TTDL-ZABTER-16-MA-003: Difference between revisions

From Dudjom Wiki
TTDL-ZABTER-16-MA-003
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 16: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|cycle=dag snang ye shes drwa ba
|cycletib=དག་སྣང་ཡེ་ཤེས་དྲྭ་བ་
|versonotes=bdud 'joms zab gter
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=༡༦
|volyigtib=མ
|volumenumber=16
|volumenumber=16
|volumeLetter=MA
|volumeLetter=MA

Revision as of 09:50, 9 August 2024

Wylie title TTDL-ZABTER-16-MA-003.pdf
Location bdud 'joms gling pa zab gter
Volume 16, Text 3, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 16: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
༠༠༠༠༠བརྡ་ཡིག༡༡ལེགས་ལྡན་ཞྭ་ཡི་རྒྱང་གླུ་བཞུགས་སོ༔ ཆུ་ཕོ་སྤྲེའུའི་ལོ་ཧོར་ཟླ་གསུམ་པའི་ཚེས་བཅུ་དགུའི་ནུབ་མོ་མགོན་པོ་ལེགས་ལྡན་ཡིན་ཟེར་བའི་རྟ་ནག་རྟིང་དཀར་ཅན་ཞིག་གིས་འདི་སྐད༔ ཧོཿལྷ་ནི་ཀུན་ཏུ་བཟང་པོ་ཡིན༔ མི་ནི་ལེགས་ལྡན་ནག་པོ་ཡིན༔ རྟ་ནི་བདུད་རྟ་རྟིང་དཀར་ཡིན༔ གོས་ནི་རྒྱ་བེར་བརྗིད་ལྡན་ཡིན༔ མཚོན་ནི་ཙནྡན་བིང་ཆེན་ཡིན༔ རྒྱན་ནི་རིན་ཆེན་སྣ་ཚོགས་ཡིན༔ ཞྭ་ནི་གཙུག་ཏོར་ནོར་བུ་ཡིན༔ བཟོ་མཁན་ལྷ་ཆེན་ཚངས་པ་ཡིན༔ དབྱིབས་ནི་རིན་ཆེན་རི་བོ་ཡིན༔ ཏོག་ནི་རྒྱལ་བའི་གཙུག་ཏོར་ཡིན༔ ཆིངས་ནི་འཁོར་འདས་གཉིས་མེད་ཡིན༔ མཁའ་འགྲོ་འབུམ་གྱི་ལྕང་ལོའི་ཏོག༔ ཟར་བུ་མ་བཅོས་འདབས་ཚར་ཡིན༔ ལར་ནི་ཞྭ་འདིའི་མཚན་ཉིད་ལ༔ རྩེ་མོ་རབ་ཏུ་རྣོ་བ་ནི༔ ཆེ་བཙན་འགྲན་ཟླ་བྲལ་བའི་རྟགས༔ ནོར་བུའི་དབྱིབས་སུ་འདུག་པ་ནི༔ དགོས་འདོད་རེ་བ་སྐོང་བའི་རྟགས༔ ཁ་དོག་སྔོ་མདངས་ཆགས་པ་ནི༔ ཆོས་སྐུ་སྐྱེ་བ་མེད་པའི་རྟགས༔ དར་ཆིངས་ཁ་དོག་དམར་བ་ནི༔ ལོངས་སྐུ་འགགས་པ་མེད་པའི་རྟགས༔ ཕྲག་པ་ཡངས་ཤིང་རྒྱས་པ་ནི༔ གསང་སྔགས་བསྟན་པ་རྒྱས་པའི་རྟགས༔ སྐེད་ཞོལ་དྲང་ལ་སྨད་འཁྱུག་པ༔ མདོ་སྔགས་ཟུང་དུ་འབྲེལ་བའི་རྟགས༔ གཉེར་མ་དྲུག་ཅུ་རྩ་བཞི་ནི༔ འབུམ་ཕྲག་དྲུག་ཅུའི་ཐེག་བཅུད་རྟགས༔ གཉེར་རྩེ་ཆིངས་འོག་འདུད་པ་ནི༔ འུབ་ཆུབ་རོལ་པར་གཅིག་པའི་རྟགས༔ འདབ་འཁོར་རབ་ཏུ་རྒྱས་པ་ནི༔ ཆོས་འཁོར་ཡོངས་ལ་དབང་བའི་རྟགས༔ འདབས་ཞལ་འཐུག་ལ་ཟུར་མཛེས་པ༔ བསྟན་པ་མཐའ་ནས་རྒྱས་པའི་རྟགས༔ ནང་ཚར་སྣ་ལྔ་ཞོལ་བ་ནི༔ ཆོས་ཕུང་བརྒྱད་ཁྲིར་དབང་འབྱོར་རྟགས༔ ཁ་ཏོག་དཀར་ལ་གསལ་བ་ནི༔ སྤྲུལ་སྐུས་འགྲོ་དོན་མཐར་ཕྱིན་རྟགས༔ ཁྲ་དང་ཉི་མ་རྒྱལ་ཕུར་བུ༔ འཕྲད་ཚེ་ཞྭ་འདི་བཟོ་བའི་དུས༔ རྩེ་ནང་རྣམ་རྒྱལ་འཁོར་ལོ་བཞུགས༔ བསྟན་པའི་སྙིང་པོའི་རབ་གནས་བྱ༔ གྱོན་ན་ཕྱོགས་ལས་རྣམ་རྒྱལ་ཏེ༔ དོན་ཀུན་འགྲུབ་པར་གདོན་མི་ཟ༔ ང་འོང་དགའ་ལྡན་ཡུལ་ནས་འོང་༔ འགྲོ་ཡང་དགའ་ལྡན་གནས་སུ་འགྲོ༔ མི་ཡུལ་བདེ་སྐྱིད་བཀྲ་ཤིས་ཤོག༔ ཅེས་ཟེར་མི་སྣང་བར་ཡལ་ལོ༔ བདུད་འཇོམས་ཁྲོ་ལོད་རྩལ་གྱིས་སོ།།