ༔ དག་པ་རབ་འབྱམས་བདེ་བ་ཆེན་པོའི་ངང་༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཛ་ཧཱུྃ་ཨ༔ དེ་ནས་ཀཱི་ལ་རིགས་ལྔའི་བསྙེན་དམིགས་ནི༔ ཨོཾ་བུདྡྷཱ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ བཛྲ་ཀཱི་ལི༴རཏྣ༴པདྨ༴ཀརྨ༴ཁྲོ་བཅུ་དང་སྒོ་མ་བཞི་སོགས་འཁོར་རྣམས་ཀྱི་ཛཔ྄་བཟླས་ཀྱི་དམིགས་པ་ནི༔ བདག་དང་མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་ཀྱི༔ ཐུགས་ལས་འོད་འཕྲོས་རྒྱལ་བ་སྲས་བཅས་ཀུན༔ ཁ་བ་བབ་ལྟར་སྐད་ཅིག་སྤྱན་དྲངས་ནས༔ བདག་མདུན་ལྷ་དང་དབྱེར་མེད་རོ་གཅིག་གྱུར༔ རྒྱལ་ཀུན་ཕྲིན་ལས་མངའ་བདག་དབང་ཐོབ་ཅིང་༔ སྤྲུལ་པས་གང་འདུལ་འགྲོ་བ་འདྲེན་པར་བསྒོམ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾབཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ སྒོ་མ་བཞི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷིནྡྷ་ཡ་བིང་བིང་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མ་ས་མནྟ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ དམ་ཅན་ཉེ་བར་བསྙེན་སྔགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཙི་ཏེ༔ མཱ་ར་ས་ན༔ པྲ་མརྡྷ་ནི་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དེ་ནས་ལས་སྦྱོར་དམིགས་རིམ་ནི༔ བདག་དང་མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་ཀྱི༔ སྐུ་ཡི་བ་སྤུའི་བུ་ག་ཐམས་ཅད་ནས༔ འོད་ཟེར་མེ་འོད་མཚོན་ཆའི་ཚྭ་ཚྭ་ནི༔ དྲག་ཅིང་ཚ་ལ་རྩུབ་པ་དཔག་མེད་འཕྲོས༔ གདུག་ཅིང་སྡང་བའི་སེམས་ལྡན་བདུད་བགེགས་རྣམས༔ ཐལ་བའི་རྡུལ་བརླག་བཀའ་ཉན་བྲན་ཁོལ་ཞིང་༔ དམ་ལོག་ཐམས་ཅད་དམར་ཉིལ་གཏུབ་པར་བསམ༔ ཨོཾ་བཛྲ་ཀཱི་ལ་ཀཱི་ལ་ཡ༔ མ་རཀྨོ་ཡཀྨོ༔ ཀ་ལ༴སྙིང་རྩ་ལ༴སྲོག་རྩ་ལ༴སྙིང་རྩ་ལ༴སྲོག་རྩ་ལ༴ཙིཏྟ་སྲོག༴སྙིང་ཁྲག༴ཐུཾ་རི༴སྙིང་རྩེག༴འུར་འུར༔ ཤིག་ཤིག༔ མགུལ་མགུལ༔ མྱོག་མྱོག༔ སོད་སོད༔ དྷ་ཏི༔ ར་ཡེ༔ མཱ་ར༴པྲ་མར་ཏ་ན་ཡེ༔ སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེ་འགྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ དེང་སང་སྐྱ་རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས༔ ལྷག་པའི་ལྷ་མཆོག་ཡར་ལ་བཞེངས༔ སྐུ་གསུང་ཐུགས་དང་ཕྲིན་ལས་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཐུགས་མཆོག་དཔལ་གྱི་བེའུ་ལས༔ ཡེ་ཤེས་རྒྱལ་པའི་ཉི་མ་ཤར༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གི༔ ལུས་ངག་ཡིད་ལ་སིདྡྷི་ཧོ༔ བཛྲ་ཀུ་མཱ་ར་ཀཱི་ལ་ཡ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ༴ཙིཏྟ༴སརྦ་སིདྡྷི་ཧོཿམ་ཏི་པྲ་མ་ཏི༔ ལྷ་ཚོགས་ཐམས་ཅད་ནམ་མཁའ་ལ་བཏེགས་ནས་བཞུགས་ཏེ༔ ཐུགས་རྗེའི་འོད་ཟེར་ཉི་མ་ཤར་བ་ལྟར་བདག་ཅག་དང་ཡོན་བདག་རྣམས་ལ་ཕོག་པས་བར་ཆད་ཐམས་ཅད་བསལ་ནས་དངོས་གྲུབ་ཀྱི་དབྱིག་ཆེན་པོ་ཐོབ་པར་བསྒོམ༔ ༄༅༔ རང་ཉིད་ལྷར་གསལ་སྐུ་ཡི་ཆ་རྣམས་དང་༔ བ་སྤུ་འོད་ལྔའི་ཀློང་དུ་རྒྱལ་ཀུན་གྱི༔ རབ་འབྱམས་དཀྱིལ་འཁོར་ཡོངས་རྫོགས་ངོ་བོར་གསལ༔ ཀུན་ཀྱང་སྔགས་སྒྲ་འུར་འུར་སྟོང་གསུམ་ཁེངས༔ ཕྱི་སྣོད་གཞལ་ཡས་ནང་བཅུད་སྐྱེ་འགྲོ་ལྷ༔ ཀུན་གྱི་འཛབ་དབྱངས་སྟོང་གསུམ་གཡོ་བར་བསྒོམ༔ ཆོས་ཉིད་རོལ་པའི་ངང་ནས་དྲག་སྔགས་སྒྲོགས༔ ཁྲོ་བོ་བཅུ་དང་སྒོ་བཞི་དམ་ཅན་ཉེ་བསྙེན་སྔགས་བཅས་རྫོགས་མཐར༔ ཉིན་གཉིས་པ་ལ་འོག་གི་བསྲུང་བ་རྡོ་རྗེའི་གོ་ཆའི་མཐར༔ རྩ་སྔགས་ཤམ་བུར༔ བདག་ཅག་འཁོར་དང་བཅས་པ་ལ་སྲུངས་ཤིག་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་ལྟར་ཉེར་གཅིག་བཟླས་མཐར་ལས་སྦྱོར་ལ་འཇུག་གོ༔